མཚོ་སྔོན་སྲིད་དོན 2014ལོར་ཟླ7པའི་སྲིད་ཇུས་ཆ་འཕྲིན་ཁྱབ་སྒྲོག

སྲིད་ཇུས་ཆ་འཕྲིན་ཁྱབ་སྒྲོག་མཚོ་སྔོན་སྲིད་དོན 2014·༧

༄༅།།སྣུམ་གྲུབ་མའི་སྲིད་འཛིན་ཆོག་འཐུས་སྐོར་གྱི་དྲི་བ་དྲིས་ལན།

ཞིང་ཆེན་ཚོང་དོན་ཐིན།གཅིགསྣུམ་གྲུབ་མ་ཚོང་གཉེར་ཆོག་འཐུས་ཀྱི་གཞི་འཛིན་སའི་བཅའ་ཁྲིམས་དང་ལྟ་སྐུལ་དོ་དམ་གྱི་གཏན་ཕབ་ཅི་ཞིག་ཡིན་ནམ།ལན།《དངོས་གནས་སོར་འཇོག་བྱ་དགོས་པའི་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཆོག་འཐུས་གནང་པའི་སྐོར་གྱི་ཆོད་དོན》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང412པ)དང་། 《སྣུམ་གྲུབ་མའི་ཚོང་རར་དོ་དམ་བྱེད་ཐབས》(ཚོང་དོན་པུའུ་ཡི་2006ལོའི་བཀའ་ཁྱབཨང23པ། གཤམ་དུ་བསྡུས་མིང་ལ《བྱེད་ཐབས》ཟེར་རྒྱུ།)གཞིར་བཟུང་སྟེ། སྣུམ་གྲུབ་མ་ཚོང་གཉེར་བྱེད་པར་རྒྱལ་ཁབ་ཀྱིས་ཆོག་འཐུས་གནང་པའི་ལམ་ལུགས་ལག་བསྟར་བྱ་བ་དང་། ཞིང་ཆེན་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་རང་མངའ་ཁོངས་ནང་གི་སྣུམ་སྣོན་ས་ཚིགས་དང་གསོག་ཉར་ལས་རིགས་གོང་སྤེལ་འཆར་གཞི་འགོད་པ་དང་ལྟ་སྐུལ་དོ་དམ་གྱི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་སྣུམ་གྲུབ་མ་འཁོར་རྒྱུག་བྱེད་པར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་དང་། སྣུམ་གྲུབ་མའི་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཐད་ཤུགས་བསྣན་པ། སྣུམ་གྲུབ་མའི་དྲ་རྒྱའི་ཆགས་སྟངས་ལེགས་སྒྱུར་བྱ་ཆེད། 《མཚོ་སྔོན་ཞིང་ཆེན་གྱི་སྣུམ་གྲུབ་མ་འགྲེམ་འཚོང་མ་ལག་གི"ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"སྐབས་ཀྱི་གོང་སྤེལ་འཆར་གཞི》(གཤམ་དུ་བསྡུས་མིང་ལ《འཆར་གཞི》ཟེར་རྒྱུ།)དང《སྣུམ་སྣོན་ས་ཚིགས་ཀྱི་དོ་དམ་ཚད་ལྡན་གཏོང་བའི་འབྲེལ་ཡོད་བྱ་བའི་སྐོར་གྱི་བརྡ་སྦྱོར》(མཚོ་ཚོང་འདྲེན2012ཡིག་ཨང434བ)། 《མཚོ་སྔོན་ཞིང་ཆེན་གྱི་སྣུམ་གྲུབ་མ་འགྲེམ་འཚོང་མ་ལག་གི"ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"སྐབས་ཀྱི་སིལ་འཚོང་དྲ་གནས་དུས་སྐེད་དུ་ལེགས་སྒྲིག་གི་འཆར་ཟིན་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(མཚོ་ཚོང་འདྲེན2013ཡིག་ཨང240བ)བཅས་གཏན་འབེབ་བྱས་ཡོད། 《བྱེད་ཐབས》དང《འཆར་འགོད》ཀྱི་བླང་བྱ་ལྟར་སྣུམ་སྣོན་ས་ཚིགས་གསར་སྐྲུན་ནམ་གནས་གཞན་དུ་སྤོར་ན་ཆགས་སྟངས་ལུགས་མཐུན་ཡིན་ཞིང《འཆར་འགོད》དང་མཐུན་དགོས། སྣུམ་སྣོན་ས་ཚིགས་བདག་གཉེར་བྱེད་མཁན་སྡེ་ཚན་དང་མི་སྒེར་གྱིས《སྣུམ་སྣོན་ས་ཚིགས་བདག་གཉེར་ཆོག་མཆན་དཔང་ཡིག》སོགས་འབྲེལ་ཡོད་ཐོབ་ཐང་ཡི་གེ་བླངས་རྗེས་ད་གཟོད་ཕྱི་ལ་ཁ་ཕྱོགས་ནས་ཚོང་གཉེར་ཆོག་གཉིས།སྣུམ་གྲུབ་མའི་ཚོང་གཉེར་བར་ཆོག་མཆན་འགོད་པའི་གོ་རིམ་གང་དག་ཡོད།

ལན།(1)སྣུམ་གྲུབ་མ་སིལ་འཚོང་བདག་གཉེར་ཐོབ་ཐང་རེ་འདུན་ཞུ་བ། ཁེ་ལས་ཀྱིས་རང་གནས་སའི་ཁུལ་ལམ་གྲོང་ཁྱེར་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་ལ་རེ་འདུན་ཞུ་བ་དང་། ཁུལ་ལམ་གྲོང་ཁྱེར་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས། ཐོག་མའི་ཞིབ་བཤེར་བསམ་འཆར་དང་རེ་ཞུའི་ཡི་གེ་སོགས་ཞིང་ཆེན་ཚོང་དོན་ཐིན་ལ་འབུལ་བ་དང་། ཞིང་ཆེན་ཚོང་དོན་ཐིན་གྱིས་ཐོག་མའི་ཞིབ་བཤེར་བྱས་རྗེས་ཚོང་དོན་པུའུ་ལ་ཕུལ་ནས་ཞིབ་བཤེར་བྱ་དགོས།

