ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྐར་འཇིག་རྒྱུ་མེད་པའི་རྒྱུ་མཚན་ཅི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྐར་ནི་ཁ་དོག་རྣམ་པར་བཀྲ་ལ་མཛེས་ཤིང་ཡིད་དུ་འོང་བའི་རྒྱ་མཚོའི་ནང་གི་སྐྱེ་དངོས་ཤིག་རེད། མཚོ་སྐར་ལ་སྤྱིར་བཏང་དུ་འགྱེད་འཕྲོ་དབྱིབས་ཀྱི་ཡན་ལག5ཡོད་ལ།ཡན་ལག14དང24ཅན་ཡང་ཡོད་པ་རེད། མཚོ་སྐར་ནི་མིག་ལ་མཛེས་པ་ཞིག་ཡིན་རུང་། མཚོ་ཁ་རུ་ཉ་རིགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་ཉ་པ་རྣམས་ཀྱིས་དེའི་མཛེས་པ་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད། མཚོ་སྐར་གྱིས་མཚོ་ནང་དུ་ཅུང་སྙི་མོའི་རང་བཞིན་གྱི་སྐྱེ་དངོས་འཚོ་རྟེན་དུ་བྱེད་བཞིན་ཡོད་པས་ཉ་པ་རྣམས་ཀྱི་ཁེ་ཕན་ལ་གཏོར་བརླག་ཐེབས་ཀྱིན་ཡོད། སྔོན་ཆད། ཉ་པ་རྣམས་ཀྱིས་མཚོ་སྐར་འཛིན་བཟུང་བྱས་རྗེས་ལུས་པོ་གཙབ་གཏུབ་བྱས་ན་ཚེ་སྲོག་ཤོར་བར་འདོད་ནས། ཕྱིར་རྒྱ་མཚོ་ཆེན་པོའི་ནང་འཕེན་བཞིན་ཡོད་མོད། དོན་དུ་དེ་ལྟར་མ་ཡིན། མཚོ་སྐར་གཙབ་གཏུབ་བྱས་རྗེས་ཕྱིར་མཚོ་ནང་དུ་འཕངས་ན། ཚེ་སྲོག་ཤོར་བ་ལས་ལྡོག་སྟེ་ཚེ་སྲོག་རྒྱས་ནས་མཚོ་སྐར་གསར་པ་སྐྱེ་འཕེལ་མང་དུ་འབྱུང་གིན་ཡོད་པས། གནོད་པ་ཐེབས་ཚད་ཅུང་ཛ་དྲག་རེད། མི་རྣམས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་བྱེད་ཐབས་དེའི་རིགས་སྤྱད་ནས་མཚོ་སྐར་ལ་གནོད་འཚེ་གཏོང་གིན་མེད།

སྔོན་ཆད། ཚན་རིག་འཕེལ་རྒྱས་ཆེན་པོ་མེད་པས་མཚོ་ཁའི་ཉ་པ་རྣམས་ཀྱིས་མཚོ་སྐར་ལ་ཚེ་སྲོག་མང་པོ་ཡོད་པར་འདོད། དོན་དངོས་སུ་དེ་ནི་བསྐྱར་སྐྱེས་སྲོག་ཆགས་ཀྱི་སྣང་ཚུལ་ཞིག་རེད། བསྐྱར་སྐྱེས་ཟེར་བ་ནི་སྲོག་ཆགས་མང་པོ་ཞིག་གི་ལུས་སྟེང་དུ་ཡོད་པའི་དམིགས་བསལ་གྱི་ནུས་པ་ཞིག་ཡིན་ལ། སྲོག་ཆགས་ཀྱིས་ཕྱིའི་རང་བྱུང་ཁམས་ཀྱི་འཇབ་རྒོལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཤིག་ཡིན་པས། མིའི་ལུས་པོའི་ཡན་ལག་ལ་བསྐྱར་སྐྱེས་ཀྱི་ནུས་པ་ཡོད་པར་བློ་སྐྱེད་ཐོབ་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།