འགྲུལ་སྐྱེལ་གནམ་གྲུའི་ནང་དུ་མཆོང་གདུགས་མེད་པའི་རྒྱུ་མཚན་ཅི།

དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ལ་སྡོད་པའི་སྐབས་སུ། ཁྱོད་ཀྱིས་གནམ་གྲུའི་སྟེང་དུ་མཆོང་གདུགས་སྒྲིག་སྦྱོར་བྱས་མེད་པ་ཤེས་སྲིད། ཚང་མས་ཤེས་གསལ་ལྟར། མཆོང་གདུགས་ཀྱིས་མིའི་ཚེ་སྲོག་སྐྱོབ་ཐུབ་མོད། འོན་ཀྱང་འགྲུལ་སྐྱེལ་གནམ་གྲུའི་ནང་དུ་འགྲུལ་པ་དང་ཡང་ན་གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་སུ་ཞིག་ཡིན་རུང་ཚང་མར་མཆོང་གདུགས་གྲ་སྒྲིག་བྱས་མེད།

མཆོང་གདུགས་ནི་ཉེན་ཁར་འཕྲད་པའི་སྐབས་སུ་སྲོག་ཐར་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དེ་ལ་སྦྱོང་བརྡར་ནན་མོ་བྱེད་དགོས། གལ་སྲིད་འགྲུལ་སྐྱེལ་གནམ་གྲུས་འགྲུལ་པར་མཆོང་གདུགས་གྲ་སྒྲིག་བྱས་ཡོད་པའི་དབང་དུ་བཏང་ན། འཕྲུལ་འཁོར་ལ་སྐྱོན་ཕྲན་བུ་བྱུང་བའམ་ཡང་ན་གནམ་གྲུ་ཅུང་ཙམ་འགུལ་བའི་ཚེ། གནས་ཚུལ་ངོ་མ་མི་ཤེས་པའི་འགྲུལ་པ་རྣམས་ཀྱིས་མཆོང་གདུགས་མཁོ་སྤྲོད་བྱེད་དགོས་པའི་རེ་བ་འདོན་ངེས་ཡིན་པས། གནམ་གྲུའི་ནང་གི་འགྲུལ་པ་གཞན་དག་འཚབ་འཚུབ་ངང་མཆོང་གདུགས་བཟུང་ནས་སྲོག་ཉེན་ལ་གཡོལ་ཐབས་བྱེད་པ་རེད། སྦྱོང་བརྡར་བྱས་མེད་པའི་མིའི་ངོས་ནས་བཤད་ན་མཆོང་གདུགས་ནི་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་རེད། འཕུར་སྐྱོད་ཀྱི་མཐོ་ཚད་དང་མྱུར་ཚད་མི་ཤེས་པ། བར་སྣང་ཁམས་ནས་མར་འབབ་པའི་ས་དབྱིབས་ཀྱང་གསལ་པོ་མི་ཤེས་པའི་གནས་ཚུལ་འོག འཚབ་འཚུབ་ངང་མཆོང་གདུགས་ལག་ཏུ་ཐོགས་ནས་མར་ལྡིང་ན་ཤི་རྨས་མང་པོ་འབྱུང་སྲིད། དོན་དངོས་སུ་གནམ་གྲུ་ལ་གཡོ་འགུལ་ཅུང་ཙམ་རེའམ་ཡང་ན་ཆག་སྐྱོན་ཅུང་ཙམ་རེ་བྱུང་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། གནད་དོན་དེ་དག་ནི་ཐག་གཅོད་བྱེད་ཐུབ་པ་ཞིག་ཡིན་པས། འཚབ་འཚུབ་ངང་མར་ལྡིང་དགོས་དོན་མེད། དེ་ལས་གཞན། འགྲུལ་པའི་ཚོར་བ་སྔར་བས་བདེ་སྣང་དང་སྐྱིད་པོ་ཡོང་ཆེད། གནམ་གྲུའི་སྟེང་དུ་ས་ངོས་དང་གཅིག་མཚུངས་ཡིན་པའི་རླུང་ཁམས་ཆེན་པོའི་གནོན་ཤུགས་སྲུང་འཛིན་བྱས་ཡོད། དེ་ལྟར་བྱས་ན་འཕྲུལ་ཆས་ནང་གི་རླུང་ཁམས་ཆེན་པོའི་གནོན་ཤུགས་དེ་གནམ་གྲུའི་ཕྱིའི་བར་སྣང་གི་རླུང་ཁམས་ཆེན་པོ་ལས་མཐོ་བས། གནམ་གྲུའི་སྡོད་ཁང་གི་སྒོ་འབྱེད་མི་ཐུབ་པར་མ་ཟད་འགྲུལ་པ་རྣམས་ཀྱང་བར་སྣང་ནས་མར་ལྡིང་མི་ཐུབ་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།