ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་ལས་ཀྱི་བརྡ་ཆད་བརྒྱ་དབྱིན་རྒྱ་ བོད་གསུམ་ཤན་སྦྱར།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

Acquisition 收购

བསྡུ་ཉོ། ཁེ་ལས་ཤིག་གིས་ཁེ་ལས་གཞན་ཧྲིལ་བོའམ་ཆ་ཤས་ཤིག་ཉོ་སྒྲུབ་བྱས་པར་ཟེར།

Activity-based costing 作业成本法

ལས་སྒྲུབ་འགྲུབ་ཡོན་བརྩི་ཐབས། རྩིས་གཉེར་གྱི་ཐད་ནས་བརྒྱུད་པའི་འགྲུབ་ཡོན་དབྱེ་ཞིབ་བྱེད་པའི་ཐབས་ལམ་ཞིག་ཡིན། བྱ་འགུལ་གང་ཞིག་ལས་འགྲུབ་ཡོན་གང་བྱུང་བ་གཏན་ཁེལ་བྱེད་པར་བཀོལ་བཞིན་ཡོད། སྲོལ་རྒྱུན་གྱི་འགྲུབ་ཡོན་རྩིས་གཉེར་བྱེད་ཐབས་དང་བསྡུར་ན་འགྲུབ་ཡོན་དབྱེ་ཞིབ་སྔར་ལས་གསལ་བོར་ཐོབ་ཐུབ། རྒྱུ་མཚན་འགྲུབ་ཡོན་རྩིས་གཉེར་ལམ་ལུགས་ཀྱིས་ཐོག་མར་ཐད་ཀའི་འགྲུབ་ཡོན་ལ་ཚད་འཇལ་བ་དང་ཕྱིས་སུ་བརྒྱུད་པའི་འགྲུབ་ཡོན་ཚོད་དཔག་སྣོན་བཞིན་ཡོད།

Asset 资产

མ་རྩ། ཁེ་ལས་ལ་ཡོད་པའི་རིན་ཐང་བསྐྲུན་ནུས་པའི་དཔལ་འབྱོར་གྱི་ཐོན་ཁུངས་ཧྲིལ་བོ་ལ་ཟེར།

Balance sheet 资产负债表

མ་རྩའི་བུན་དོམ་རེའུ་མིག ཁེ་ལས་ནོར་དོན་གྱི་མཇུག་སྡོམ་ཡིན་ལ། དེར་མ་རྩ་དང་བུན་དོམ། ཁེ་དབང་བཅས་འདུ། རྒྱུན་ལྡན་དུ་རྩིས་གཉེར་བྱས་པའི་ལོ་མཇུག་ཏུ་ཁྱབ་བསྒྲགས་བྱེད་བཞིན་ཡོད།

Bankruptcy 破产

མ་རྩ་བརྡིབས་པ། སྒེར་གཟུགས་སམ་ཡང་ན་ཁེ་ལས་ཀྱིས་ཁྲིམས་ལུགས་སྟེང་དོམ་དངུལ་འཇལ་བའི་ནུས་པ་མེད་པ་དང་འཇལ་ཐབས་མེད་པར་ཟེར།

Benchmarking 标杆管理

དཔེ་ལེགས་དོ་དམ། ཁེ་ལས་ལ་དཔྱད་འཇོག་བྱེད་པའི་ཐབས་ལམ་ཞིག་ལ་ཟེར། ཁེ་ལས་ཀྱི་ལས་ཕྱོད་དམ་ལས་སྒོའི་བྱ་འགུལ་དང་ཁྲོམ་རའི་སྔོན་སྐྱོད་ཀྱི་ལས་སྒོའམ་ཁེ་ལས་དང་བསྡུར་བ་བྱས་པར་ཟེར།

Board 董事会

ལས་འཛིན་ལྷན་ཚོགས། ཚོང་ལས་ལས་རིགས་སུ་མིང་ཚིག་འདིས་སྟོན་བཞིན་པ་ནི་ཁེ་ལས་སམ་རྩ་འཛུགས་ཀྱི་ལས་འཛིན་ལྷན་ཚོགས་ཡིན། ལས་འཛིན་ལྷན་ཚོགས་ཀྱི་མི་སྣ་འདེམ་བསྐོ་ཡང་ན་བསྐོ་བཞག་བྱས་པ་བརྒྱུད་ནས་བྱུང་། དེའི་དམིགས་ཡུལ་ནི་ཁེ་ལས་ཀྱི་ལས་གཉེར་དང་ལས་ཕྱོད་ལ་ལྟ་སྐུལ་བྱེད་ཆེད་ཡིན།

Brand 品牌

ཟོང་རྟགས། ཚོར་ཤེས་ཐུབ་པའི་ཁེ་ལས་དང་ཐོན་རྫས་ཀྱི“ཐོབ་ཐང”ཡིན་པ་དང་། དེས་ཁེ་ལས་འགྲན་ཡ་དང་དབྱེ་བ་འབྱེད་དུ་འཇུག་ཐུབ། ཟོང་རྟགས་ཀྱི་ཁྲོད་དུ་མིང་དང་ཇུས་འགོད། རྟགས། ཕྱི་ཐུམ་བཅས་ནས་སྒྲ་ཡངས་འཇུག་གི་འགྲན་ཡ་ལས་ཁྱད་པར་ཕྱེ་བའི་ཕྱི་ངོས་ཀྱི་ཟུར་གཏོགས་ཁྱད་ཆོས(དཔེར་ན་ཀུན་སྤྱོད་ཀྱི་ཉོ་འཚོང་དང་ཐོན་སྐྱེད་ཀྱི་སྟེང་གི་རང་འགུལ)སོགས་ནང་དོན་མང་བོ་ཞིག་འདུ།

BRIC Economies 金砖四国

གསེར་གྱོ་རྒྱལ་ཁབ་བཞི། བྷར་ཛིལ་དང་ཨུ་རུ་སུ། ཧིན་རྡུ། ཀྲུང་གོ་བཅས་དཔལ་འབྱོར་གསར་དར་རྒྱལ་ཁབ་བཞིའི་དབྱིན་མིང་གི་ཐོག་མའི་བསྡུས་འབྲི་ཡིན། མི་མང་བོ་ཞིག་གིས་རྒྱལ་ཁབ་འདི་བཞིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་བཙན་དབང་ལ་འཇིགས་སྐུལ་ཐེབས་པར་འདོད།

Budget 预算

སྔོན་རྩིས། ནོར་དོན་འཆར་གཞི་ཞིག་ཡིན། དེར་ལས་གཉེར་གྱི་སྡེ་ཁག་དང་ལས་གཞིའམ་ཉེན་ཚབས་དངུལ་འཇོག་གི་འཆར་གཞིའི་འགྲོ་གྲོན་དང་ཡོང་འབབ་ཆ་ཚང་བཀོད་ཡོད།

Bull market 牛市

གླང་ཁྲོམ། དུས་སྐབས་ཤིག་གི་རྐང་འཛིན་གྱི་རིན་ཐང་འཕར་ནས་སེམས་སྤྲོ་བོ་དང་དཔལ་འབྱོར་འཕར་སྣོན་འབྱུང་དུ་བཅུག་པར་ཟེར།

