ཏང་དང་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་བར་གྱི་འབྲེལ་བ།

ཏང་དང་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་བར་གྱི་འབྲེལ་བ་གླེང་དགོས་ན། ཐོག་མར་ཀྲུང་གོའི་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྔོན་ཐོན་ན་གཞོན་རྣམས་ཀྱི་ཐུན་མོང་ཚོགས་པའི་རྩ་འཛུགས་ཤིག་ཡིན་པ་ངེས་པར་ཤེས་དགོས།

གཅིག ཀྲུང་གོའི་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྔོན་ཐོན་ན་གཞོན་རྣམས་ཀྱི་ཐུན་མོང་ཚོགས་པའི་རྩ་འཛུགས་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ལག་ལེན་དངོས་ཀྱི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་སློབ་གྲྭ། ཏང་གི་ལས་རོགས་པ་དང་རྗེས་གྲབས་དམག་བཅས་ཡིན། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་དུ་ལེན་དགོས། གུང་གཞོན་ཚོགས་པ་ས་གནས་ཀྱི་རྩ་འཛུགས་རིམ་པ་ཁག་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ལེན་བྱ་རྒྱུ་དང་ཆབས་ཅིག་ཏུ་གུང་གཞོན་ཚོགས་པའི་གོང་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་དང་ལེན་བྱ་རྒྱུ།

གཉིས། ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་གུང་གཞོན་ཚོགས་པར་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ན་གཞོན་ཚོགས་པའི་ལས་བྱེད་པ་འདེམ་སྒྲུག་དང་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་ཡིད་འཇོག་བྱེད་དགོས། གུང་གཞོན་ཚོགས་པས་རྒྱ་ཆེའི་གཞོན་ནུའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསར་སྐྲུན་བྱེད་ཤུགས་ཆེན་པོ་ལྡན་པའི་སྒོ་ནས་ལས་ཀ་བྱེད་པར་ཏང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ།ན་གཞོན་ཚོགས་པའི་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་དང་རྒྱ་ཆེའི་ན་གཞོན་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

རྫོང་རིམ་པ་དང་རྫོང་རིམ་པ་མན་གྱི་ན་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཧྲུའུ་ཅི་དང་། ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ན་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནི་ཏང་ཡོན་ཡིན་ན་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་བྱེད་ཆོག །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།