རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་ཧུར་ཐག་བརྟན་བརླིང་སྒོས་སྐུལ་སྤེལ་གཏོང་བའི་སྐོར་གྱི་བརྡ་སྦྱོར།(སྟོད་ཆ)

རྒྱལ་སྲིད་གཞུང་ལས་ཐིན〔2011〕ཡིག་ཨང9བ།

  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་མཁར་གྲོང་ཅན་དང་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་སྤེལ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱས་ཐོག ལག་ལེན་ཁྲོད་ཀྱི་འབུར་ཐོན་གནད་དོན་འབད་བརྩོན་གྱིས་ཐག་བཅད་དེ་ཕན་འབྲས་མངོན་གསལ་བླངས་ཡོད། ཉེ་ཆར་གྱི་དུས་སྐབས་སུ་ས་གནས་སོ་སོས་ཧུར་ཐག་གིས་འཚོལ་ཞིབ་བྱས་ལ། སྔ་ཕྱིར་ཞིང་སྡེའི་མི་གྲངས་མཁར་གྲོང་དུ་གཞིས་ཆགས་པའི་སྲིད་ཇུས་དང་བྱེད་ཐབས་ཀྱང་ལག་བསྟར་བྱས་པ་དང་། ཉམས་མྱོང་འགའ་བསགས་ཡོད་མོད། འོན་ཀྱང་མཐོང་ཆུང་བྱེད་མི་རུང་བའི་གནད་དོན་འགའ་བྱུང་ཡོད། ས་གནས་ལ་ལས་ས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དངོས་ལ་བསམ་བློ་མི་གཏོང་བར། ཕྱོགས་རེ་ཙམ་གྱིས་མཁར་གྲོང་གཞི་ཁྱོན་དང་མཁར་གྲོང་ཅན་ད་གཏོང་བའི་མྱུར་ཚད་བརྩོན་ལེན་བྱས་ཤིང་། ས་གནས་ལ་ལས་གྲོང་ཁྱེར་གྱི་སྣ་རིགས་མི་འབྱེད་པ་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་འདྲེན་བྱེད་ནུས་པར་བསམ་བློ་མི་གཏོང་བར། གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་ཁོ་ན་ཇེ་ལྷོད་དུ་བཏང་བ་དང་། ས་གནས་ལ་ལས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་རང་དགར་གྱིས་འགལ་ཏེ་མང་ཚོགས་རང་ཉིད་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་་བ་རེད། གལ་ཏེ་གནད་དོན་འདི་དག་ལ་གཙིགས་འཛིན་མ་བྱས་པ་དང་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་མ་བྱས་ན། ཁྲིམས་ལྟར་བདེ་བླག་གོ་རིམ་ལྡན་སྒོས་མཁར་གྲོང་ཅན་དུ་སྒྱུར་བ་དང་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་ཅུང་མགྱོགས་པོ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་བཅས་ལ་འགལ་རྐྱེན་ཚབས་ཆེན་བཟོ་སྲིད་ལ། ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་བདེ་བླག་ངང་སྐུལ་སྤེལ་གཏོང་བ་ལའང་ཐད་ཀར་འགལ་རྐྱེན་བཟོ་སྲིད། ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་ཧུར་ཐག་བརྟན་བརླིང་སྒོས་སྐུལ་སྤེལ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་འཐད་བྱུང་བ་བརྒྱུད་ནས། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

  གཅིག མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན།

(གཅིག) ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་པ་གསུམ"གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱས་ཐོག ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་བསྟར་དངོས་འབེབས་བྱེད་པ་དང་། མཁར་གྲོང་ཅན་གྱི་འཕེལ་རྒྱས་དགོས་མཁོ་དང་བསྟུན་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལྟར། ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་མུ་མཐུད་དུ་བློ་ཐག་རྦད་ཆོད་ཀྱིས་སྐུལ་སྤེལ་གཏོང་བ་དང་། གྲོང་ཁྱེར་འབྲིང་ཆུང་དང་མཁར་གྲོང་ཆུང་བར་གཞིས་ཆགས་པའི་ཆ་རྐྱེན་ཇེ་ལྷོད་དུ་གཏོང་བའི་སྲིད་ཇུས་དངོས་འབེབས་བྱེད་དགོས་པའི་ཆབས་ཅིག་ཏུ། མཁར་གྲོང་ཅན་གྱི་འཕེལ་རྒྱས་ཆོས་ཉིད་ལྟར་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན། མཁར་གྲོང་ཅན། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་མཁར་གྲོང་ཆུང་བ་མཐུན་སྦྱོར་ངང་གོང་དུ་སྤེལ་བར་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་སྤེལ་གཏོང་བ་དང་། ཞིང་ལས་མིན་པའི་ཐོན་ལས་དང་ཞིང་སྡེའི་མི་གྲངས་དེས་གྲོང་ཁྱེར་འབྲིང་ཆུང་དང་སྒྲིག་གཞིའི་གྲོང་བརྡལ་གྱི་ཕྱོགས་སུ་གོ་རིམ་ལྡན་སྒོས་སྤོ་བར་སྣེ་ཁྲིད་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཞིང་སྡེའི་མི་གཞིས་ཆགས་པའི་དགོས་མཁོ་རིམ་བཞིན་སྐོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་རིམ་བཞིན་མངོན་འགྱུར་བྱེད་དགོས།