Buy out 收购

བསྡུ་ཉོ། རྐང་དབང་ཚོད་འཛིན་གྱི་གྲངས་ཚད་ལ་སླེབས་པའི་རྐང་འཛིན(share)ཉོ་སྒྲུབ་བྱས་ནས་ཁེ་ལས་ལ་ཚོད་འཛིན་བྱས་པར་ཟེར།

Capital 资本

མ་དངུལ། ཁེ་ལས་ཀྱིས་ཡོང་འབབ་ཐོབ་ཆེད་བཀོལ་སྤྱོད་བྱས་པའི་དངུལ་ལོ་དང་དངོས་ཟོག་གི་མ་རྩ(འཕྲུལ་ཆས་དང་རྨང་གཞིའི་སྒྲིག་ཆས་ལྟ་བུ)ལ་ཟེར།

Cartel 卡特尔

ཁར་ཐེལ་སྒྲིག་འཛུགས། ཁེ་ལས་རེ་འགས་མཉམ་གཅིག་ཏུ་རྩ་འཛུགས་བྱས་ཏེ། ཐོན་རྫས་དང་ཞབས་ཞུ་ཚད་བཀག་བྱས་པ་བརྒྱུད་ནས་རིན་གོང་ཇེ་མཐོར་གཏོང་བར་ཟེར།

Cash flow 现金流

ལག་དངུལ་གྱི་འཁོར་རྒྱུན། ཁེ་ལས་ཀྱི་ལག་དངུལ་ཡོང་འབབ་དང་འགྲོ་གྲོན་ནི་ཁེ་ལས་ལས་གཉེར་བྱེད་སྒོའི་ཁྲོད་ཀྱི་མངོན་ཚུལ་ཞིག་ཡིན།

CEO

དབུ་བཞུགས་ལག་བསྟར་དཔོན་གྱི་དབྱིན་ཡིག་གི་བསྡུས་འབྲི་ཡིན་ལ། སྤྱི་གཉེར་ཁང་ཞིག་གི་ཆེས་མཐོའི་དོ་དམ་པར་ཟེར།CEOནི་ལས་འཛིན་ལྷན་ཚོགས(board)ཀྱིས་བསྐོ་འཇོག་བྱས་པ་མ་ཟད་དེས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་བྱེད་དགོས།

Closed innovation 封闭式创新

སྒོ་བཀག་རྣམ་པའི་གསར་གཏོད། དུས་རབས20བར་དར་ཁྱབ་བྱུང་བའི་བསམ་བློ་ཞིག་ཡིན་ལ། གསར་སྤེལ་གྱིས་ཕྱི་རོལ་ཤེས་བྱ་དང་བསམ་བློ། ཆེད་ལས་ཀྱི་རྩལ་ནུས་བཀོལ་སྤྱོད་བྱེད་མི་འོས་པ་དང། ཁེ་ལས་ཀྱི་ནང་ཁུལ་ཁོ་ནའི་ལས་བཟོ་བར་ལག་བསྟར་བྱེད་འོས་པར་སྟོན་བཞིན་ཡོད།

Collusion 串谋

ལྐོག་གྲོས། ཁེ་ལས་གཉིས་དང་དེ་ལས་མང་བའི་བར་དུ་གྲུབ་པའི་གྲོས་ཆོད་ཅིག་ཡིན་ལ། ཁེ་ལས་ཀྱི་བར་དུ་འགྲན་རྩོད་མི་བྱེད་པར་རིན་གོང་གཏན་ཁེལ་བྱེད་པར་ཟེར།

Commodity 商品

ཚོང་རྫས། རང་དབང་དུ་ཉོ་སྒྲུབ་དང་ཕྱིར་འཚོང་། བརྗེ་རེས་བྱེད་ཆོག་པའི་དངོས་ཟོག་དང་ཐོན་རྫས། ཞབས་ཞུ་བཅས་གང་རུང་ལ་ཟེར།

Comparative advantage 比较优势

ཞིབ་སྡུར་ལེགས་བབ། ཁེ་ལས་ཀྱིས་འགྲན་ཡ་ལས་དམའ་བའི་འགྲུབ་ཡོན་གྱིས་ཐོན་རྫས་དང་ཞབས་ཞུ་ཐོན་སྐྱེད་བྱེད་པའི་ནུས་པར་ཟེར།

Competitive advantage 竞争优势

འགྲན་རྩོད་ཀྱི་ལེགས་བབ། ཁེ་ལས་འགྲན་ཡ་ལས་བརྒལ་བའི་འཐབ་ཇུས་རིགས་ཤིག་ལ་ཟེར་བ་དང་། རིན་གོང་སྔར་ལས་དམའ་བའམ་ཡང་ན་ཞབས་ཞུ་དང་ཐོན་རྫས་ཀྱི་བར་ཁྱད་བརྒྱུད་ནས་འགྲན་ཡ་དང་དབྱེ་བ་འབྱེད་ཐུབ་པར་ཟེར།

Conglomerate 联合企业

མཉམ་འབྲེལ་ཁེ་ལས། ཁེ་ལས་གཉིས་དང་གཉིས་ཡན་གྱིས་གྲུབ་པའི་སྤྱི་གཉེར་ཁང་གིས་ས་ཁོངས་དང་ལས་རིགས་བརྒལ་ནས་ཚོང་གཉེར་བྱས་པར་ཟེར།

Corporation 公司

སྤྱི་གཉེར་ཁང་། རྐང་བདག་ལ་བདག་དབང་ཡོད་པ་དང་ལས་སྒོ་གཉེར་ཐུབ་པའི་སྒེར་ཚུགས་ཀྱི་ཁྲིམས་མི་ལ་ཟེར། སྤྱི་གཉེར་ཁང་ནི་གླ་བ་དང་རྐང་བདག་ལས་སྒེར་ཚུགས་སུ་གནས་ཡོད་པ་དང་། རང་ཉིད་ཀྱི་དབང་ཆ་དང་འགན་འཁྲི་ཡོད་དེ། སྤྱི་གཉེར་ཁང་གིས་དངུལ་བུན་ལེན་ཆོག་པ་དང་མ་རྩ་ཡོད་པ། མི་གཞན་པ་ཁྲིམས་སྦྱོར་བྱེད་ཆོག་པ་དང་གཞན་གྱིས་ཁྲིམས་སྦྱོར་བྱེད་ཆོག་པ་ཞིག་ཡིན།

Cost accounting 成本会计制

འགྲུབ་ཡོན་རྩིས་གཉེར་ལམ་ལུགས། རྩིས་གཉེར་བྱེད་ཐབས་ཤིག་ཡིན་ལ་ཐོག་མར་ཐད་ཀའི་འགྲུབ་ཡོན་ཚད་འཇལ་བྱེད་དགོས་པ་དང་། ཕྱིས་སུ་བརྒྱུད་པའི་འགྲུབ་ཡོན་གྱི་ཚོད་དཔག་ཁ་སྣོན་བྱས་པ་ཡིན་ན། ཁེ་ལས་ཀྱི་འགྲུབ་ཡོན་གཏན་ཁེལ་བྱེད་ཐུབ།

Cost leadership 成本领导

འགྲུབ་ཡོན་གྱི་སྣེ་ཁྲིད། ཁེ་ལས་ཀྱི་འཐབ་ཇུས་ཤིག་ཡིན་ལ་ལས་རིགས་དང་ཁྲོམ་རའི་སྟེང་ནས་རིན་གོང་ཆེས་དམའ་བའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་ནས་འགྲན་ཡ་ལས་བརྒལ་བའི་འགྲན་རྩོད་ལེགས་བབ་ཐོབ་པར་བྱེད་པ་ལ་ཟེར།

