ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་དམངས་ཐོབ་ཐང་ལག་ཁྱེར་དྲ་ཐོག་ནས་བསྒྲུབ་ཆོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ8པའི་ཚེས8ཉིན། གསར་འགོད་པས་མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ནས་རྒྱུས་ལོན་པ་ལྟར་ན། མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད། ཉིན་དེ་ནས་བཟུང་མཁར་བྱང་ཁུལ་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཐོག་མར་ཟི་ལིང་གྲོང་ཁྱེར་དུ་དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་སྒྲུབ་མགོ་བརྩམས། ས་ཁུལ་གཞན་དག་ཏུ་ད་སྔ་དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་སྒྲུབ་པའི་ཞབས་ཞུ་མེད་པས། དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་སྒྲུབ་པའི་སྐོར་གྱི་གནད་དོན་ལ་དམིགས་ནས་མཁར་བྱང་ཁུལ་སྤྱི་བདེ་ཡན་ལག་ཅུས་ཁྱིམ་སྲིད་རུ་ཆེན་གྱི་ལས་བྱེད་པས་འགྲེལ་ལན་བཏབ་ཡོད་པ་གཤམ་ལྟར།

དྲི་བ། དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་བསྒྲུབ་པར་ཆ་རྐྱེན་གང་དག་ཚང་དགོས།

ལན། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ཡིན་དགོས་པ་དང་། ལོ་གཉིས་ཀྱི་ནང་ཚུན་དུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་བསྒྲུབས་མྱོང་བར་མ་ཟད། ད་དུང་མཛུབ་རིས་ཆ་འཕྲིན་འཚོལ་བསྡུ་བྱས་མྱོང་བའི་སྤྱི་དམངས་ཡོངས་ཀྱིས་དྲ་ཐོག་ནས་བསྒྲུབ་ཆོག

དྲི་བ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཀྱི་སྡོད་དམངས་ཚོས་དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་བསྒྲུབ་ཆོག་གམ།

ལན། ཐོག་མར་མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་དགོས་པ་དང་། དོ་ཁུར་བྱས་རྗེས་སྨྱན་བྱད་གསར་པའི་མདུན་ངོས་ནས་འགྲོ་ལུགས་སྐོར་གྱི་དགོས་ངེས་ཀྱི་ཤེས་བྱ་དག་ནན་ཏན་གྱིས་བཀླག་དགོས་ལ། ཞིང་ཆེན་ཡོངས་ཀྱི་ཁོངས་གཏོགས་སྡོད་དམངས་རྣམས་ཀྱིས་དེ་མུར་དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་བསྒྲུབ་པར་ཁ་ཆད་བྱས་ཆོག དངོས་ཡོད་ལྟར་རང་ཉིད་ཀྱི་ཆ་འཕྲིན་འབྲི་དགོས་ཤིང་། ལས་བྱེད་པས་ཞིབ་དཔྱད་བྱས་པ་བརྒྱུད་ནོར་འཁྲུལ་མེད་ཚེ་གྲོན་དངུལ་སྤྲད་ཆོག་ལ། དེ་ནས་རེ་ཞུའི་འགྲོ་རིམ་མཇུག་རྫོགས་པ་ཡིན། ཐོབ་ཐང་ལག་ཁྱེར་བསྒྲུབས་ཚར་བའི་ཆ་འཕྲིན་འབྱོར་རྗེས། ད་གཟོད། མངགས་གཏོང་ཁང་དུ་ཐོབ་ཐང་ལག་ཁྱེར་ལེན་པའམ་ཡང་ན་སྡོད་གནས་ལ་བསྐུར་བའི་ལས་སྒོ་བསྒྲུབ་ཆོག

དྲི་བ། ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་བརྒལ་ནས་ཐད་ཀར་ཐོབ་ཐང་ལག་ཁྱེར་བསྒྲུབ་ཆོག་གམ།