(གཉིས) ངེས་པར་དུ་མི་གྲངས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་དམིགས་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཆུ་ཚད་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་འདྲེན་བྱེད་ནུས་པ་དང་ལྷག་པར་དུ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་འདོན་སྤྲོད་བྱེད་ནུས་ལ་བསམ་བློ་གང་ལེགས་གཏོང་དགོས། ངེས་པར་དུ་ཞིང་པའི་འདོད་བློར་བརྩི་འཇོག་དང་ཞིང་པའི་ཁྲིམས་མཐུན་ཁེ་དབང་དངོས་གནས་འགན་སྲུང་བྱེད་དགོས། ངེས་པར་དུ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་ཤུགས་ཡོད་རྒུས་འཐུས་ཚང་དུ་གཏོང་དགོས། ངེས་པར་དུ་རིགས་འབྱེད་མཛུབ་སྟོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཧུར་ཐག་བརྟན་བརླིང་དང་ཚད་ལྡན་གོ་རིམ་ལྡན་སྒོས་སྒྲུབ་དགོས།

  གཉིས། ཁྱིམ་ཐོ་གནས་སྤོ་སྲིད་ཇུས་རིགས་འབྱེད་གསལ་པོ་བྱེད་དགོས།

(གསུམ) རྫོང་རིམ་པའི་གྲོང་ཁྱེར་ནང་ཁོངས་དང་རྫོང་མི་དམངས་སྲིད་གཞུང་བཅའ་སྡོད་བྱེད་སའི་གྲོང་བརྡལ། སྒྲིག་གཞིའི་གྲོང་བརྡལ་གཞན་པ་བཅས་སུ་ཁྲིམས་མཐུན་གྱི་ལས་རིགས་བརྟན་པོ་ཡོད་ལ་ཁྲིམས་མཐུན་གྱི་སྡོད་ཁང་བརྟན་པོའང(བོགས་མར་གཏོང་ལེན་འདུས་ཡོད)ཡོད་པའི་མི་སྣ་རྣམས་ལ། རང་ཉིད་དང་མཉམ་དུ་སྡོད་པ་དང་འཚོ་བའི་བཟའ་ཟླ། གཉེན་མ་བསྒྲིགས་པའི་བུ་བུ་མོ། ཕ་མ་བཅས་ཀྱིས་ས་གནས་དེ་གར་རྒྱུན་སྡོད་ཁྱིམ་ཐོ་འགོད་པའི་རེ་འདུན་ཞུ་ཆོག མཁར་གྲོང་ཕྱོགས་བསྡུས་འདྲེན་བྱེད་གནོན་ཤུགས་ཆེ་བའི་ས་གནས་ཀྱིས་ཁྲིམས་མཐུན་གྱི་ལས་རིགས་བརྟན་པོའི་ཁྱབ་ཁོངས་དང་ལོ་ཚད། ཁྲིམས་མཐུན་གྱི་སྡོད་ཁང་བརྟན་པོའི(བོགས་མར་གཏོང་ལེན་འདུས་ཡོད)ཁྱབ་ཁོངས་དང་ཆ་རྐྱེན་སོགས་ལ་དམིགས་ཏེ་གཏན་ཕབ་ཞིབ་ཕྲ་བྱེད་པའི་ཆབས་ཅིག་ཏུ། ཧུར་ཐག་གིས་ནུས་ཡོད་ཀྱི་བྱེད་ཐབས་སྤྱད་དེ་ཡུན་རིང་པོར་ས་གནས་དེ་གར་ཞོར་ལས་གཉེར་བ་དང་ཚོང་གཉེར་བའི་མི་སྣ་མཁར་བརྡལ་དུ་གཞིས་ཆགས་པའི་གནད་དོན་ཐག་གཅོད་དགོས།