Creative accounting 创造性会计

གསར་གཏོད་རང་བཞིན་གྱི་རྩིས་གཉེར། རྩིས་གཉེར་ཐག་གཅོད་བྱེད་ཐབས་ཤིག་ལ་ཟེར། རྩིས་གཉེར་གྱི་ལག་རྩལ་རབ་དང་རིམ་པ་ཞིག་བརྒྱུད་ནས་དྲང་ངོས་དང་ལྡོག་ངོས་ནས་ཁེ་ལས་ཀྱི་ནོར་དོན་གནས་བབ་ལ་གསལ་འགྲེལ་བྱས་པར་ཟེར། སྒྲུབ་ཐབས་འདི་ནི་གོམས་སྲོལ་དང་མི་མཐུན་པས་རྒྱུན་ལྡན་དུ་ཁེ་སྤོགས་རྫུན་མ་ཡར་ཞུ་བྱས་ཀྱང་ཁྲིམས་མཐུན་ཡིན།

Credit crunch 信贷紧缩

ཡིད་རྟོན་དངུལ་བུན་དམ་སྐུམ། དངུལ་ཁང་མ་ལག་ནས་དངུལ་བུན་ཐོབ་ཐུབ་པ་གློ་བུར་ཇེ་དམའ་རུ་སོང་བ་དང་། རྒྱུན་ལྡན་དུ་དུས་ཡུན་ངེས་ཅན་ཞིག་གི་ནང་ཡིད་རྟོན་དངུལ་བུན་རྒྱ་ཁྱབ་ཏུ་བྱུང་རྗེས་སུ་ཡིད་རྟོན་དངུལ་བུན་དམ་སྐུམ་འབྱུང་བཞིན་ཡོད།

Crowdsourcing 大众外包

སྤྱི་བར་ཕྱི་འགན་སྤྲོད་པ། འབྲེལ་དྲྭ་བརྒྱུད་ནས་མི་མང་གདན་འདྲེན་ཞུས་རྗེས། ཐུན་མོང་གི་བློ་རིག་བཀོལ་ནས་ཁེ་ལས་ལ་ཐབས་འདོན་ཇུས་འགོད་བྱེད་བཞིན་ཡོད། དེ་དང་ཆེས་ཁ་ཐག་ཉེ་བའི་དོན་སྤྱི་ནི“མང་བསྡུ”ཡིན། འབྲེལ་དྲྭ་བརྒྱུད་ནས་མི་སྒེར་དངུལ་འཇོག་མཁན་གྱིས་མ་དངུལ་སྐོང་བསྡུ་བྱས་ཏེ་ལས་གཞིར་མ་དངུལ་བསྲེས་སྣོན་བྱས་པར་ཟེར།

Default 违约

ཆིངས་འགལ། གཏན་ཁེལ་གྱི་དུས་ཚོད་དུ་དངུལ་བུན་འཇལ་མ་ཐུབ་པར་ཟེར།

Deficit 赤字

མཚལ་ཡིག ཁེ་ལས་ཀྱི་འགྲོ་གྲོན་ཡོང་འབབ་ལས་བརྒལ་བའི་ནོར་དོན་གནས་བབ་ཅིག་ལ་ཟེར།

Demand 需求

དགོས་འདོད། འཛད་སྤྱོད་པས་ཐོན་རྫས་དང་ཞབས་ཞུ་རིགས་ཤིག་ཉོ་སྒྲུབ་བྱེད་པའི་རེ་འདོད་དང་འདུན་མ། ནུས་པ་བཅས་ལ་ཟེར།

Differentiation 差异化

བར་ཁྱད་ཅན། ཁེ་ལས་ཀྱིས་འགྲུབ་ཡོན་དང་ཁྱད་ཆོས་སམ་ཡང་ན་ཚོང་གཉེར་གྱི་ཕྱོགས་ནས་ཐོན་རྫས་དང་ཞབས་ཞུ་འགྲན་ཡ་དང་བར་ཁྱད་ཕྱེ་བའི་འཐབ་ཇུས་ཤིག་ཡིན། དེའི་དམིགས་ཡུལ་ནི་འགྲན་ཡའི་ཁེ་ལས་ལས་བརྒལ་ནས་འགྲན་རྩོད་ཀྱི་ལེགས་བབ་ཐོབ་པར་བྱེད་པ་དེ་ཡིན།

Distribution 分销

བགོ་འཚོང་། ཐོན་རྫས་དང་ཞབས་ཞུ་བརྒྱུད་ལམ(འཚོང་མཁན་དང་ཚབ་འཚོང་མཁན་ལྟ་བུ)བརྒྱུད་ནས་ཐོན་སྐྱེད་བྱེད་མཁན་ནམ་བཟོ་སྐྲུན་ཚོང་ཁག་ནས་མཐའ་མཇུག་གི་འཛད་སྤྱོད་མཁན་ཏེ། ཚོང་མགྲོན་ནམ་བཀོལ་སྤྱོད་བྱེད་མཁན་གྱི་སར་སླེབས་པའི་བར་གྱི་བརྒྱུད་རིམ་ལ་ཟེར།

Diversification 分元化

སྣེ་མང་ཅན། ཆེས་ཆུང་བའི་ཉེན་ཚབས་ཡོང་འབབ་མཐོར་འདེགས་གཏོང་བའི་འཐབ་ཇུས་ཤིག་ཡིན། འགྲོ་གྲོན་སྡེ་ཁག་གམ་ཡང་ན་ཐོན་རྫས་མི་མཐུན་པའི་སྟེང་ལ་ཁག་བགོ་ཁྲོམ་ར་མི་མཐུན་པ་དང་ས་ཁུལ་ཁྱབ་ཁོངས་མི་མཐུན་པར་ཁྱབ་ཏུ་འཇུག་པར་ཟེར།

Dividend 股利

རྐང་དངུལ་སྐྱེད་ཀ ཁེ་ལས་ཀྱིས་ལོ་རེར་བཞིན་རྐང་བདག་ལ་སྤྲོད་པའི་དངུལ་ནི་རྒྱུན་ལྡན་དུ་ཁེ་སྤོགས་ཀྱི་ཆ་ཤས་ཤིག་ཡིན། རྐང་དངུལ་སྐྱེད་ཀའི་ལས་ཕྱོད་གྲངས་ནི་རྒྱུན་ལྡན་དུ་ཁེ་ལས་སྦྱིན་བདག་གིས་རང་འདོད་དུ་ཐག་གཅོད་བྱས་པ་ཡིན།

Early adopter 早期用户

ཐོག་མའི་སྤྱོད་མཁན། ཐོག་མར་ཐོན་རྫས་གསར་བའམ་ལག་རྩལ་གསར་བ་བཀོལ་སྤྱོད་བྱེད་མཁན་གྱི་ཁེ་ལས་སམ་ཉོ་བདག་ལ་ཟེར།

