ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁང་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱི་ཏང་ནན་པོས་སྐྱོང་བའི་འདོམས་ཚིག་བཅོ་བརྒྱད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕུགས་བསམ་དད་སེམས།

1.ཕུགས་བསམ་དད་སེམས་ནི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཐད་ཀྱི“འཚོ་བཅུད”ལྟ་བུ་རེད། ཕུགས་བསམ་དད་སེམས་མེད་པ་དང་ཕུགས་བསམ་དད་སེམས་བརྟན་པོ་མེད་ཚེ། སྙིང་སྟོབས་ཐད“འཚོ་བཅུད་མི་འདང་བ”དང“རུས་སྙིའི་ནད”ཕོག་སྲིད།

2.ཏང་ལ་ལྟོས་མེད་བློ་དཀར་སེམས་དཀར་བྱེད་པའི་འགག་རྩ་ནི“ལྟོས་མེད”ཅེས་པའི་ཡིག་འབྲུ་གཉིས་པོར་ཐུག་ཡོད། འདི་ནི་འབའ་ཞིག་དང་། དཔྱིས་ཕྱིན་པ། ཆ་རྐྱེན་མེད་པ། ལྷད་གཏན་ནས་མ་ཞུགས་པ། རྫུན་ལྷད་མེད་པ་བཅས་ཀྱི་བློ་དཀར་སེམས་དཀར་ཞིག་རེད།

3.རང་རེའི་ལས་བྱེད་པ་ཡར་རྒྱས་དང་། རང་རེའི་ཏང་ཡར་རྒྱས། རང་རེའི་རྒྱལ་ཁབ་ཡར་རྒྱས། རང་རེའི་མི་རིགས་ཡར་རྒྱས་བཅས་ཡོང་དགོས་ན། ངེས་པར་དུ་སློབ་སྦྱོང་ཧུར་ཐག་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། སློབ་སྦྱོང་ཡང་ནས་ཡང་དུ་བྱ་རྒྱུ་མཐའ་འཁྱོངས་དང་ལག་ལེན་ཡང་ནས་ཡང་དུ་བསྟར་རྒྱུ་མཐའ་འཁྱོངས་བྱེད་དགོས།

ལས་ཀའི་སྤྱོད་ཚུལ།

4.ལས་ཀའི་སྤྱོད་ཚུལ་ཐད་ཀྱི་གནད་དོན་ནི་དོན་ཆུང་ཞིག་གཏན་ནས་མིན་པས། གལ་སྲིད་སྲོལ་ངན་མཐའ་གཅིག་ཏུ་ཡོ་བསྲང་མ་བྱས་པར་རྒྱ་ཡན་དུ་བཏང་ཚེ། མཐོང་རྒྱུ་མེད་པའི་གྱང་ཞིག་གིས་རང་རེའི་ཏང་དང་མི་དམངས་མང་ཚོགས་ཀྱི་བར་ནས་བཅད་པ་ལྟར་རང་རེའི་ཏང་གི་རྨང་གཞི་དང་། ཁྲག་རྩ། སྟོབས་ཤུགས་བཅས་ཉམས་སྲིད།

5.ཏང་གི་ལས་བྱེད་པ་ཞིག་གི་ངོས་ནས། སྤྱི་སེམས་ལས་སྒེར་སེམས་མེད་པ་དང་། སྤྱི་སྒེར་གསལ་འབྱེད། སྤྱི་སྔོན་སྒེར་རྗེས། སྤྱི་ཆེད་སྒེར་བརྗེད་བཅས་བྱེད་དགོས། སྤྱི་ལ་བློ་གཅིག་སེམས་གཅིག་དང་བྱ་བ་མཐའ་དག་ལ་སྤྱི་སེམས་འཆང་ཚེ། གཞི་ནས་བློ་གཤོག་ཆེ་བའི་མི་ཞིག་དང་དབང་ཆ་ནན་པོས་སྤྱོད་ཐུབ་ལ། གཞི་ནས་ཁ་གསལ་གཏིང་གསལ་དང་ཟོལ་མེད་གཞུང་དྲང་ཡང་ཡོང་ཐུབ།

