ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། ཁ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསྡོམས་པས་འཛིན་བཟུང་ཆོག་མཆན་འགོད་པར་ཞུས་པའི་ཉེས་དོན་ཉེས་བསགས་གྱོད་གཞི་སྣ་ཚོགས3224དང་མི4917ཐག་གཅོད་བྱེད་རྒྱུ་དང་དུ་བླངས་པ་དང་། གྱོད་གཞི2755དང་མི4051ལ་འཛིན་བཟུང་ཆོག་མཆན་བཀོད། ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་ཏེ་ཞུ་གཏུག་བྱས་པའི་གྱོད་གཞི5404དང་མི8047ཐག་གཅོད་བྱེད་རྒྱུ་དང་དུ་བླངས་པ་དང་། གྱོད་གཞི4177དང་མི6166ལ་ཞུ་གཏུག་བྱས། གཉིས་ནི་འགལ་བ་སྔོན་འགོག་དང་འདུམ་འགྲིག་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་རྒྱུན་འཁྱོངས་བྱས། གུ་ཡངས་དང་ནན་མོ་ཟུང་འབྲེལ་བྱེད་པའི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཚོགས་ལ་གནོད་འཚེ་གཏོང་རྒྱུ་མི་ཆེ་བའི་ཉེས་བསགས་ཆུང་ཙམ་ལ་དམིགས་ནས་མི793ལ་འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་མི461ལ་ཞུ་གཏུག་མ་བྱས་པས། སྤྱི་ཚོགས་འགལ་ཟླ་ནུས་ཡོད་ཀྱིས་ཇེ་ཉུང་དུ་བཏང་། བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་བཅོས་སྒྱུར་གཏིང་ཟབ་སྒོས་སྐུལ་སྤེལ་བཏང་བ་དང་། ཉེས་དོན་ཞུ་སྦྱོར་གྱོད་གཞི་གཞན་ཡུལ་དུ་ཐག་གཅོད་དང་ལྡོག་ཕྱོགས་ཞིབ་ལྟ་བྱེད་པའི་བྱ་བའི་རྐྱེན་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱས་པ། ཁྲིམས་རྩོད་པ་ཞིབ་དཔྱོད་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི་འདུམ་འགྲིག་དང་ལས་ཚབ་བྱེད་པའི་བྱ་བར་ཞུགས་པར་ཧུར་ཐག་གིས་སྐུལ་སྤེལ་བཏང་སྟེ། བསྡོམས་པས་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི1277དང་བཅའ་ཁྲིམས་གོ་རིམ་ནང་དུ་ཁྲིམས་ལྟར་འགོད་པའི་གྱོད་གཞི569ཐག་བཅད་པ་དང་། གོང་གཏུག་ཛ་དྲག་ཞུ་བ་དང་ཐུན་མོང་གིས་གོང་གཏུག་ཞུ་བ། རིམ་བརྒལ་གོང་གཏུག་ཞུ་བ་དེ་ལོ་སྔོན་མའི་དུས་མཉམ་ལས46%དང63%། 17%ཇེ་དམའ་རུ་སོང་།

ཞིང་ཆེན་ཞིབ་དཔྱོད་ཁང་ནས་གཞི་རིམ་ཞིབ་དཔྱོད་ཁང་སོ་སོའི་བར་རྒྱང་རིང་བརྙན་ཟློས་སྤྱད་དེ་ངོ་གཏུག་པར་སྣེ་ལེན་པའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཐོགས་མེད་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་ས་གནས་དེ་གར་རེ་འདོད་ཞུ་བར་སྟབས་བདེ་བཟོས། གསུམ་ནི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་དུ་སྐྲུན་པར་སྐུལ་འདེད་གཏོང་བར་དོ་སྣང་ཆེན་པོ་བྱས། 《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཐེར་འདོན་གོང་ཞུ་བྱེད་མཁན་སྲུང་སྐྱོབ་དང་བྱ་དགའ་གནང་བའི་སྐོར་གྱི་བྱེད་ཐབས》གཏན་འབེབས་བྱས་ཏེ། ཐེར་འདོན་གོང་ཞུའི་བྱས་རྗེས་འཇོག་མཁན48ལ་བྱ་དགའ་གནང་། ཁྲིམས་འཛིན་སྐྱོབ་རོགས་བྱ་བ་ཧུར་ཐག་གིས་སྤེལ་ཏེ། མི73ལ་སྐྱོབ་རོགས་མ་དངུལ་སྒོར་ཁྲི་ཚོ69ལྷག་བཏང་ཡོད། ལོ་ན་མ་སོན་པའི་མིའི་ཉེས་དོན་ཞིབ་དཔྱོད་བྱ་བར་ཤུགས་བསྣན་པ་དང་། ཞར་བྱུང་གི་ཆ་རྐྱེན་ལྟར་ཞུ་གཏུག་མི་བྱེད་པ་དང་། ཉེས་བསགས་ཟིན་ཐོ་བཀག་སྡོམ་ཉར་ཚགས་དང་སློབ་གསོ་བྱེད་རོགས་ཐབས་ཤེས་དངོས་འབེབས་བྱེད་པ་སོགས་སློབ་གསོ་དང་སེམས་འགུག སྐྱོབ་ཐབས་བྱེད་ཐབས་ཧུར་ཐག་གིས་བེད་སྤྱོད་བྱས་པ། ལོ་ན་མ་སོན་པའི་དོགས་ཡོད་ཉེས་ཅན་ལ་འཛིན་བཟུང་བྱེད་ཐབས་བེད་སྤྱོད་གཟབ་ནན་བྱས་ཏེ། མི79ལ་འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་བཅའ་ཁྲིམས་གཞིར་བཟུང་ནས་མི19ལ་ཞར་བྱུང་གི་ཆ་རྐྱེན་ལྟར་ཞུ་གཏུག་མི་བྱེད་པའི་གཏན་ཁེལ་བྱས།