E-commerce 电子商务

གློག་རྡུལ་ཚོང་དོན། དབྱིན་ཡིག་གི“E-commerce”ཞེས་པའི་བསྡུས་འབྲི་ཡིན་ལ། ཁེ་ལས་དང་འཛད་སྤྱོད་པས་འབྲེལ་དྲྭ་དང་གློག་རྡུལ་མ་ལག་བརྒྱུད་ནས་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་ཆོག

EQ 情商

སེམས་ནོར། རང་ཉིད་དང་མི་སྒེར་གྱི་སེམས་ཁམས་རྟོགས་པ་དང་ཚོད་འཛིན། དཔྱད་འཇོག་བཅས་བྱེད་པའི་ནུས་པ་ལ་ཟེར། ཨ་རིའི་སེམས་ཁམས་རིག་པ་བ་ཏན་ནེལ་གོལ་མན་གྱིས་ཁེ་ལས་འགོ་ཁྲིད་པར་རྒྱུན་ལྡན་དུ་སེམས་ནོར་མཐོན་པོ་དགོས་པ་དང་། སེམས་ནོར་མཐོན་པོས་འགོ་ཁྲིད་པའི་ཁྱད་ཆོས་གཞན་པར་སྐུལ་འདེད་བྱེད་སྲིད་པར་དོ་སྣང་བྱུང་།

Emotional seling proposition 情感销售主张

བརྩེ་བས་ཚོང་སྐུལ་འདོད་ཚུལ། ཚོང་གཉེར་འཐབ་ཇུས་རིགས་ཤིག་ཡིན་ལ་འཛད་སྤྱོད་པ་དང་ཟོང་རྟགས་ཀྱི་བར་དུ་མཛའ་བརྩེའི་འབྲེལ་བ(ལ་རྒྱ་དང་ཁ་མཚར། འདོད་འདུན་ལྟ་བུ)བཙུགས་ནས་འཛད་སྤྱོད་མཁན་ལ་ཉོ་སྒྲུབ་བྱེད་པར་སྐུལ་མ་གཏོང་བར་ཟེར།

Entrepreneur 企业家

ཁེ་ལས་པ། ཚོང་ལས་ཀྱི་ཉེན་ཚབས་ཁུར་བའི་དུས་ཡུན་དུ་ཁེ་སྤོགས་ཐོབ་མཁན་གྱི་མི་ལ་ཟེར།

Equity 股权

རྐང་དབང་། “ཁེ་དབང”དང“མ་རྐང”དུ་བསྒྱུར་ཡོད་པ་ཡང་ཡོད། ཁེ་ལས་ཀྱིས་དངུལ་འཇོག་བྱེད་སྐབས་འགྲེམ་སྤེལ་བྱས་པའི་རྐང་འཛིན་གྱི་རིན་ཐང་ཡིན། “རྐང་དབང”གིས་ཀྱང་ཁེ་ལས་ཀྱི་བདག་དབང་གི་ཆ་ཤས་སམ་ཧྲིལ་བོ་མཚོན་བཞིན་ཡོད། རྩིས་གཉེར་གྱི་སྟེང་ནས་ཁེ་ལས་སམ་མི་སྒེར་གྱི་རྐང་དབང(ཡང་ན་རིན་ཐང་གཙང་མ)རྒྱུ་ནོར་སྤྱི་ལས་སྤྱིའི་དོམ་དངུལ་འཐེན་པ་དང་འདྲ།

First-mover advantage 先行优势

སྔོན་སྐྱོད་ལེགས་བབ། ཐོག་མར་ཁྲོམ་ར་ལ་ཞུགས་པའི་ཁེ་ལས་ལ་ཐོབ་པའི་ལེགས་བབ་ཡིན།

Fixed cost 固定成本

གཏན་འཇགས་འགྲུབ་ཡོན། ཐོན་སྐྱེད་བྱས་པའི་ཐོན་རྫས་དང་ཞབས་ཞུའི་གྲངས་ཚད་ལ་བསྟུན་ནས་འགྱུར་ལྡོག་མེད་པའི་འགྲུབ་ཡོན་ཏེ། དཔེར་ན། བོགས་དངུལ་དང་གླ་ཕོགས་ལྟ་བུ་ཡིན།

Forecasting 预测

སྔོན་དཔག འདས་སོང་གི་གཞི་གྲངས་བཀོལ་ནས་མ་འོངས་པའི་འགྲོ་ཕྱོགས་ལ་རིགས་འདེད་བྱས་ཏེ། ཁེ་ལས་དང་ཞབས་ཞུའི་དགོས་མཁོ་ལ་དཔྱད་དཔག་བྱས་པ་ཞིག་ཡིན།

Free market 自由市场

རང་དབང་ཁྲོམ་ར། དཔལ་འབྱོར་དངོས་ཚན་གྱི་རིགས་ཤིག་ཡིན། སྒེར་གཟུགས་དང་ཁེ་ལས་ཀྱིས་མཁོ་འདོན་དང་དགོས་མཁོ་ལ་གཞིར་བྱས་ནས་ཐོན་སྐྱེད་ཐབས་ཇུས་གཏན་ལ་ཕབ་པ་དང་། རིན་གོང་ཁྲོམ་རས་གཏན་ཁེལ་བྱས་པ་ཡིན།

Groupthink 群体思维

ཁྱུ་ཚོགས་ཀྱི་བསམ་གཞིག ཁྱུ་ཚོགས་ཀྱི་དགའ་ཕྱོགས་དམིགས་བསལ་བ་ཞིག་ཡིན། ཁྱུ་ཚོགས་ཀྱི་མི་སྣས་བསམ་ཚུལ་གཞི་གཅིག་ཏུ་འབབ་པ་ནི་ནུས་ལྡན་གྱི་ཐབས་ཇུས་ལས་ཀྱང་གལ་ཆེ་བར་འདོད།

Gygiene factors 卫生因素

འཕྲོད་བསྟེན་གྱི་རྒྱུ་རྐྱེན། གལ་སྲིད། དོ་དམ་འོས་འཚམ་མིན་ན་བྱ་བར་ཡིད་མི་ཚིམ་པའི་རྒྱུ་རྐྱེན་མང་བོ་ཞིག་འབྱུང་སྲིད། འདི་ནི་ཨ་རིའི་སེམས་ཁམས་རིག་པ་བ་ཧྥི་རིས་དི་རེ་ཁི་ཧེར་ཚི་པེར་གི་ཡིས་བཏོན་པ་ཡིན། རྒྱུ་རྐྱེན་གཞན་ཞིག་ནི་ཀུན་སློང་གི་གཞི་རྐྱེན་ཡིན་ལ། དེས་བྱ་བའི་ཡིད་ཚིམ་ཚད་མཐོར་འདེགས་གཏོང་ཐུབ།

Inflation 通货膨胀

འཁོར་དངུལ་སྦོས་འགྲེམ། དཔལ་འབྱོར་དངོས་ཚན་གྱི་ཀྱི་ཁྲོད་དུ་ཐོན་རྫས་དང་ཞབས་ཞུའི་རིན་གོང་གཏན་འཇགས་ཀྱི་གོང་དུ་འཕར་བར་ཟེར།

Interest rate 利率

མ་སྐྱེད་བསྡུར་ཚད། དངུལ་བུན་ལེན་མཁན་གྱིས་ལོ་རེའི་འགྲོ་གྲོན་གྱི་སྐྱེད་ཀ(མ་དངུལ་བསྐྱིས་པའི་གླ་ཆ)ལ་མ་དངུལ་བསྐྱིས་པའི་སྤྱི་གྲངས་ཀྱིས་བགོས་རྗེས་ཐོབ་པའི་བརྒྱ་ཆའི་བསྡུར་བ་ཡིན།