(བཞི) ཆུའུ་བཙུགས་པའི་གྲོང་ཁྱེར(ཐད་སྐྱོང་གྲོང་ཁྱེར་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། གྲོང་ཁྱེར་ཆེན་མོ་གཞན་པ་འདུས་མེད)དུ་ཁྲིམས་མཐུན་གྱི་ལས་རིགས་བརྟན་པོ་ལོ་གསུམ་ལོན་པ་དང་ཁྲིམས་མཐུན་གྱི་སྡོད་ཁང་བརྟན་པོ(བོགས་མར་གཏོང་ལེན་འདུས་ཡོད)ཡོད་པའི་ཆབས་ཅིག་ཏུ། རྒྱལ་ཁབ་ཀྱི་གཏན་ཕབ་ལྟར་སྤྱི་ཚོགས་ཉེན་འགོག་ལ་ཞུགས་ནས་ལོ་ཚད་ངེས་ཅན་ཞིག་ཏུ་བསླེབས་པའི་མི་སྣ་རྣམས་ལ། རང་ཉིད་དང་མཉམ་དུ་སྡོད་པ་དང་འཚོ་བའི་བཟའ་ཟླ། གཉེན་མ་བསྒྲིགས་པའི་བུ་བུ་མོ། ཕ་མ་བཅས་ཀྱིས་ས་གནས་དེ་གར་རྒྱུན་སྡོད་ཁྱིམ་ཐོ་འགོད་པའི་རེ་འདུན་ཞུ་ཆོག དབུས་ནུབ་རྒྱུད་ས་ཁུལ་གྱིས་ས་གནས་དེ་གའི་དོན་དངོས་གཞིར་བཟུང་སྟེ་ལས་རིགས་དང་ལོ་ཚད་ཀྱི་བླང་བྱ་འོས་འཚམ་གྱིས་ལྷོད་དུ་གཏོང་ཆོག གྲོང་ཁྱེར་ཕྱོགས་བསྡུས་འདྲེན་བྱེད་གནོན་ཤུགས་ཆེ་བའི་ས་གནས་ཀྱིས་ཁྲིམས་མཐུན་གྱི་ལས་རིགས་བརྟན་པོའི་ཁྱབ་ཁོངས་དང་ལོ་ཚད། ཁྲིམས་མཐུན་གྱི་སྡོད་ཁང་བརྟན་པོའི(བོགས་མར་གཏོང་ལེན་འདུས་ཡོད)ཁྱབ་ཁོངས་དང་ཆ་རྐྱེན་སོགས་སྔར་ལས་ནན་མོའི་གཏན་ཕབ་བྱེད་པའི་ཆབས་ཅིག་ཏུ། ཧུར་ཐག་གིས་ནུས་ཡོད་ཀྱི་བྱེད་ཐབས་སྤྱད་དེ་ཡུན་རིང་པོར་ས་གནས་དེ་གར་ཞོར་ལས་གཉེར་བ་དང་ཚོང་གཉེར་བའི་མི་སྣ་གྲོང་ཁྱེར་དུ་གཞིས་ཆགས་པའི་གནད་དོན་ཐག་གཅོད་དགོས། སྤྱི་ཚོགས་ཉེན་འགོག་ལ་ཞུགས་པའི་ལོ་ཚད་ཞིབ་ཕྲ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱེད་པ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱས་ཏེ་ཆོག་མཆན་འགོད་དགོས།

(ལྔ) ཐད་སྐྱོང་གྲོང་ཁྱེར་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། གྲོང་ཁྱེར་ཆེན་མོ་གཞན་བཅས་ཀྱི་མི་གྲངས་གཞི་ཁྱོན་མུ་མཐུད་དུ་ལུགས་མཐུན་གྱིས་ཚོད་འཛིན་བྱེད་པ་དང་། ད་ལྟ་ལག་ལེན་བྱེད་པའི་གྲོང་ཁྱེར་དུ་གཞིས་ཆགས་པའི་སྲིད་ཇུས་སྔར་ལས་ལྷག་པར་འཐུས་ཚང་དང་དངོས་འབེབས་བཟང་པོ་བྱེད་དགོས།