(2)སྣུམ་གྲུབ་མ་སྡེབ་འཚོང་དང་གསོག་ཉར་བྱེད་སྒོ་གཉེར་པའི་ཐོབ་ཐང་རེ་འདུན་ཞུ་བ། ཁེ་ལས་ཀྱིས་ཞིང་ཆེན་ཚོང་དོན་ཐིན་ལ་རེ་འདུན་ཞུ་བ་དང་། ཞིང་ཆེན་ཚོང་དོན་ཐིན་གྱིས་ཐོག་མའི་ཞིབ་བཤེར་བྱས་རྗེས་ཚོང་དོན་པུའུ་ལ་ཕུལ་ནས་ཞིབ་བཤེར་བྱ་དགོས།གསུམ།སྣུམ་གྲུབ་མ་སིལ་འཚོང་བདག་གཉེར་ཐོབ་ཐང་རེ་འདུན་ཞུ་བའི་ཁེ་ལས་ལ་ཆ་རྐྱེན་གང་དག་འཛོམས་དགོས།ལན།(1)མཚོ་སྔོན་ཞིང་ཆེན་གྱི་སྣུམ་གྲུབ་མ་འགྲེམ་འཚོང་མ་ལག་གི"ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"སྐབས་ཀྱི་གོང་སྤེལ་འཆར་གཞི་དང་འབྲེལ་ཡོད་ལག་རྩལ་ཚད་གཞིའི་བླང་བྱ་དང་མཐུན་པ།(2)བརྟན་འཇགས་ཁྲིམས་མཐུན་གྱི་སྣུམ་གྲུབ་མ་མཁོ་སྤྲོད་ཐབས་ལམ་ཡོད་པ་དང་། སྣུམ་གྲུབ་མ་སྡེབ་འཚོང་བདག་གཉེར་ཐོབ་ཐང་ལྡན་པའི་ཁེ་ལས་བར་དུ་ལོ3ཡན་གྱི་རང་གི་བདག་གཉེར་གཞི་ཁྱོན་དང་མཐུན་པའི་སྣུམ་གྲུབ་མ་མཁོ་སྤྲོད་ཆིངས་ཡིག་འགོད་པ།

(3)སྣུམ་སྣོན་ས་ཚིགས་ཀྱི་ཇུས་འགོད་དང་ཨར་ལས་སྐྲུན་ཚུལ་དེ་རྒྱལ་ཁབ་ཀྱི་དེར་མཐུན་གྱི་ཚད་གཞི་དང་མཐུན་པ་མ་ཟད། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་དང་འཆར་གཞི་འཛུགས་སྐྲུན། བདེ་འཇགས་ལྟ་སྐུལ་དོ་དམ། སྤྱི་བདེ་མེ་འགོག ཁོར་ཡུག་སྲུང་སྐྱོང་། གནམ་གཤིས་བརྟག་དཔྱད། སྤུས་ཚད་ཞིབ་བཤེར་སོགས་སྡེ་ཁག་གི་ཞིབ་བཤེར་རྩིས་ལེན་འཐོབ་དགོས།

(4)སྣུམ་གྲུབ་མ་ཞིབ་བཤེར་དང་ཚད་འཇལ། གསོག་འདྲེན། མེ་འགོག བདེ་འཇགས་ཐོན་སྐྱེད་སོགས་ཕྱོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཡོད་པ་བཅས་སོ།བཞི།སྣུམ་གྲུབ་མ་སྡེབ་འཚོང་ཐོབ་ཐང་རེ་འདུན་ཞུ་མཁན་ཁེ་ལས་ལ་ཆ་རྐྱེན་གང་དག་འཛོམས་དགོས།

ལན།(1)ཡུན་རིང་བརྟན་འཇགས་ཀྱི་སྣུམ་གྲུབ་མ་མཁོ་སྤྲོད་ཐབས་ལམ་ཡོད་པ།

(2)རེ་འདུན་ཞུ་མཁན་ལ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་པ་མ་ཟད། ཐོ་འགོད་བྱས་པའི་མ་དངུལ་དམངས་སྒོར་ཁྲི་ཚོ3000ལས་མི་ཉུང་བ་ཡོད་པ།

(3)རེ་འདུན་ཞུ་མཁན་ནི་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མིའི་ཡན་ལག་ལས་ཁུངས་ཡིན་པ་དང་། དེའི་ཁྲིམས་མི་ལ་སྣུམ་གྲུབ་མ་སྡེབ་འཚོང་བདག་གཉེར་གྱི་ཐོབ་ཐང་ལྡན་པ།

(4)ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ10000ལས་མི་ཆུང་བའི་སྣུམ་གྲུབ་མ་འཇུག་མཛོད་ཡོད་ཅིང་། སྣུམ་མཛོད་འཛུགས་སྐྲུན་བྱས་པ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་སྣུམ་མཛོད་ཆགས་སྟངས་འཆར་གཞི། སྤྱི་བདེ་མེ་གསོད། ཁོར་ཡུག་སྲུང་སྐྱོང་། འཆར་འགོད་འཛུགས་སྐྲུན་སོགས་སྡེ་ཁག་གི་བླང་བྱ་དང་མཐུན་པ།

(5)སྣུམ་གྲུབ་མ་དབོག་པའི་འདྲེན་སྦུག་གམ་ཆེད་སྤྱོད་ལྕགས་ལམ། གཞུང་ལམ་སྟེང་སྐྱེལ་འདྲེན་གྱི་རླངས་འཁོར་སོགས་སྒྲིག་བཀོད་ཡོད་པ་བཅས་སོ།ལྔ།སྣུམ་གྲུབ་མ་གསོག་ཉར་བདག་གཉེར་ཐོབ་ཐང་རེ་འདུན་ཞུ་མཁན་ཁེ་ལས་ལ་ཆ་རྐྱེན་གང་དག་འཛོམས་དགོས།