དཔོན་རིགས་ནན་པོས་སྐྱོང་བ།

6.ཏང་ནན་པོས་སྐྱོང་བའི་འགག་རྩ་ནི་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱ་རྒྱུ་འདི་ཡིན་པས། རིམ་ཁག་འགོ་ཁྲིད་ལས་བྱེད་པར་དོ་དམ་ནན་པོ་བྱེད་དགོས།

7.ངས་དུས་རྒྱུན་ནས་རྩམ་པ་འགམ་དུས་གླིང་བུ་དཀྲོལ་མི་ཐུབ་ཅེས་ཤོད་ཀྱི་ཡོད། དཔོན་པོ་བྱས་ན་ཕྱུག་པོ་ཆགས་དགོས་བསམ་རྒྱུ་མེད་ལ་ཕྱུག་པོ་ཆགས་དགོས་བསམས་ན་དཔོན་པོ་བྱ་རྒྱུ་མེད། དེ་ནི་དྲང་ཐིག་གཉིས་ཀྱི་ཐོག་སྐྱོད་པའི་རླངས་འཁོར་ལྟ་བུ་རེད།

8.འགོ་ཁྲིད་ལས་བྱེད་པ་ཚོས་བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ། ཇུས་འགོད་དྲང་པོ། ལས་ཀ་དྲང་པོ། མི་དྲང་པོ་བཅས་བྱེད་དགོས།

9.ཁ་གསལ་སྒྲིག་སྲོལ་བཟོ་བ་དང་བག་ཉལ་སྒྲིག་སྲོལ་མེད་པར་བཟོ་བར། ངེས་པར་དུ་ཏང་ནང་ཁུལ་དུ་སྲོལ་བཟང་དར་སྤེལ་གཏོང་བའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས། དར་སྲོལ་བཟང་པོ་མ་ཆགས་ན། དར་སྲོལ་ངན་པ་ལང་ལ་ཤོར་སྲིད།

ལྟ་སྐུལ་དོན་འཁྱོལ།

10.ཏང་ཡོན་གྱི་བྱ་སྤྱོད་ལ་ཏང་དང་མི་དམངས་ཀྱིས་ལྟ་སྐུལ་བྱེད་དགོས་ཀྱི་ཡོད། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་ཐོན་ཚེ། ལམ་ལུགས་བེད་མེད་དུ་མ་གྱུར་པར་ནུས་པ་ཐོན་ཐུབ།

11.ཁྲིམས་སྲོལ་དང་ལམ་ལུགས་ཡག་པོ་གལ་སྲིད་དོན་འཁྱོལ་མ་བྱས་ན། ཤོག་བུར་བྲིས་པ་དང་། གྱང་ལ་བཀལ་བ། ལག་དེབ་ཏུ་བྲིས་པ་ཙམ་ཡིན་པས།“གསོབ”དང“ཤོག་བུའི་སྟག”ལྟ་བུར་འགྱུར་ཏེ། དེས་ཐོན་དགོས་པའི་ནུས་པ་མི་ཐོན་ཁར། ད་དུང་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་གནོད་འཚེ་ཕོག་སྲིད།

སྲོལ་བཟང་རུལ་རྒོལ།

12.“སྟག་སྦྲང་མཉམ་རྡུང”ལ་མཐའ་འཁྱོངས་བྱེད་པར། འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས་ལ། མང་ཚོགས་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཐག་གཅོད་ཏན་ཏིག་བྱེད་དགོས།