Inventory 存货

བསགས་དངོས། མཛོད་ཁང་དང་རིགས་འདྲ་བའི་སར་གསོག་ཉར་གྱི་རྣམ་པར་ཡོད་པའི་ཚོང་རྫས་དང་མ་བཅོས་རྒྱུ་ཆ་ལ་ཟེར། སྤྱི་གཉེར་ཁང་གི་རྒྱུ་ནོར་སྤྱི་ལ་གོ་ཡང་ཆོག དེའི་ཁྲོད་དུ་མ་བཅོས་རྒྱུ་ཆ་དང་ཕྱེད་གྲུབ་དངོས་རྫས་དང་འགྲུབ་ཡོད་པའི་དངོས་རྫས་བཅས་འདུ།

Investment 投资

དངུལ་འཇོག ཚོང་ལས་ཀྱི་ཁྲོད་དུ་དངུལ་འཇོག་གིས་སྟོན་བཞིན་པ་ནི་བུན་འཛིན་ནམ་རྐང་འཛིན་ཉོ་སྒྲུབ་བྱེད་པའི་བྱེད་སྒོ་ཡིན། ཁེ་ལས་ཀྱིས་ལས་ཕྱོད་མཐོར་འདེགས་གཏོང་ཆེད་སྒྲིག་བཀོད་བྱས་པའི་དངོས་རྫས(ཅ་ལག་གསར་བ་ལྟ་བུ)ལས་ཐོན་པའི་འགྲོ་གྲོན་ལྟ་བུ།

kaizen 改善

ལེགས་བཅོས། ཉི་ཧོང་གི་མིང་ཚིག་ཅིག་ཡིན། ནང་དོན་ནི“བཅོས་སྒྱུར་ལེགས་པོ”ཡིན། ཚོང་ལས་ལས་རིགས་སུ་ལེགས་བཅོས་ནི་ཐོན་སྐྱེད་ཚད་མཐོར་འདེགས་གཏོང་ཆེད་རྒྱུན་མཐུད་དུ་ལེགས་བཅོས་བྱས་པར་ཟེར།

Leverage 杠杆

འཇའ་ཤིང་། ཁེ་ལས་དང་མི་སྒེར་གྱིས་ལས་གཉེར་བྱེད་སྒོར་མ་དངུལ་བསྲེས་སྣོན་བྱེད་ཆེད་བསྐྱིས་པའི་མ་དངུལ་གྱི་ཚད་གཞི་ལ་ཟེར། འགྱོགས་མདའ་མཐོ་བ་དར་དྲགས་ན་དོམ་དངུལ་མཐོན་པོས་ཡུན་ཐུང་གི་དར་རྒྱས་འབྱུང་དུ་འཇུག་ཐུབ་ན་ཡང་དེའི་ཕྱིས་སུ་ཉམས་རྒུད་དུ་འགྲོ་སྲིད།

Leverage buy–out,LBO 杠杆收购

འཇའ་ཤིང་སྡུད་ཉོ། ཁེ་ལས་དང་མི་སྒེར་ཚོགས་པས་གྲུབ་པའི་ཚོགས་པས་ཁེ་ལས་སྡུད་ཉོ་བྱས་པའི་སྤྱོད་སྟངས་ལ་ཟེར། སྡུད་ཉོ་ལ་བཀོལ་བའི་མ་དངུལ་མང་ཆེ་བ་ནི་བསྐྱིས་དངུལ་ལས་བྱུང་།

Liability 负债

བུན་དོམ། ཁེ་ལས་ཀྱི་ཕྱི་ཕྱོགས་མི་སྣ་ལ་ཆད་པའི་ནོར་དོན་དོམ་དངུལ་ལམ་ཡང་ན། ཕྱི་ཕྱོགས་མི་སྣས་ཁེ་ལས་ཀྱི་རྒྱུ་ནོར་ནས་གུན་གསབ་ལེན་པའི་དབང་ཆ་ལ་ཟེར།

Liquidity 流动性

འཁོར་སྐྱོད་རང་བཞིན། རྒྱུ་ནོར་གྱི་རིན་ཐང་ཇེ་དམའ་རུ་མ་བཏང་བའི་ཆ་རྐྱེན་འོག་ཏུ་རྒྱུ་ནོར་ཉོ་འཚོང་བྱས་པའི་དཀའ་སླའི་ཚད་གཞི་ལ་ཟེར། ལག་དངུལ་ནི་འཁོར་སྐྱོད་རང་བཞིན་ཆེས་ཆེ་པའི་རྒྱུ་ནོར་ཡིན། དེའི་རིན་ཐང་གི་གཏན་འཇགས་རྒྱུན་མཐུད་བྱེད་ཐུབ་པས་ཡིན།

Long tail longtail 长尾

མཇུག་རིང་། དབྱིན་ཇིའི་རྩོམ་པ་པོ་དང་ཁེ་ལས་པ་ཁི་རིས་སི་ཨན་དེར་སོན་གྱིས་བཟོས་པའི་མིང་ཚིག་ཅིག་ཡིན། དམིགས་དབྱེ་ཐོན་རྫས་ཀྱིས་དགོས་མཁོའི་འཁྱོག་ཐིག་གི་ཕྲ་སའི“མཇུག་སྣེ”ཡི་ཕྱི་འཚོང་གི་གྲངས་འབོར་དེ་དགོས་མཁོའི་འཁྱོག་ཐིག་གི“སྔ་དུམ”གྱི་བྲིན་འཚོང་གི་ཐོན་རྫས་ཕྱིར་འཚོང་ལས་ཆེ་བ་སྟོན་བཞིན་ཡོད།

Market 市场

ཁྲོམ་ར། ཐོན་རྫས་དང་ཞབས་ཞུ་ཉོ་འཚོང་བྱེད་མཁན་གྱི་འཛད་སྤྱོད་པར་ཟེར། ཉོ་མཁན་དང་འཚོང་མཁན་གྱིས་ཚོང་རྫས་བརྗེ་རེས་བྱེད་སའི་ས་གནས་ལ་ཡང་གོ་ཆོག་སྟེ། དཔེར་ན་ཚོང་ཁང་དང་དྲྭ་ཚིགས་ལྟ་བུའོ།།

Marketing 营销

ཚོང་གཉེར། འཛད་སྤྱོད་པ་དང་ཁེ་ལས་ལ་གདོང་གཏད་ནས་ཐོན་རྫས་དང་ཞབས་ཞུ་ཕྱིར་འཚོང་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་ཞིག་ལ་ཟེར། ཕྱོད་ལྡན་ཚོང་གཉེར་གྱིས་ཉོ་བདག་གི་དགོས་མཁོ་དབྱེ་འབྱེད་དང་སྔོན་དཔག་བྱེད་ཐུབ་པ་མ་ཟད། དེ་ལ་ཕྱིར་ལན་ལྡོག་ཐུབ།

