ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སྙིང་བཏུས་ལྔ་བ།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ལས་བསྟན་དོན། ཡུན་རིང་བོད་སྐྲུན་ཞེས་པ་ནི་གཟབ་ནན་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ལས་དོན་མཐའ་དག་ཕུགས་ལ་དམིགས་པ་དང་བྱེད་ཐབས་མཐའ་དག་ལ་རྒྱུན་མཐུད་རང་བཞིན་ལྡན་དགོས་པ་དེ་རེད། མི་སེམས་གཅིག་འགྲིལ་ཞེས་པ་ནི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ནས་མི་སེམས་དང་སྟོབས་ཤུགས་དེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་འགྲིལ་བྱེད་དགོས་པ་དེ་རེད། རྨང་གཞི་བརྟན་གཏོང་ཞེས་པ་ནི་རྩ་ལག་མཉམ་བཅོས་དང་རྩ་བཅོས་གལ་ཆེར་འཛིན་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དེ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།