ལན།(1)ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ10000ལས་མི་ཆུང་བའི་སྣུམ་གྲུབ་མ་འཇུག་མཛོད་ཡོད་ཅིང་། སྣུམ་མཛོད་འཛུགས་སྐྲུན་བྱས་པ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་སྣུམ་མཛོད་ཆགས་སྟངས་འཆར་གཞི། སྤྱི་བདེ་མེ་གསོད། ཁོར་ཡུག་སྲུང་སྐྱོང་། འཆར་འགོད་འཛུགས་སྐྲུན་སོགས་སྡེ་ཁག་གི་བླང་བྱ་དང་མཐུན་པ།

(2)རེ་འདུན་ཞུ་མཁན་ལ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་པ་མ་ཟད། ཐོ་འགོད་བྱས་པའི་མ་དངུལ་དམངས་སྒོར་ཁྲི་ཚོ1000ལས་མི་ཉུང་བ་ཡོད་པ།

(3)རེ་འདུན་ཞུ་མཁན་ནི་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མིའི་ཡན་ལག་ལས་ཁུངས་ཡིན་པ་དང་། དེའི་ཁྲིམས་མི་ལ་སྣུམ་གྲུབ་མ་གསོག་ཉར་བདག་གཉེར་གྱི་ཐོབ་ཐང་ལྡན་པ།

(4)སྣུམ་གྲུབ་མ་དབོག་པའི་འདྲེན་སྦུག་གམ་ཆེད་སྤྱོད་ལྕགས་ལམ། གཞུང་ལམ་སྟེང་སྐྱེལ་འདྲེན་གྱི་རླངས་འཁོར་སོགས་སྒྲིག་བཀོད་ཡོད་པ།

(5)བདེ་འཇགས་དང་ཚད་འཇལ། སྤུས་ཚད་སོགས་དོ་དམ་རྩ་འཛུགས་ལས་ཁུངས་ཡོད་པ་བཅས་སོ།དྲུགསྣུམ་གྲུབ་མ་སིལ་འཚོང་བདག་གཉེར་འཆར་གཞིར་ཆོག་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་པར་དཔྱད་གཞིའི་ཡིག་རིགས་གང་དག་འདོན་སྤྲོད་བྱ་དགོས།

ལན།(1)རེ་ཞུའི་ཡིག་ཆ(ཁེ་ལས་ཀྱི་རེ་ཞུའི་ཡི་གེ་དང་གྲོང་ཁྱེར་རམ་ཁུལ་ཚོང་དོན་སྡེ་ཁག་གི་ཐོག་མའི་བསམ་འཆར།)།

(2)ཁྲིམས་མའི་སྤྱོད་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར(བསྐྱར་དཔར་མ་གཅིག)། 

(3)བཟོ་ཚོང་སྡེ་ཁག་གིས་བཏོན་པའི《ཁེ་ལས་ཀྱི་མིང་སྔོན་ལ་ཞིབ་བཤེར་མཆན་འགོད་ཀྱི་བརྡ་ཡིག》།

(4)རྒྱལ་ཁབ་མངའ་ཁོངས་སྡེ་ཁག་གིས་བཏོན་པའི་ས་ཞིང་བེད་སྤྱོད་པར་ཐོག་མའི་ཞིབ་བཤེར་བསམ་འཆར་རམ་ས་ཞིང་བེད་སྤྱོད་པར་ཆོག་མཆན་བཀོད་པའི་ཡིག་ཆ།

(5)འཆར་འགོད་སྡེ་ཁག་གིས་བཏོན་པའི་ལས་གཞི་སྐྲུན་སའི་སྐོར་གྱི་བསམ་འཆར།

(6)མེ་གསོད་སྡེ་ཁག་གིས་བཏོན་པའི་མེ་གསོད་སའི་གནས་གདམ་པར་ཐོག་མའི་ཞིབ་བཤེར་བསམ་འཆར།

(7)ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་བཏོན་པའི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་སྐོར་གྱི་བསམ་འཆར།

(8)སྣུམ་སྣོན་ས་ཚིགས་ཆགས་ཡུལ་གྱི་སྙོམས་ངོས་དཔེ་རིས(སྤྱོད་ཁང་སོགས་གཞི་རྩའི་ཞབས་འདེགས་སྒྲིག་བཀོད་འདུས།)བཅས་སོ།།བདུན།སྣུམ་གྲུབ་མ་སིལ་འཚོང་བདག་གཉེར་ཐོབ་ཐང་རེ་འདུན་ཞུ་བའི་ཁེ་ལས་ཀྱིས་དཔྱད་གཞིའི་ཡིག་རིགས་གང་དག་འདོན་སྤྲོད་བྱ་དགོས།

 ལན།(1)རེ་ཞུའི་ཡིག་ཆ(ཁེ་ལས་ཀྱི་རེ་ཞུའི་ཡི་གེ་དང་གྲོང་ཁྱེར་རམ་ཁུལ་ཚོང་དོན་སྡེ་ཁག་གི་ཐོག་མའི་བསམ་འཆར།)།

(2)《སྣུམ་གྲུབ་མ་སིལ་འཚོང་ཁེ་ལས་ཀྱི་བདག་གཉེར་ཐོབ་ཐང་རེ་ཞུའི་ཡི་གེ》(མ་ཡིག)

(3)ཁྲིམས་མིའི་སྤྱོད་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར(བསྐྱར་དཔར་མ་གཉིས)།

(4)སྣུམ་སྣོན་ས་ཚིགས་འགྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་སྙན་ཞུ།

(5)སྤྱི་བདེ་མེ་གསོད་སྡེ་ཁག་གིས་ཞིབ་བཤེར་དང་རྩིས་ལེན་བྱས་པའི་སྙན་ཞུ།

(6)ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་པའི་སྙན་ཞུ།

(7)རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《ས་ཞིང་བེད་སྤྱོད་ལག་ཁྱེར》།