Market leader 市场领导者

ཁྲོམ་རའི་སྣེ་ཁྲིད་མཁན། ཁྲོམ་རའི་ཐོབ་སྐལ་ཆེས་མཐོ་བའི་ཐོན་རྫས་དང་ཁེ་ལས་ལ་ཟེར།

Merger 合并

ཟླ་སྒྲིལ། ཁེ་ལས་གཉིས་དང་གཉིས་ཡན་སྒེར་ཚུགས་དང་ཐོབ་ཐང་གསར་བ་ཡོད་པའི་རྩ་འཛུགས་སུ་ཟླ་སྒྲིལ་བྱེད་པར་ཟེར། རྒྱུན་ལྡན་ལྟར་བཤད་ན། ཟླ་སྒྲིལ་ནི་རྐང་བདག་གི་རིན་ཐང་འཕར་སྣོན་དང་དེ་ཁེ་ལས་གཉིས(གཉིས་ཀྱི་ཡན)ཀྱི་བསྡོམས་འབོར་ལས་ཐོད་བརྒལ་བྱེད་ཆེད་ཡིན།

micro loan 小微贷款

དངུལ་བུན་ཆུང་གྲས། ཁེ་ལས་ཆུང་བར་དམིགས་པའི་འབོར་ཉུང་དངུལ་བུན་ལ་ཟེར།

Micropreneur 小微企业家

ཁེ་ལས་པ་ཆུང་གྲས། རང་ལ་དབང་བའི་ཁེ་ལས་ཆུང་བ་གསར་འཛུགས་དང་གསར་སྒྲུབ་བྱེད་མཁན་གྱི་ཁེ་ལས་པར་ཟེར་ཞིང་། རྒྱུན་ལྡན་དུ་གླ་ཕོགས་ཡོད་པའི་བྱ་བ་དང་མཉམ་དུ་ལས་བཏོད་བྱེད་པར་ཟེར།

M-commerce 移动商务

སྤོ་འགུལ་ཚོང་དོན། དབྱིན་ཡིག་གི“mobile commerce”ཞེས་པའི་བསྡུས་འབྲི་ཡིན་ལ། ལག་འཁྱེར་རྩིས་འཁོར་དང་རིག་ནུས་འཕྲུལ་ཆས་སོགས་སྤོ་འགུལ་གྱི་སྒྲིག་ཆས་སོགས་བཀོལ་ནས་དྲྭ་རྒྱའི་ཚོང་ལས་ཀྱི་ཉོ་འཚོང་སྤེལ་བར་ཟེར།

Monopoly 垄断

སྒེར་སྡོམ། ཁེ་ལས་གཅིག་ཁོ་ན་ཁྲོམ་རར་སྐྱེ་སྟོབས་ཆེ་བར་ཟེར། སྒེར་སྡོམ་ཁེ་ལས་ཀྱི་ཐོན་རྫས་སྣ་མང་ཅན་གྱི་ཚད་གཞི་རྒྱུན་ལྡན་དུ་མཐོན་པོ་མེད། འགྲན་རྩོད་མེད་པས་སྒེར་སྡོམ་ཁེ་ལས་ཀྱིས་རིན་གོང་མཐོན་པོའི་སྒོ་ནས་ཐོན་རྫས་ཕྱིར་འཚོང་བྱེད་ཆོག

Niche market 利基市场

དམིགས་དབྱེའི་ཁྲོམ་ར། མཁོ་འདོན་ཚོང་ཁག་ཆེ་ཤོས་ཀྱིས་མཁོ་འདོན་བྱེད་མ་ཐུབ་པའི་ཐོན་རྫས་དང་ཞབས་ཞུ་ཉུང་གྲས་ཀྱི་རིགས་ལ་ཟེར།

Off-balance-sheet finance 表外金融

རེའུ་མིག་ཕྱིའི་དངུལ་རྩ། རྩིས་གཉེར་གྱི་ལག་ཐབས་ཤིག་ཡིན་ལ། དོམ་དངུལ་རེ་འགའའམ་རྒྱུ་ནོར་ཁེ་ལས་ཀྱི་མ་རྩའི་དོམ་དངུལ་རེའུ་མིག་གི་སྟེང་ལ་མ་བཀོད་པར་ཟེར།

Open innovation 开放式创新

སྒོ་འབྱེད་རྣམ་པའི་གསར་གཏོད། བསམ་བློ་འདི་ནི་ཁེ་ལས་ཕྱི་ཕྱོགས་ཀྱི་ཆེད་ལས་རྩལ་ནུས(སྤྱིར་བཏང་དུ་སྤྱི་འབྲེལ་སྨྱན་བྱད་དང་འབྲེལ་དྲྭ་བརྒྱུད་པ)བཀོལ་ཏེ། ཁེ་ལས་ཀྱི་འཇོན་མིའི་རྨང་གཞི་རྒྱ་བསྐྱེད་བཏང་ནས་ཁེ་ལས་ཀྱི་ཐོན་རྫས་དང་ཞབས་ཞུ་གསར་བ་གསལ་རྟོགས་ཚད་ཇེ་ཆེར་གཏོང་བར་ཟེར།

Operating margin 营运利润率

ལས་གཉེར་ཁེ་སྤོགས་ཀྱི་ཚད། ཁེ་སྙེག་ནུས་པའི་ཚད་གཞི་སྟེ། ཁེ་ལས་ཀྱི་ལས་གཉེར་ཁེ་སྤོགས་དང་ཡོང་འབབ་ཀྱི་བསྡུར་བར་ཟེར། “ལས་གཉེར་ཁེ་སྤོགས་ཚད”དུ་བསྒྱུར་བ་ཡང་ཡོད།

Outsourcing 外包

ཕྱི་ལ་འགན་སྤྲོད། ཁེ་ལས་ནང་ཁུལ་གྱི་ངེས་གཏན་གྱི་ལས་འགན་དང་བྱེད་ནུས་ཕྱིའི་ཁེ་ལས་ལ་འགན་སྤྲོད་བྱས་པར་ཟེར།

Overhead 日常开支

ཉིན་རྒྱུན་གྱི་འགྲོ་གྲོན། ཁེ་ལས་ཀྱིས་ལས་གཉེར་རྒྱུན་འཁྱོངས་བྱེད་པའི་འགྲུབ་ཡོན་ཏེ། དཔེར་ན་ལས་གནས་ཀྱི་བོགས་དངུལ་ལྟ་བུར་ཟེར། “ལས་གཉེར་འགྲུབ་ཡོན”དུ་བསྒྱུར་བ་ཡང་ཡོད།

Positioning 定位

གནས་ཚད་གཏན་ཁེལ། ཚོང་གཉེར་གྱི་འཐབ་ཇུས་རིགས་ཤིག་ཁྲོམ་རའི་སྟེང་ནས་ཟོང་རྟགས་ལ་སྒེར་ཚུགས་ཀྱི་གནས་ས་གཏན་ཁེལ་བྱེད་པར་བཀོལ་བ་ལ་ཟེར།

Private limited company,Ltd私人有限公司

སྒེར་བའི་ཚད་ཡོད་སྤྱི་གཉེར་ཁང་། ཁེ་ལས་ཀྱི་རིགས་ཤིག་ཡིན་ཞིང་དེའི་ཚོགས་མི་རྣམས་ཀྱི་འགན་འཁྲི་ལ་ཚད་ཡོད་དང་། ཁེ་ལས་ཀྱི་མ་དངུལ་བསྲེས་སྣོན་གྱིས་ཚད་བཀག་བྱས་ཡོད། མི་མང་གིས་ཁེ་ལས་ཀྱི་རྐང་འཛིན་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་མི་ནུས།