13.བྱས་རྗེས་འདྲུད་ཤུལ་ཡོད་པའི་ངར་ཤུགས་ལ་བརྟེན་ནས་དམ་འཛིན་བྱས་ཏེ། མགོ་ཡོད་མཇུག་ཡོད་དང་བྱེད་མཁས་སྒྲུབ་མཁས་ཀྱིས་སྟག་མགོ་ལུག་མཇུག་བཀག་འགོག་བྱས་ཏེ་ཏང་ཡོངས་དང་མི་དམངས་ཡོངས་ལ་ལྟ་སྐུལ་བྱེད་དུ་འཇུག་པ་དང་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་དང་འགྱུར་ལྡོག་རྒྱུན་ཆད་མེད་པར་མཐོང་དུ་འཇུག་དགོས།

14.ལས་བྱེད་པ་མི་རེ་ངོ་རེར“འདྲེ་ལག་མ་རྐྱོངས། འདྲེ་ལག་བརྐྱངས་ན་ངེས་པར་གཟུང་བའི”གནས་ལུགས་བརྟན་པོར་ངེས་སུ་འཇུག་དགོས། འགོ་ཁྲིད་ལས་བྱེད་པས་གུས་སྐྲག་གི་བསམ་པ་འཆང་བ་ལས་སྟེས་དབང་གི་སེམས་པ་གཏན་ནས་འཆང་རྒྱུ་མེད།

ལམ་ལུགས་ཀྱི་འཆུན་འདོམས།

15.དབང་ཆ་སྤྱོད་པའི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་བརྒྱབ་ནས། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་བཅུག་སྟེ་རུལ་སུངས་བྱེད་མི་ཕོད་པའི་ཆད་གཅོད་ལམ་སྲོལ་དང་། རུལ་སུངས་བྱ་མི་རུང་བའི་འགོག་ཟོན་ལམ་སྲོལ། རུལ་སུངས་བྱེད་མི་སླ་བའི་འགན་ལེན་ལམ་སྲོལ་བཅས་ཆགས་པར་བྱེད་དགོས།

16.ལམ་ལུགས་ཀྱི་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་དང་སྒྲིག་ཁྲིམས་གློག་ཡོད་པའི“མཐོ་གནོན་གློག་སྐུད”ལྟ་བུར་འགྱུར་བར་བྱས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་བ་དང་། ཏང་ཡོན་དང་ལས་བྱེད་པའི་སེམས་ལ་སྐྲག་སྣང་ཡོད་པ་དང་། ངག་ལ་འཆུན་འདོམས་ཡོད་པ། བྱ་སྤྱོད་ལ་ཚད་བཀག་ཡོད་པ་བཅས་བྱེད་དགོས།

17.སྒྲིག་འགལ་ཁྲིམས་འགལ་དང་ཁྲིམས་སྲོལ་ལམ་ལུགས་རྡོག་རོལ་ཏུ་བཏང་ནས། “དམར་ཐིག”དང“མཐའ་ཚད”ལས་བརྒལ་བ་དང“ཉེན་ཁའི་ཁུལ”དུ་སྐྱོད་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་མཐའ་གཅིག་ཏུ་བྱེད་པ་ལས། དབང་ཆ་ཆེ་བར་བརྟེན་ནས་ལུགས་སྲོལ་ལས་འགལ་མི་རུང་ལ། གནད་དོན་ཆུང་བ་རེད་སྙམ་ནས་སྣང་མེད་དུ་འཇོག་མི་རུང་བ་དང་། སྒྲིག་སྲོལ་དང་ཁྲིམས་སྲོལ་ལས་འགལ་མཁན་རྒྱ་ཡན་དུ་གཏོང་མི་རུང་བ།“ཤེལ་སྒོ་ཆག་པའི་ལན་འབྲས”ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

18. ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་བུར་ནམ་ཡང་སྐྱོད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་འཁུར་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྲོག་ཤིང་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། དེའི་རྨང་གཞི་ནི་ཕྱོགས་ཡོངས་ཡིན་པ་དང་། འགག་རྩ་ནི་ནན་པོ་ཡིན་པ། གནད་འགག་ནི་བཅོས་སྐྱོང་ལ་ཐུག་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།