  གསུམ། ཞིང་པའི་ས་ཞིང་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས།

(དྲུག) ཞིང་པའི་ཁང་ས་བེད་སྤྱོད་དབང་ཆ་དང་ས་ཞིང་འགན་གཙང་ལེན་བདག་གཉེར་བྱེད་དབང་དེར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་དགོས། ད་ལྟའི་དུས་རིམ་དུ་གླ་རྒྱག་ཞིང་པ་མཁར་གྲོང་དུ་གཞིས་ཆགས་ན། ཁང་ས་དང་འགན་གཙང་ལེན་བྱས་པའི་རྨོ་ཞིང་དང་ནགས་ས། རྩྭ་ས་བཅས་འདོར་ཐུབ་མིན་ལ་གཞིགས་ཏེ་ངེས་པར་དུ་ཞིང་པ་རང་ཉིད་ཀྱི་འདོད་བློར་བརྩི་འཇོག་བྱེད་དགོས་པ་ལས། བཙན་ཤེད་ཀྱིས་ཕྱིར་འཐེན་དང་ཡང་ན་ཐབས་ཚུལ་བསྒྱུར་ཏེ་བཙན་ཤེད་ཀྱིས་ཕྱིར་འཐེན་བྱེད་མི་རུང་། ཞིང་པ་གྲོང་ཁྱེར་དུ་སོང་ནས་གཞིས་ཆགས་པའི་སྐབས་སུ་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བརྩི་སྲུང་བྱེད་དགོས་པར་སྣེ་ཁྲིད་པ་དང་། ཞིང་པའི་དེང་སྐབས་ཁེ་ཕན་དང་ཡུན་རིང་གི་འཚོ་ཐབས་ལ་བསམ་བློ་གང་ལེགས་གཏོང་བ་མ་གཏོགས། དོན་དངོས་དང་འབྲལ་མི་རུང་ལ་བཙན་ཤེད་ཀྱིས་བཀའ་ཡང་འབབ་མི་རུང་།

(བདུན) ས་ཞིང་སྤྱོད་ཡུལ་དོ་དམ་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་ཁག་བཞག་ནས་ས་ཞིང་བེད་སྤྱོད་ཀྱི་སྤྱི་ཡོངས་འཆར་འགོད་དང་ས་ཞིང་ཁོད་སྙོམས་ཀྱི་འཆར་འགོད། ས་ཞིང་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞི་བཅས་ལས་བརྒལ་མི་རུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་སྤྱོད་སའི་ཐད་འབྲེལ་མཐུད་ཚོད་ལྟ་བྱེད་ས་འཕར་འཕྲི་བྱེད་པར་ཚད་ལྡན་ནན་མོ་གཏོང་བ་དང་། མཁར་གྲོང་འཛུགས་སྐྲུན་སྤྱོད་སའི་གཞི་ཁྱོན་རང་དགར་གྱིས་རྒྱ་བསྐྱེད་དེ་ཞིང་པའི་ཁེ་དབང་ལ་གནོད་སྐྱེལ་བར་དངོས་གནས་གཡོལ་ཐབས་བྱེད་དགོས།

(བརྒྱད) ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་ཁག་འཇོག་པའམ་རང་དགར་གྱིས"སྡེ་དམངས་གཞི་པར་སྒྱུར་བ"སོགས་རྣམ་པ་བརྒྱུད་པ་དང་ཁྲིམས་བཀོད་བསྡུ་ལེན་གོ་རིམ་མ་བརྒྱུད་པར་ཞིང་པ་ཐུན་མོང་ལ་དབང་བའི་ས་ཞིང་དེ་རྒྱལ་དབང་ས་ཞིང་དུ་སྒྱུར་བར་གཏན་འགོག་བྱེད་པ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཐུན་མོང་གི་ས་ཞིང་ཁྲིམས་འགལ་ནང་བཤུག་དང་བོགས་མར་བཏང་སྟེ་ཞིང་ལས་མིན་པའི་འཛུགས་སྐྲུན་ཐད་སྤྱོད་པར་གཏན་འགོག་བྱེད་པ། མཁར་གྲོང་གི་གཞི་པས་ཞིང་སྡེ་ནས་ཁང་ས་ཉོ་བར་གཏན་འགོག་བྱེད་པའི་སྲིད་ཇུས་ལག་བསྟར་ནན་མོ་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།