Product protfoio 产品组合

ཐོན་རྫས་སྡེབ་སྒྲིག ཐོན་རྫས་དང་ལས་གཉེར་སྡེ་ཁག་མང་བོ་མཉམ་གཅིག་ཏུ་སྡེབ་སྒྲིག་བྱས་པའི་འཐབ་ཇུས་ལ་ཟེར།

Profit 利润

ཁེ་སྤོགས། ཡོང་འབབ་ལས་འགྲོ་གྲོན་དང་ཁྲལ་དངུལ། ལས་གཉེར་འགྲུབ་ཡོན་བཅས་འཐེན་རྗེས་ལྷག་ཡོད་པའི་ཆ་ལ་ཟེར།

PIC 公共有限公司

སྤྱི་བའི་ཚད་ཡོད་སྤྱི་གཉེར་ཁང་། སྤྱི་བའི་ཚད་ཡོད་སྤྱི་གཉེར་ཁང་དང་མི་སྒེར་གྱི་ཚད་ཡོད་སྤྱི་གཉེར་ཁང་རིགས་འདྲ་བོ་ཡོད། ཚོགས་མིའི་དོམ་དངུལ་ནི་སྤྱི་གཉེར་ཁང་དུ་དངུལ་འཇོག་བྱས་པའི་གྲངས་ཀྱི་ཚད་བཀག་བྱས་ཡོད། སྤྱི་བའི་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་འཛིན་ནི་རྐང་འཛིན་ཁྲོམ་རའི་སྟེང་ནས་བརྗེ་རེས་བྱེད་ཆོག་པ་ཞིག་ཡིན་པས། མི་མང་གིས་ཉོ་འཚོང་བྱེད་བཞིན་ཡོད།

Recession 衰退

ཉམས་ཞན། དུས་ཡུན་ངེས་ཅན་ཞིག་གི་ནང་དཔལ་འབྱོར་ས་ཁོངས་སྤྱིའི་ཐོན་འབབ་ཇེ་དམའ་རུ་སོང་བར་ཟེར།

Reserves 公积金

སྤྱི་གསོག་མ་དངུལ། ཚོང་ལས་ལས་རིགས་སུ་སྤྱི་གཉེར་ཁང་གིས་འབྱུང་འགྱུར་དུ་བཀོལ་བར་གསོག་ཉར་བྱས་པ་དང་རྐང་བདག་ལ་བགོ་འགྲེམ་བྱས་མེད་པའི་ཁེ་སྤོགས་ལ་གོ་དགོས།

ROE 股权收益率

རྐང་དབང་ཡོང་འབབ་ཚད། ཁེ་ལས་ནོར་དོན་ལས་ཕྱོད་ཀྱི་འཇལ་ཚད་ཅིག་ཡིན་ལ། ཁེ་སྤོགས་དང་རྐང་འཛིན་བདག་པོའི་ཁེ་དབང་གི་བསྡུར་ལ་ཟེར།

ROI 投资回报率

དངུལ་འཇོག་འཐོབ་ཁེའི་ཚད། འཐོབ་ཁེ་དང་སྤྱི་གཉེར་ཁང་ལ་དངུལ་འཇོག་བྱས་པའི་སྤྱིའི་མ་དངུལ་གྱི་བསྡུར་བར་ཟེར།

Revenue 收益

ཡོང་འབབ། “ཕྱིར་འཚོང་དང་འཁོར་ཡུན”ལ་ཡང་ཟེར། ཁེ་ལས་ཀྱིས་དུས་ཡུན་ཞིག་གི་ནང་ཐོབ་པའི་ཡོང་འབབ་ལ་ཟེར། ཕྱིར་ཐོབ་པའི་ཡོང་འབབ་ནི་ཐོན་རྫས་ཕྱིར་འཚོང་བྱས་པའི་རིན་གོང་དང་གྲངས་འབོར་ལ་རག་ལས་ཡོད།

Risk 风险

ཉེན་ཚབས། དངུལ་འཇོག་གི་མཐོང་སྣེ་ནས་བལྟས་ན་ཉེན་ཚབས་ནི་དངུལ་འཇོག་གམ་རྒྱུ་ནོར་འབྲེལ་ཡོད་ཀྱི་གཏན་འཇགས་མིན་པའི་རང་བཞིན་ལ་ཟེར། དཔེར་ན། ཉེན་ཚབས་མཐོ་བའི་དངུལ་འཇོག་ལས་འཐོབ་ཁེ་ཆེན་པོ་ཡོད་སྲིད་ཀྱང་། གལ་སྲིད། དངུལ་འཇོག་ལ་ཕམ་ཁ་བྱུང་བ་ཡིན་ན་དངུལ་འཇོག་མཁན་ལ་ཅི་ཡང་མེད་པར་འགྱུར་སྲིད། ལས་གཉེར་ཉེན་ཚབས་ཀྱིས་སྟོན་བཞིན་པ་ནི་གོམ་སྟབས་དང་མི་སྣའམ་མ་ལག་གི་སྐྱོན་ཆའི་དབང་གིས་ཕམ་ཁ་བྱུང་བའི་ཉེན་ཚབས་ལ་ཟེར།

Securities 证券

དངུལ་འཛིན། ཁྲོམ་རའི་སྟེང་བརྗེ་རེས་བྱས་པའི་དངུལ་འཇོག་གི་ལག་ཆ་རབ་དང་རིམ་པའི་སྤྱི་མིང་ལ་ཟེར་ཞིང་། དེའི་ཁྲོད་དུ་བུན་འཛིན་དང་གདམ་གསེས་ཀྱི་དབང་ཆ། དུས་ཡུན་ངེས་གཏན་གྱི་དབང་ཆ་དང་རྐང་འཛིན་སོགས་འདུ།

Shadow bank 影子银行

གྲིབ་གཟུགས་དངུལ་ཁང་། མ་དངུལ་ཁེ་ལས་ཀྱི་དངུལ་ཁང་མིན་པའི་དངུལ་རྩའི་སྡེ་ཁག་ལ་སྐྱིས་པར་ཟེར། གྲིབ་གཟུགས་དངུལ་ཁང་གིས་མཁོ་འདོན་བྱས་པའི་ཞབས་ཞུ་དང་སྲོལ་རྒྱུན་གྱི་དངུལ་ཁང་གི་རིགས་འདྲ། འོན་ཀྱང་། སྲོལ་རྒྱུན་གྱི་དངུལ་ཁང་དང་འདྲ་བའི་ལྟ་སྐུལ་དང་དོ་དམ་གྱི་ཁུར་བོ་མེད།

Share 股份

རྐང་སྐལ། ཁེ་ལས་ཤིག་གི་བདག་དབང་གིས་རྐང་འཛིན་གྱི་བདག་དབང་མཚོན་བཞིན་ཡོད།

Shareholder 股东

རྐང་བདག སྤྱི་གཉེར་ཁང་གི་རྐང་འཛིན་ཡོད་པའི་སྒེར་གཟུགས་དང་རྩ་འཛུགས་ལ་ཟེར། དབྱིན་ཡིག་ཏུ་ཡངstockholderཟེར།