(8)འཆར་འགོད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་འཆར་གཞི་ཆོག་འཐུས་ལག་ཁྱེར》།

(9)འཛུགས་སྐྲུན་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《བཟོ་བཀོད་ཨར་ལས་རྒྱག་པའི་ཆོག་འཐུས་ལག་ཁྱེར》།

(10)གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག》གམ་ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལེན་སྙན་ཞུ།

(11)བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་བདག་གཉེར་ཆོག་འཐུས་ལག་ཁྱེར》།

(12)བཟོ་ཚོང་སྡེ་ཁག་གིས་བཏོན་པའི《ཁེ་ལས་ཀྱི་མིང་སྔོན་ལ་ཞིབ་བཤེར་མཆན་འགོད་ཀྱི་བརྡ་ཡིག》།

(13)སྤུས་ཚད་ཞིབ་བཤེར་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་ཚད་འཇལ་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག

(14)སྤྱི་ཚོགས་ཀྱི་སྣུམ་སྣོན་ས་ཚིགས་ཀྱིས་བཏོན་པའི་སྣུམ་འདོན་སྤྲོད་ཆིངས་ཡིག

(15)སྣུམ་སྣོན་ས་ཚིགས་ཆགས་ཡུལ་གྱི་སྙོམས་ངོས་དཔེ་རིས(སྤྱོད་ཁང་སོགས་གཞི་རྩའི་ཞབས་འདེགས་སྒྲིག་བཀོད་འདུས།)བཅས་སོ།།བརྒྱད།སྣུམ་གྲུབ་མ་སྡེབ་འཚོང་བདག་གཉེར་ཐོབ་ཐང་རེ་འདུན་ཞུ་བའི་ཁེ་ལས་ཀྱིས་དཔྱད་གཞིའི་ཡིག་རིགས་གང་དག་འདོན་སྤྲོད་བྱ་དགོས། 

ལན།(1)ཁེ་ལས་རེ་ཞུའི་ཡིག་ཆ(མ་ཡིག)།

(2)《སྣུམ་གྲུབ་མ་སྡེབ་འཚོང་བདག་གཉེར་ཐོབ་ཐང་རེ་ཞུའི་ཡི་གེ》(མ་ཡིག) 

(3)མ་རྩ་ཡོངས་རྫོགས་སམ50%(50%འདུས་མེད)ཡན་གྱི་མ་རྐང་ཚོད་འཛིན་མཁན་ལ་མངའ་བའི་སྨི་རྒྱ་དཔངས་གྲུ་བཞི་མ10000ཡན་གྱི་སྣུམ་གྲུབ་མའི་བང་མཛོད་ཡོད་པའི་ཁྲིམས་བཀོད་ཀྱི་བདེན་དཔང་ཡིག་ཆ། 

(4)ཁྲིམས་བཅད་ཀྱི་མ་རྩ་རྩིས་བཤེར་ལས་ཁུངས་ཀྱིས་བཏོན་པའི་མ་དངུལ་སྒོར་ཁྲི་ཚོ3000ཡན་ཐོ་འགོད་བྱས་ཡོད་པའི་བདེན་དཔང་ཡིག་ཆའམ་མ་རྩ་རྩིས་བཤེར་ཡིག་ཆ།

(5)བཟོ་ཚོང་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་བདག་གཉེར་ལག་ཁྱེར་རམ(ཁེ་ལས་ཀྱི་མིང་སྔོན་ལ་ཞིབ་བཤེར་མཆན་འགོད་ཀྱི་བརྡ་ཡིག)། 

(6)ཁྲིམས་བཅད་ཀྱི་འཐུས་ཚབ་པའི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ།

(7)བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་བདག་གཉེར་ཆོག་འཐུས་ལག་ཁྱེར》།

(8)སྣུམ་གྲུབ་མ་དབོག་པའི་འདྲེན་སྦུག་གམ་ཆེད་སྤྱོད་ལྕགས་ལམ། གཞུང་ལམ་སྟེང་སྐྱེལ་འདྲེན་གྱི་རླངས་འཁོར་སོགས་སྒྲིག་བཀོད་བདག་དབང་གི་ཁྲིམས་བཀོད་ཡིག་ཆ། 

(9)རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《རྒྱལ་དབང་ས་ཞིང་བེད་སྤྱོད་ལག་ཁྱེར》དང་ཡང་ན་ས་ཞིང་བེད་སྤྱོད་པར་ཆོག་མཆན་བཀོད་པའི་ཡིག་ཆ།

(10)འཆར་འགོད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་འཆར་གཞི་ཆོག་འཐུས་ལག་ཁྱེར》དང《ཨར་ལས་འཛུགས་སྐྲུན་འཆར་གཞི་ཆོག་འཐུས་ལག་ཁྱེར

(11)འཛུགས་སྐྲུན་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《བཟོ་བཀོད་ཨར་ལས་རྒྱག་པའི་ཆོག་འཐུས་ལག་ཁྱེར》།

(12)མེ་གསོད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《བཟོ་བཀོད་ཨར་ལས་ཀྱི་མེ་གསོད་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་བྱས་པའི་བསམ་འཆར་ཡི་གེ》།

(13)ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ཞིབ་བཤེར་རྩིས་ལེན་བྱས་པ་ཚད་ལྡན་ཡིན་པའི་ཡིག་ཆའམ་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་སྙན་ཞུ་ཡི་གེ(རེའུ་མིག)།

(14)གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག》གམ་ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལེན་སྙན་ཞུ།

(15)སྤུས་ཚད་ཞིབ་བཤེར་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་ཚད་འཇལ་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག

(16)སྣུམ་མཛོད་ཀྱི་སྒྲིག་བཀོད་བསྐྲུན་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་ཡིག་རིགས