གསུམ། ཆད་གཅོད་དང་སྔོན་འགོག་དུས་མཉམ་དུ་སྤེལ་ཏེ་རུལ་སུངས་ཆད་པ་གཅོད་པའི་ཟིལ་ཉམས་མུ་མཐུད་དུ་རྒྱུན་འཁྱོངས་བྱས།

ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བྱ་བའི་བཀོད་སྒྲིག་རྦད་ཆོད་ཀྱིས་ལག་བསྟར་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྐོག་ཟ་དང་ལྐོག་རྔན་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཆེད་དོན་སྙན་ཞུ་སྐོར་གྱི་གྲོས་ཞིབ་བསམ་འཆར་སྔར་ལས་ལྷག་པར་དངོས་འབེབས་བྱས་པ། རུལ་སུངས་བྱུང་ན་ངེས་པར་དུ་ངོ་རྒོལ་བྱེད་དགོས་པ་དང་གྱོད་གཞི་ཡོད་ན་ངེས་པར་དུ་ཞིབ་གཅོད་བྱེད་དགོས་པ་རྒྱུན་འཁྱོངས་བྱས་ཐོག "སྟག"དང"སྦྲང་མར"མཉམ་དུ་རྡུང་རྡེག་བཏང་སྟེ། གྱོད་གཞིར་ཞིབ་གཅོད་བྱེད་པའི་བྱ་བ་སྒྲུབ་ཤུགས་དངོས་གནས་ཇེ་ཆེར་བཏང་། བསྡོམས་པས་ལྐོག་ཟ་དང་ལྐོག་རྔན་སོགས་དོགས་ཡོད་ཉེས་བསགས་གྱོད་གཞི162དང་མི229ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་ལས8%དང9.1%འཕར་ཡོད། འགན་འཛོལ་ཤོར་བ་དང་དབང་ཆ་བརྩི་མེད་རྡོག་རོལ་བཏང་བའི་དོགས་ཡོད་ཉེས་བསགས་གྱོད་གཞི22དང་མི45ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་ལས9.8%འཕར་ཡོད།

གཅིག་ནི་གྱོད་གཞི་ཆེན་པོ་དང་གྱོད་གཞི་ཚབས་ཆེན་ལ་ནུས་ཤུགས་ཡོད་རྒུས་ཞིབ་གཅོད་བྱས། བསྡོམས་པས་ལྐོག་ཟ་དང་ལྐོག་རྔན་གྱོད་གཞི་ཆེན་པོ121ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་ལས22.2%འཕར་ཞིང་། གྱོད་གཞི་ཚབས་ཆེན་གྱི་མི17(ཐིན་རིམ་པའི་མི4དང་ཞིང་ཆེན་གཞོན་པ་རིམ་པའི་མི1)ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་ལས13.3%འཕར་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དམིགས་འཛུགས་བདག་སྐྱོང་བྱེད་ཁོངས་ལྟར། ཞིན་ཅང་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་གྱི་ཀྲུའུ་རིན་གཞོན་པ་ལི་ཀྲི་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་ཚབས་ཆེན་ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། མིག་སྔར་ཞིབ་བཤེར་དང་ཞུ་གཏུག་གི་གོ་རིམ་དུ་བསླེབས་ཡོད། ལྐོག་རྔན་སྤྲོད་པའི་ཉེས་བསགས་ལ་ཉེས་ཆད་གཅོད་པའི་ཆེད་དོན་བྱ་འགུལ་གཏིང་ཟབ་སྒོས་ཁྱབ་སྤེལ་བྱས་ཏེ། ལྐོག་རྔན་སྤྲོད་པའི་དོགས་ཡོད་ཉེས་བསགས་གྱོད་གཞི26དང་མི27ལ་ཁྲིམས་ལྟར་ཞིབ་གཅོད་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་ལས18.2%དང6.9%འཕར་ཡོད། "གནམ་རྒྱའི་འགུལ་སྐྱོད"ལ་ཧུར་ཐག་གིས་ཞུགས་པ་དང་། ཕྱིར་བྲོས་མི་སྣ9ལ་རྗེས་སུ་སྙེག་པའི་བྱ་བ་སྒྲུབ་པར་ལྟ་སྐུལ་བྱས་ཏེ། དུས་ཡུན་རིང་པོར་འབྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན2བཟུང་བ་དང་། དོགས་ཡོད་ཉེས་ཅན2ཀྱིས་རང་ཉེས་རང་ཞུ་བྱེད་པར་སྐུལ་འདེབས་བྱས། 