Speculating 投机

སྐབས་འཚོལ། ཉེན་ཚབས་མཐོ་བའི་དངུལ་འཇོག་ལས་གྲངས་འབོར་མང་བའི་ཁེ་འབབ་འབྱུང་སྲིད་ལ། ཉེན་ཚབས་མཐོ་བའི་དབང་གིས་གྱོང་གུད་ཆེན་པོ་ཕོག་པ་ཡང་ཡོད།

Start-up 创业企业

ལས་བཏོད་ཁེ་ལས། གསར་འཛུགས་བྱས་ཟིན་པ་དང་བྱེད་གྲབས་ཡོད་པའི་ཁེ་ལས་ལ་ཟེར།

Stock 股票

རྐང་འཛིན།རྐང་བདག་གིས་བཟུང་བའི་སྤྱི་གཉེར་ཁང་གི་རྐང་དངུལ་ལ་ཟེར།stockཞེས་པའི་མིང་གིས་སྟོན་བཞིན་པ་ནི་ཁེ་ལས་ཀྱིས་ལས་གཉེར་བྱ་ཡུལ་དང་མཛོད་ཁང་དུ་གསོག་ཉར་བྱས་ནས་ཕྱིར་འཚོང་ངམ་ཁག་བགོའི་ཚོང་འགྲེམ་བྱེད་ཆོག་པའི་དངོས་ཟོག་ལ་ཟེར།

Stock market 股票市场

རྐང་འཛིན་ཁྲོམ་ར། རྐང་འཛིན་ཉོ་འཚོང་བྱེད་ཡུལ་ལ་ཟེར།

Supply 供给

འདོན་སྤྲོད། ཉོ་སྒྲུབ་བྱེད་ཆོག་པའི་ཐོན་རྫས་དང་ཞབས་ཞུའི་གྲངས་ཚད་ལ་ཟེར།

Supply chain 供应链

མཁོ་འདོན་གྱི་མུ་ཁྱུད། ཐོན་རྫས་དང་ཞབས་ཞུས་ཐོན་སྐྱེད་དང་ཁག་བགོའི་ཚོང་འགྲེམ་དང་འབྲེལ་ཡོད་ཀྱི་མི་སྣ་དང་བརྒྱུད་རིམ་ལ་ཟེར།

SURPLUS 过剩

མཁོ་ཉུང་འདོན་མང་། འདོན་སྤྲོད་དགོས་མཁོ་ལས་བརྒལ་བའི་ཆ་ཤས་ལ་ཟེར། གལ་སྲིད། ཐོན་སྐྱེད་བྱས་པའི་ཐོན་རྫས་དང་ཞབས་ཞུའི་ཐོན་ཁུངས་འཛད་སྤྱོད་ལས་བརྒལ་ན་མཁོ་ཉུང་འདོན་མང་གི་གནས་ཚུལ་འབྱུང་སྲིད།

Sustainability 可持续性

རྒྱུན་མཐུད་རང་བཞིན། ཁེ་ལས་ཀྱིས་བཀོལ་བཞིན་པའི་ནུས་ཁུངས་བསྐྱར་དུ་བཀོད་སྒྲིག་ཐུབ་པ་ཁག་ཐེག་བྱེད་པའི་འཐབ་ཇུས་སྟེ། དཔེར་ན། ཤོག་བུ་བཟོ་སྐྲུན་ཚོང་ཁག་གིས་ཤིང་སྡོང་འདེབས་འཛུགས་བྱེད་པ་ལྟ་བུའོ།།

Synergy 协同效应

མཐུན་སྡེབ་ནུས་སྣང་། སྤྱི་གཉེར་ཁང་གཉིས་སམ་ཁེ་ལས་ཤིག་གི་སྡེ་ཁག་གཉིས་ཟླ་སྒྲིལ་བྱས་རྗེས་སྔོན་དཔག་ལྟར་བྱུང་བའི་མཇུག་འབྲས་ལ་ཟེར།

Takeove 收购

བསྡུ་ཉོ། ཁེ་ལས་ཤིག་གིས་ཁེ་ལས་གཞན་ཞིག་བསྡུ་ཉོ་བྱས་པར་ཟེར།

Treasury function 理财职能

ནོར་གཉེར་འགན་ནུས། ཁེ་ལས་ཀྱི་ནོར་དོན་སྡེ་ཁག(ནོར་དོན་ལས་གཉེར་སྡེ་ཁག)ལ་བརྟེན་ནས་དངོས་ཡོད་འཁོར་སྐྱོད་རང་བཞིན་དང་ཁེ་ལས་ཀྱི་ལག་དངུལ་འཁོར་སྐྱོད་ཡོང་འབབ་བར་གྱི་ཆེས་ལེགས་པའི་དོ་མཉམ་མངོན་འགྱུར་བྱུང་བར་ཟེར། དེར་ད་དུང་ཁེ་སྤོགས་གསར་སྐྲུན་དང་ཉེན་ཚབས་དོ་དམ་འཆར་གཞི། ལས་གཉེར། རྐང་བདག་གི་འབྲེལ་བ་སོགས་འདུ།

Unique selling point, USP 独特销售主张

ཁྱད་འཕགས་ཀྱི་ཕྱིར་འཚོང་འདོད་ཚུལ། ཁེ་ལས་ཀྱིས་རང་གི་ཐོན་རྫས་འགྲན་ཡ་ལས་ཁྱད་པར་འབྱེད་པའི་ཚོང་གཉེར་འཐབ་ཇུས་ཤིག་ཡིན། ཚོང་མགྲོན་ལ་འགྲན་ཡར་མེད་པའམ་མཁོ་འདོན་བྱེད་མི་ཐུབ་པའི་དངོས་པོ་མཁོ་འདོན་བྱས་པ་ལ་ཟེར།

Venture capital 风险资金

ཉེན་ཚབས་མ་དངུལ། ཁེ་ལས་གསར་སྤེལ་བྱེད་པའི་ཐོག་མའི་དུས་རིམ་དུ་བཞག་པའི་མ་དངུལ་ལ་ཟེར།

Viral marketing 病毒式营销

ནད་དུག་རྣམ་པའི་ཚོང་གཉེར། འབྲེལ་དྲྭ་དང་སྤྱི་འབྲེལ་སྨྱན་བྱད་བརྒྱུད་ནས་ཁྱབ་སྤེལ་བྱས་པའི་ཐོན་རྫས་དང་ཞབས་ཞུས་མགྱོགས་མྱུར་སྒོས་འཛད་སྤྱོད་པ་མང་བོ་ཞིག་ལ་སྤྲོ་སྣང་བྱུང་དུ་བཅུག་པར་ཟེར།

Working capital 运营资本

ལས་གཉེར་མ་རྩ། ཁེ་ལས་ཀྱི་ཉིན་རྒྱུན་ལས་གཉེར་ལ་བཀོལ་བའི་མ་རྩ་ཡིན་ལ། དེ་ནི་མིག་སྔའི་རྒྱུ་ནོར་དང་མིག་སྔའི་དོམ་དངུལ་གྱི་བར་ཁྱད་ཡིན།

<<ཚོང་ལས་རིག་མཛོད>>ལས་སངས་རྒྱས་མཁར་གྱིས་བསྒྱུར་ཅིང་མང་རྒྱན་གྱིས་ཞུ་ཆེན་བྱས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།