ལན། ཟི་ལིང་གྲོང་ཁྱེར་དུ“ཞིང་ཆེན་བརྒལ་བའི་ཐོབ་ཐང་ལག་ཁྱེར་སྒྲུབ་པ”ཡི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་དེ། ཁྱེད་ཀྱིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་སྒྲུབ་སྐབས་ཁྱིམ་ཐོ་དང་མི་སྒེར་གྱི་འབྲེལ་ཡོད་ལག་ཁྱེར་སྤྲོད་མི་དགོས། རང་ཞིང་གི་ཁྱིམ་ཐོ་མིན་པའི་མང་ཚོགས་ཀྱིས་དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་སྒྲུབ་པའི་ཞབས་ཞུ་ལོངས་སུ་སྤྱོད་མི་ཐུབ།

དྲི་བ། གནས་ཚུལ་ཅི་འདྲའི་འོག་ཏུ་དྲ་ཐོག་ནས་ཐོབ་ཐང་ལག་ཁྱེར་བསྒྲུབ་མི་ཆོག

ལན། སྡོད་དམངས་ཐོབ་ཐང་ལག་ཁྱེར་ཐོག་མར་ལེན་མཁན་དང་། ཆུས་དང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་དུས་ཚོད་ལོ2ཡན་བརྒལ་བ། ཁྱིམ་ཐོ་ཞིང་ཆེན་གཞན་དུ་ཡོད་པ། ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་མཁན་གྱིས་ཡུལ་དངོས་ནས་བླངས་པའི་འདྲ་པར་དང་སྔོན་ཆད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་གཉིས་མི་འདྲ་བའམ་ཁྱད་པར་ཆེན་པོ་ཡོད་པའི་དབང་གིས་ཐོབ་ཐང་ངོས་འཛིན་བྱེད་མི་ཐུབ་པའི་རིགས་དང་། སྡོད་དམངས་ཁྱིམ་ཐོ་དང་། སྡོད་དམངས་ཐོབ་ཐང་ལག་ཁྱེར། ལམ་ཡིག ཁ་ལོ་བའི་ལག་རྟགས་སོགས་རྒྱལ་ཁབ་ལས་ཁུངས་ཀྱི་ལག་རྟགས་རྫུན་བཟོ་དང་བསྒྱུར་བཟོ། ཉོ་ཚོང་། ཧམ་ལེན། གཡོ་ལེན་སོགས་ཀྱི་བྱ་སྤྱོད་ཡོད་པའི་རིགས། ཐོབ་ཐང་ལག་ཁྱེར་ལྟ་ཀློག་ཆ་འཕྲིན་དེ་ཁྱིམ་ཐོ་ཆ་འཕྲིན་ནང་འགྱུར་ལྡོག་བཏང་རྗེས་ཐོབ་ཐང་ལག་ཁྱེར་སྒྲུབ་མེད་པའི་རིགས(ཆ་འཕྲིན་ནང་མིང་དང་ཕོ་མོ། མི་རིགས། སྐྱེས་སྐར། སྡོད་གནས། སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་བྱེད་པའི་ལས་ཁུངས།)བཅས་འདུས།

མི་དམངས་མང་ཚོགས་ཀྱི་སྤྱི་བདེའི་ཁྱིམ་ཐོ་བྱ་བར་སྟབས་བདེ་བསྐྲུན་པ་དང་ལས་ཆོད་ཆེན་པོ་ཐོན་ཆེད། མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ཁྱིམ་སྲིད་རུ་ཆེན་གྱིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་ཁ་པར་སྟེང་ནས་སྒྲུབ་པའི་ལས་སྒོ་ཁྱབ་གདལ་དུ་བཏང་ཞིང་། ཆ་རྐྱེན་འཛོམས་པའི་མང་ཚོགས་ཀྱིས་ལག་ཁྱེར་ཁ་པར་སྟེང་ནས་བསྒྲུབ་ཆོག་པ་དང་། “རྒྱང་རིང་ནས་བསྒྲུབ་ཆོག་པ། དུས་བཀག་མེད་པར་བསྒྲུབ་ཆོག་པ། ཆེད་དུ་རྒྱུག་མི་དགོས་པ”བཅས་སྟབས་བདེ་བསྐྲུན་པའི་ཞབས་ཞུ་གང་ལེགས་ལོངས་སྤྱོད་བྱེད་ཆོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།