(17)སྣུམ་གྲུབ་མའི་ཡོང་ཁུངས་བདེན་དཔང་གི་ཡིག་ཆ།

(18)སྣུམ་མཛོད་ཆགས་གནས་ཀྱི་དཔེ་རིས་བཅས་སོ།དགུ།སྣུམ་གྲུབ་མ་གསོག་ཉར་གྱི་བདག་གཉེར་ཐོབ་ཐང་རེ་འདུན་ཞུ་བའི་ཁེ་ལས་ཀྱིས་དཔྱད་གཞིའི་ཡིག་རིགས་གང་དག་འདོན་སྤྲོད་བྱ་དགོས། 

ལན།(1)ཁེ་ལས་རེ་ཞུའི་ཡིག་ཆ(མ་ཡིག)།

(2)《སྣུམ་གྲུབ་མ་གསོག་ཉར་གྱི་བདག་གཉེར་ཐོབ་ཐང་རེ་ཞུའི་ཡི་གེ》(མ་ཡིག)

(3)ཁྲིམས་བཅད་ཀྱི་མ་རྩ་རྩིས་བཤེར་ལས་ཁུངས་ཀྱིས་བཏོན་པའི་མ་དངུལ་སྒོར་ཁྲི་ཚོ1000ལས་མི་ཉུང་བ་ཐོ་འགོད་བྱས་ཡོད་པའི་བདེན་དཔང་ཡིག་ཆའམ་མ་རྩ་རྩིས་བཤེར་ཡིག་ཆ།

(4)བཟོ་ཚོང་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་བདག་གཉེར་ལག་ཁྱེར་རམ(ཁེ་ལས་ཀྱི་མིང་སྔོན་ལ་ཞིབ་བཤེར་མཆན་འགོད་ཀྱི་བརྡ་ཡིག)།

(5)ཁྲིམས་བཅད་ཀྱི་འཐུས་ཚབ་པའི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ།

(6)མ་རྩ་ཡོངས་རྫོགས་སམ50%(50%འདུས་མེད)ཡན་གྱི་མ་རྐང་ཚོད་འཛིན་མཁན་ལ་མངའ་བའི་སྨི་རྒྱ་དཔངས་གྲུ་བཞི་མ10000ཡན་གྱི་སྣུམ་གྲུབ་མའི་བང་མཛོད་ཡོད་པའི་ཁྲིམས་བཀོད་ཀྱི་བདེན་དཔང་ཡིག་ཆ།

(7)རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི《རྒྱལ་དབང་ས་ཞིང་བེད་སྤྱོད་ལག་ཁྱེར》དང་ཡང་ན་ས་ཞིང་བེད་སྤྱོད་པར་ཆོག་མཆན་བཀོད་པའི་ཡིག་ཆ།

(8)འཆར་འགོད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་སྣུམ་མཛོད《འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་འཆར་གཞི་ཆོག་འཐུས་ལག་ཁྱེར》དང《ཨར་ལས་འཛུགས་སྐྲུན་འཆར་གཞི་ཆོག་འཐུས་ལག་ཁྱེར》།

(9)འཛུགས་སྐྲུན་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་སྣུམ་མཛོད་ཀྱི《བཟོ་བཀོད་ཨར་ལས་རྒྱག་པའི་ཆོག་འཐུས་ལག་ཁྱེར》།

(10)མེ་གསོད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་སྣུམ་མཛོད་ཀྱི《བཟོ་བཀོད་ཨར་ལས་ཀྱི་མེ་གསོད་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་བྱས་པའི་བསམ་འཆར་ཡི་གེ》།

(11)ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་སྣུམ་མཛོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ཞིབ་བཤེར་རྩིས་ལེན་བྱས་པ་ཚད་ལྡན་ཡིན་པའི་ཡིག་ཆའམ་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་སྙན་ཞུ་ཡི་གེ(རེའུ་མིག)།

(12)གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་སྣུམ་མཛོད་ཀྱི《ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག》གམ་ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལེན་སྙན་ཞུ།

(13)སྤུས་ཚད་ཞིབ་བཤེར་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་ཚད་འཇལ་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག

(14)བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་སྤྲོད་བྱས་པའི་སྣུམ་མཛོད་ཀྱི《ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་བདག་གཉེར་ཆོག་འཐུས་ལག་ཁྱེར》རམ་བདེ་འཇགས་ཆོག་འཐུས་ཡིག་ཆ།

(15)སྣུམ་གྲུབ་མ་དབོག་པའི་འདྲེན་སྦུག་གམ་ཆེད་སྤྱོད་ལྕགས་ལམ། གཞུང་ལམ་སྟེང་སྐྱེལ་འདྲེན་གྱི་རླངས་འཁོར་སོགས་སྒྲིག་བཀོད་བདག་དབང་གི་ཁྲིམས་བཀོད་ཡིག་ཆ།

(16)སྣུམ་མཛོད་ཀྱི་སྒྲིག་བཀོད་བསྐྲུན་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་ཡིག་རིགས།

(17)སྣུམ་གྲུབ་མའི་ཡོང་ཁུངས་བདེན་དཔང་གི་ཡིག་ཆ།

(18)སྣུམ་མཛོད་ཆགས་གནས་ཀྱི་དཔེ་རིས་བཅས་སོ།བཅུ།སྣུམ་གྲུབ་མ་བདག་གཉེར་ཁེ་ལས་ཀྱི་གནས་ཚུལ་བསྒྱུར་ན། དཔྱད་གཞིའི་ཡིག་རིགས་གང་དག་འདོན་སྤྲོད་བྱ་དགོས།ལན།གཅིག་ནས་ཁེ་ལས་ཀྱི་མིང་བསྒྱུར་བ།

(1)《སྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར་བསྒྱུར་བའི་ཐོ་འགོད་རེའུ་མིག》། 

(2)བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་བཏོན་པའི《ཁེ་ལས་ཀྱི་མིང་སྔོན་ལ་ཞིབ་བཤེར་མཆན་འགོད་ཀྱི་བརྡ་ཡིག》།

(3)སྣུམ་མཛོད་དམ་སྣུམ་སྣོན་ས་ཚིགས་དང་དེའི་ཆ་ཚང་སྡེབ་སྒྲིག་གི་སྒྲིག་བཀོད་ཀྱི་ཐོན་དབང་བདེན་དཔང་ཡིག་ཆ།