གཉིས་ནི་ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པར་ཟབ་སྤེལ་བྱས། ཞིང་ཆེན་ཏང་ཨུ་ལ《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི2014ལོ་འཁོར་ལས་གནས་ཐོག་གི་ཉེས་བསགས་ཆད་གཅོད་དང་སྔོན་འགོག་བྱེད་པའི་སྐོར་གྱི་དབྱེ་ཞིབ་སྙན་ཞུ》ཞུ་འབུལ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་པ་གཙོ་བོས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། བརྡ་ཁྱབ་ཀྱི་རྣམ་པ་ལྟར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་ཀྱིས་ལྟ་བར་དཔར་འགྲེམ་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཞིང་ཆེན་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡ་སློབ་གསོའི་ཚོགས་ཆེན་དང་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཚན་ཁག་ཀྲུའུ་རིན་གྱི་ཉེན་བརྡ་སློབ་གསོའི་ཚོགས་འདུ། 2014ལོ་འཁོར་ལས་གནས་ཐོག་གི་ཉེས་བསགས་ཆད་གཅོད་དང་སྔོན་འགོག་བྱེད་པའི་གནས་ཚུལ་བརྡ་ཁྱབ་དང་དབྱེ་ཞིབ་ཚོགས་འདུ་བཅས་ཚོགས་ཡོད།

མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་དོ་དམ་གསོ་སྦྱོང་འཛིན་གྲྭར་ཆེད་དོན་སྔོན་འགོག་སློབ་གསོ་བཏང་བ་དང་། གྱོད་གཞིར་ཞིབ་གཅོད་བྱེད་པར་བརྟེན་ནས་ཁྲིམས་དོན་འགྲེལ་བཤད་བྱས། སྐབས་བརྗེ་འདེམས་བསྐོ་བྱས་རྗེས་ཞིང་ཆེན་ཡོངས་ཀྱི་སྡེ་བའི(སྡེ་ཁུལ)"ཨུ་གཉིས"ཚན་ཁག་གི་ཁོངས་མིར་དམིགས་ནས་ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པའི་ཉེན་བརྡ་སློབ་གསོའི་བྱ་བ་རྩ་འཛུགས་དང་ཁྱབ་སྤེལ་བྱས་པ་དང་། གློག་བརྙན་ཕྲ་ཐུང་ཚན་པ600ལྷག་དང《ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་ལས་གནས་ཐོག་གི་ཉེས་བསགས་གྱོད་དཔེའི》དྲིལ་སྒྲོག་དཔྱད་གཞི་དེབ་ཁྲི་ཚོ3ལྷག་སྒྲིག་བཟོ་དང་འགྲེམ་གཏོང་བྱས་ཏེ། རོང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། "ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་དང་གཞུང་དྲང་སྤྱོད་གཙང་སྐུལ་འདེད་གཏོང་བ"བརྗོད་བྱ་གཙོ་བོ་ཡིན་པའི་ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་གཅིག་བསྡུས་ཀྱིས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་རེ་རེ་དང་དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་ལས་ཁུངས་སྐོར་ཞིག ཞིང་ཆེན་ལ་གཏོགས་པའི་ཁེ་ལས་ཆེ་བ་བཅས་སུ་ཁྱབ་པར་བྱས་ཏེ། བསྡོམས་པས་འགྲེལ་སྒྲོག་ཐེངས82དང་ཉེན་བརྡ་སློབ་གསོ་ཐེངས780སྤེལ་བ་དང་། མི་ཁྲི་ཚོ6.3ལ་སློབ་གསོ་ཐོབ་ཡོད། སྔོན་འགོག་སློབ་གསོ་དེ་སློབ་གྲྭ་ཆེན་མོ་དང་ཏང་གི་སློབ་གྲྭར་སྤེལ་བར་སྐུལ་སྤེལ་བཏང་བ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་འགྲིམ་འགྲུལ་ཐིན། སྡོད་ཁང་དང་མཁར་ཞང་འཛུགས་སྐྲུན་ཐིན། ཆུ་བེད་ཐིན་སོགས་སྡེ་ཚན་དང་མཉམ་དུ་ཡིག་ཆ་འགྲེལ་སྤེལ་བྱས་ཏེ། དངོས་རྫས་ཉོ་སྒྲུབ་དང་བཟོ་སྐྲུན་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ལྐོག་རྔན་སྤྲོད་པའི་ཉེས་བསགས་ཡིག་ཚགས་འདྲི་རྩད་བྱ་བ་སྤེལ་བར་གཏན་འབེབས་བྱས་པ་དང་། སྤྱི་ཚོགས་ལ་ལྐོག་རྔན་སྤྲོད་པའི་ཉེས་བསགས་ཡིག་ཚགས་འདྲི་རྩད་ཐེངས18000ལྷག་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།