(4)སྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར་གྱི་མ་དེབ་དང་ཟུར་དེབ(མ་ཡིག)ཕྱིར་སྤྲོད་པ།གཉིས་ནས་ཁེ་ལས་ཀྱི་ཁྲིམས་མིའམ་འགན་ཁུར་བ་བསྒྱུར་བ།

(1)《སྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར་བསྒྱུར་བའི་ཐོ་འགོད་རེའུ་མིག》།

(2)ཁྲིམས་མིའམ་འགན་ཁུར་བ་གསར་བར་འགན་བསྐོས་པའི་དཔང་ཡིག་དང་དེའི་ཐོབ་ཐང་ལག་ཁྱེར།

(3)སྣུམ་སྣོན་ས་ཚིགས་སམ་སྣུམ་མཛོད་བོགས་མར་གཏོང་ལེན་གྱིས་བདག་གཉེར་དང་། མཉམ་ལས་བྱེད་མཁན་གྱིས་མ་དངུལ་བཏང་བའི་བསྡུར་ཚད་ལེགས་སྒྲིག་སོགས་ཀྱི་དབང་གིས་ཁེ་ལས་ཀྱི་ཁྲིམས་མིའམ་འགན་ཁུར་བ་བསྒྱུར་བ་ལ། ད་དུང་བོགས་མར་གཏོང་ལེན་གྱི་གན་རྒྱ་དང་མ་དངུལ་བཏང་བའི་ཆིངས་ཡིག་གསར་བ་སོགས་བཅའ་བཀོད་ཀྱི་བདེན་དཔང་ཡིག་ཆ་འདོན་སྤྲོད་བྱ་དགོས།

(4)མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ད་དུང་ལས་འཛིན་པའི་ལྷན་ཚོགས་དེ་བསྒྱུར་བར་འཐད་པ་བྱུང་བའི་ཡིག་ཐོག་གི་ཆོད་དོན་འདོན་སྤྲོད་བྱ་དགོས།

(5)ཁེ་ལས་ཀྱི་ཡན་ལག་ལས་ཁུངས་ཀྱིས་ད་དུང་རྐང་འཛིན་ཀུང་ཟི་དེ་བསྒྱུར་བར་འཐད་པ་བྱུང་བའི་ཡིག་ཆ་འདོན་སྤྲོད་བྱ་དགོས།

(6)སྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར་གྱི་མ་དེབ་དང་ཟུར་དེབ(མ་ཡིག)ཕྱིར་སྤྲོད་པ།གསུམ་ནས་བདག་གཉེར་སྡེ་ཚན་ལས་མ་དངུལ་འཇོག་མཁན་གཙོ་བོ་བསྒྱུར་བ།

(1)རེ་ཞུའི་ཡིག་ཆ།

(2)《སྣུམ་གྲུབ་མ་བདག་གཉེར་ཁེ་ལས་ཀྱིས་གནས་སྐབས་སུ་ཚོང་གཉེར་མཚམས་འཇོག་པའམ་ཐོ་ཁོངས་ནས་སུབ་པའི་རེ་ཞུའི་རེའུ་མིག》དང《སྣུམ་གྲུབ་མ་བདག་གཉེར་ཐོབ་ཐང་རེ་ཞུའི་རེའུ་མིག》སྐོང་འབྲི་བྱེད་པ།

(3)སྔོན་གྱི་ཁྲིམས་མི་དང་ད་ལྟའི་ཁྲིམས་མིའི་སྤྱོད་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར།

(4)རྒྱུ་ནོར་བཤུག་སྤྲོད་གན་རྒྱའམ་གཞུང་དཔང་ཡི་གེ

(5)《སྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར》གྱི་མ་དེབ་དང་ཟུར་དེབ(མ་ཡིག)ཕྱིར་སྤྲོད་པ།བཅུ་གཅིགསྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར་བོར་བརླག་བྱུང་ན་ཇི་ལྟར་གསབ་སྒྲུབ་བྱ་དགོས།ལན།

(1)རེ་ཞུའི་གོ་རིམ། ①སྣུམ་གྲུབ་མ་སིལ་འཚོང་ཁེ་ལས་ཀྱིས་རང་གནས་སའི་གྲོང་ཁྱེར་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་ལ་རེ་འདུན་ཞུས་ཏེ། གྲོང་ཁྱེར་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་ཐོག་མའི་ཞིབ་བཤེར་བྱས་རྗེས། ཐོག་མའི་ཞིབ་བཤེར་བསམ་འཆར་དང་དཔྱད་གཞིའི་ཡིག་རིགས་ཡོངས་རྫོགས་ཞིང་ཆེན་ཚོང་དོན་ཐིན་ལ་ཕུལ་ནས་ཞིབ་བཤེར་བྱ་དགོས། 《སྣུམ་གྲུབ་མའི་ཚོང་ར་དོ་དམ་བྱེད་ཐབས》ལས་གཏན་ལ་ཕབ་པའི་ཆ་རྐྱེན་དང་མཐུན་པར། ཁེ་ལས་ལ《སྣུམ་གྲུབ་མ་བདག་གཉེར་མཆན་བཀོད་ལག་ཁྱེར》གསར་བ་གསབ་སྒྲུབ་བྱ་དགོས། ②སྡེབ་འཚོང་དང་གསོག་ཉར་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་ལ་རེ་འདུན་ཞུས་ཏེ། ཞིང་ཆེན་རིམ་པའི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་ཐོག་མའི་ཞིབ་བཤེར་བྱས་རྗེས། ཐོག་མའི་ཞིབ་བཤེར་བསམ་འཆར་དང་དཔྱད་གཞིའི་ཡིག་རིགས་ཡོངས་རྫོགས་ཚོང་དོན་པུའུ་ལ་ཕུལ་ནས་ཞིབ་བཤེར་བྱ་དགོས། 《སྣུམ་གྲུབ་མའི་ཚོང་ར་དོ་དམ་བྱེད་ཐབས》ལས་གཏན་ལ་ཕབ་པའི་ཆ་རྐྱེན་དང་མཐུན་པར། ཚོང་དོན་པུའུ་ཡིས་ཁེ་ལས་ལ་སྣུམ་གྲུབ་མ་སྡེབ་འཚོང་དང་གསོག་ཉར་བདག་གཉེར་མཆན་བཀོད་ལག་ཁྱེར་གསར་བ་གསབ་སྒྲུབ་བྱ་དགོས།

(2)དཔྱད་གཞིའི་ཡིག་རིགས་སྤྲོད་པ། ①རེ་ཞུའི་ཡིག་ཆ(རེ་འདུན་ཞུ་མཁན་ཁེ་ལས་ཀྱི་ལག་ཁྱེར་བོར་བརླག་བྱུང་བའི་གསལ་བཤད་ཡིག་ཆ་དང་གྲོང་ཁྱེར་རམ་ཁུལ་ཚོང་དོན་སྡེ་ཁག་གི་ཐོག་མའི་ཞིབ་བཤེར་བསམ་འཆར)། ②《བཟོ་ཚོང་བདག་གཉེར་ལག་ཁྱེར》དང《ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་བདག་གཉེར་ཆོག་འཐུས་ལག་ཁྱེར》། 《ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་ཚད་ལྡན་དཔང་ཡིག》(བསྐྱར་དཔར་མ།)། ③ཐོ་འགོད་བྱ་ཡུལ་གྱི་ཞིང་ཆེན་རིམ་པ་ཡན་གྱི་ཚགས་པར་སྟེང་བོར་ཐོ་བཀོད་པའི་གསལ་བསྒྲགས་ཡི་གེ་སྤྲོད་པ་བཅས་སོ།།

༄༅།།ཕྱུགས་བྱ་གཏན་འཁེལ་གྱི་གནས་སུ་བཤའ་བའི་སྐོར་གྱི་དྲི་བ་དྲིས་ལན།

ཞིང་ཆེན་ཚོང་དོན་ཐིན།གཅིག མཐའ་འཁོབ་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཞིང་སྡེའི་ཕྱུགས་བྱ་གཏན་འཁེལ་གྱི་གནས་སུ་བཤའ་བའི་གནད་དོན་ཇི་ལྟར་ཐག་གཅད་དགོས།ལན། མཐའ་འཁོབ་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཞིང་སྡེ་རུ་ས་དེ་གའི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་ཞིབ་མཆན་བཀོད་པ་བརྒྱུད་དེ་ཕག་བཤས་ར་ཆུང་བ་འཛུགས་ཆོག་པ་དང་། དེས་ཐོན་སྐྱེད་བྱས་པའི་ཕག་ཤའི་ཐོན་རྫས་ཡུལ་དེ་གའི་ཚོང་ར་ཁོ་ནར་མཁོ་སྤྲོད་བྱ་དགོས།གཉིས། མཐའ་འཁོབ་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཞིང་སྡེ་རུ་ཡུལ་དེ་གའི་ཚོང་ར་ཁོ་ནར་ཕག་ཤའི་ཐོན་རྫས་མཁོ་སྤྲོད་བྱ་དགོས་པའི་ཕག་བཤས་ར་ཆུང་བ་དེ་ཚད་གཞི་གང་དག་དང་མཐུན་དགོས་སམ།ལན། འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་། སྲོག་ཆགས་ཀྱི་རིམས་འགོག་སོགས་གཞི་རྩའི་བླང་བྱ་དང་མཐུན་དགོས་པ་དང་། ཁེར་ལོགས་སུ་ཕག་བཤའ་གྲབས་ར་བ་དང་ཕག་ནད་ཅན་ལོགས་དགར་ར་བ། བཤའ་ཁང་བཅས་ཡོད་པ་དང་། བཤའ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ20ལས་མི་ཆུང་བ་དང་། དེའི་གྱང་ངོས་དང་ཐང་ལ་ཆུ་སིམ་མི་ཐུབ་པའི་རྒྱུ་ཆ་སྤྱད་ཡོད་པ། ཞིབ་དཔྱད་ཚད་ལྡན་ཡིན་པའི་བཤན་པ་དང་ཤའི་རྒྱུ་སྤུས་ཞིབ་བཤེར་མཁན་ཡོད་པ། ཕག་ནད་ཅན་གྱི་ཤ་ཐག་གཅོད་ར་བ་དང་སྒྲིག་བཀོད། དགོས་ངེས་ཀྱི་དུག་སེལ་སྨན་རྫས་ཡོད་པ། བཤའ་ཁང་དུ་སྦྲིད་གློག་དང་ཚ་རྫིང་། འགེལ་ལུང་། མགོ་སུག་སར་མི་ལྷུང་སྤྱད་སྣོད་ཆས་སོགས་སྒྲིག་བཀོད་སྒྲིག་ཆས་ཡོད་པ།གསུམ། ཕྱུགས་བྱ་བཤས་ར་འཛུགས་གཉེར་བྱ་བའི་རེ་འདུན་ཞུ་བར་གོ་རིམ་གང་དག་བརྒྱུད་དགོས།ལན། རེ་འདུན་ཞུ་མཁན་གྱིས་ཕྱུགས་བྱ་བཤས་ར་འཛུགས་གཉེར་བྱ་བར་རང་ཉིད་གནས་སའི་རྫོང(གྲོང་ཁྱེར)གི་ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་རེ་འདུན་ཞུ་དགོས། རྫོང(གྲོང་ཁྱེར)ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རེ་འདུན་ཞུ་ཡིག་འབྱོར་པའི་ཉིན5ཡི་ནང་དུ་ཕྱུགས་བྱ་བཤས་ར་འཛུགས་པའི་འཆར་གཞི་གཞིར་བཟུང་ནས་ཞིབ་བཤེར་བྱེད་པ་མ་ཟད། ཞིབ་བཤེར་བསམ་འཆར་བཏོན་ཏེ་ཁུལ་ལམ་གྲོང་ཁྱེར་ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་དགོས། ཁུལ་ལམ་གྲོང་ཁྱེར་ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་བསམ་འཆར་འབྱོར་པའི་ཉིན10ཡི་ནང་དུ་ཞིང་ཆེན་ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། སྒྲིག་འཛུགས་འཆར་གཞི་དང་མཐུན་པ་ལ་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་བརྡ་གཏོང་བ་དང་། ཁུལ་ལམ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱ་དགོས། སྒྲིག་འཛུགས་འཆར་གཞི་དང་མི་མཐུན་པ་ལ་ཡིག་ཐོག་ནས་རྒྱུ་མཚན་གསལ་བོར་བཤད་དགོས། ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་ཐོབ་རྗེས། རེ་འདུན་ཞུ་མཁན་གྱིས་འཆར་འགོད་འཛུགས་སྐྲུན་དོ་དམ་སྡེ་ཁག་ཏུ《འཛུགས་སྐྲུན་ལས་གཞི་སྐྲུན་ས་གདམ་པའི་བསམ་འཆར་ཡི་གེ》དང《འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་འཆར་གཞིའི་འཁྲོལ་འཛིན》། 《འཛུགས་སྐྲུན་ལས་གྲྭའི་འཆར་གཞིའི་འཁྲོལ་འཛིན》ལེན་པའི་འགྲོ་ལུགས་བསྒྲུབས་ཏེ་ལས་གཞི་བསྐྲུན་པ་ཁྲིམས་མཐུན་ཡོང་བར་ཁག་ཐེག་བྱ་དགོས།བཞི། ཕྱུགས་བྱ་བཤས་ར་འཛུགས་གྲབས་བྱ་དུས་གོ་རིམ་གང་དག་བརྒྱུད་དགོས།ལན། ཕྱུགས་བྱ་བཤས་ར་འཛུགས་གྲབས་བྱ་དུས་ཁུལ(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ཚོང་དོན་དང་ཞིང་ཕྱུགས། ཁོར་ཡུག་སྲུང་སྐྱོང་། འཕྲོད་བསྟེན། བཟོ་ཚོང་། སྤུས་ཚད་ཞིབ་བཤེར། འཛུགས་སྐྲུན་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ། 《སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་ཞིབ་དཔྱད་དོ་དམ་བྱེད་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་ལྟར་འཛུགས་སྐྲུན་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱ་དགོས། ཕྱུགས་བྱ་བཤས་ར་བཙུགས་རྗེས། ཁུལ(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ཚོང་དོན་དང་ཞིང་ཕྱུགས། ཁོར་ཡུག་སྲུང་སྐྱོང་། འཕྲོད་བསྟེན། བཟོ་ཚོང་། སྤུས་ཚད་ལག་རྩལ་ལྟ་སྐུལ། འཛུགས་སྐྲུན་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ། 《སྲོལ་ཡིག》གི་གཏན་ཕབ་ལྟར་ཉིན20ཡི་ནང་དུ་ཞིབ་བཤེར་རྩིས་ལེན་བྱ་དགོས། ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལྡན་ཡིན་ཚེ། ཞིང་ཆེན་ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། ཁུལ་ལམ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕྱུགས་བྱ་བཤའ་བའི་འཁྲོལ་འཛིན་དང་ཕྱུགས་བྱ་བཤའ་བའི་རྟགས་མཚན་བྱང་བུ་སྟེར་རྒྱུ་ཡིན། ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལྡན་མིན་ཚེ། ཡིག་ཐོག་ནས་རྒྱུ་མཚན་གསལ་བོར་བཤད་དགོས། ཁུལ་ལམ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕྱུགས་བྱ་བཤས་རའི་ཆགས་སྟངས་དང་གྲངས་འབོར། ཁེ་ལས་ཀྱི་མིང་། དུས་ཚོད་བཅས་སྤྱི་ཚོགས་སྟེང་ཁྲོམ་སྒྲོག་བྱ་དགོས་པ་མ་ཟད། ཞིང་ཆེན་ཚོང་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱ་དགོས།ལྔ། ཕྱུགས་བྱ་བཤས་ར་བཙུགས་རྗེས་འགྲོ་ལུགས་གང་དག་བསྒྲུབ་དགོས།ལན། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་ཁེ་ལས་ཀྱིས་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་ལག་ཁྱེར་བཟུང་སྟེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་བཟོ་ཚོང་དང་ཞིང་ཕྱུགས། སྤུས་ཚད་ལག་རྩལ་ལྟ་སྐུལ། ཁོར་ཡུག་སྲུང་སྐྱོང་། ཁྲལ་དོན་སོགས་ཀྱི་འབྲེལ་ཡོད་འགྲོ་ལུགས་བསྒྲུབས་རྗེས་ད་གཟོད་བྱེད་སྒོ་གཉེར་ཆོགདྲུག ཕྱུགས་བྱ་བཤས་ར་འཛུགས་པར་གནས་སྡོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་གང་དག་ལ་མཉམ་འཇོག་དགོས།ལན། ཕྱུགས་བྱ་བཤས་ར་འཛུགས་པར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་དགོས་པ་དང་། བཤས་ར་དེ་ས་བབ་ཅུང་མཐོ་ཞིང་རླན་མེད་པ་དང་། ཆུ་ཁུངས་མོད་པ། སྡོད་དམངས་གནས་ཡུལ་དང་མི་ཕྱུགས་ཀྱི་བཏུང་ཆུའི་མགོ་ཁུངས་དང་རིང་དུ་གྱེས་པ། འགྲིམ་འགྲུལ་སྟབས་བདེ་བ། གནོད་ལྡན་རླངས་དབུགས་དང་དུ་སྨུག ཐལ་རྡུལ་སོགས་ཡོད་པའི་བཟོ་ལས་ཁེ་ལས་དང་སྦགས་བཙོག་བཟོ་ཁུངས་གཞན་པ་མེད་པའི་ས་གནས་སུ་བསྐྲུན་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།