ཀྲུང་གོ་བོད་ཀྱི་དྲ་བ།

སྤྲིན་དམར་བྱུང་བའི་དུས་ཚོད་ལ་བལྟས་ནས་གནམ་གཤིས་ལ་བརྟག་ཚུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནངས་སྔ་མོའི་སྤྲིན་དམར་ཆུ་ཡིན། ། དགོང་ཕྱི་དྲོའི་སྤྲིན་དམར་མེ་ཡིན། །ཞེས་ནམ་མཁར་སྤྲིན་དམར་འབྱུང་བའི་དུས་ཚོད་ལ་བརྟེན་ནས་གནམ་གཤིས་བརྟག་གིན་ཡོད་དེ། སྔ་དྲོའི་དུས་སུ་སྤྲིན་དམར་བྱུང་ན་མི་རིང་བར་ཆར་བ་འབབ་པའམ་ཡང་ན་གནམ་རུབ་ཅིང་རླུང་གཡུག་ངེས་པ་དང་། ཕྱི་དྲོའི་དུས་སུ་སྤྲིན་དམར་བྱུང་ན་ཕྱི་ཉིན་གནམ་ཐང་བར་ངོས་འཛིན་གྱིན་ཡོད་པས། དབྱར་དུས་སུ་འབྲོག་པ་ཚོ་ཕྱུགས་རྫིར་འགྲོ་བའམ་གཞན་ལས་ཀ་ཅི་ཞིག་བྱེད་སྐབས་ནངས་སྔ་མོར་ནམ་མཁར་སྤྲིན་དམར་ཡོད་མེད་ལ་བལྟས་ཏེ། དེར་བསྟུན་གྱི་ཆར་གོས་སོགས་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། ཕྱི་དྲོ་སྤྲིན་དམར་ལངས་ན་ཕྱི་ཉིན་གནམ་ཐང་ངེས་པས་དེ་དང་བསྟུན་ནས་ལས་ཀ་ཅི་ཞིག་བྱེད་པར་འཆར་གཞི་འགོད་ཀྱིན་ཡོད་པ་རེད། དེར་མ་ཟད་སྤྲིན་དམར་གྱི་འགྱུར་ལྡོག་ལའང་ལྟ་སྟེ། ཕྱི་དྲོའི་སྤྲིན་དམར་དེ་རིམ་བཞིན་ཡལ་བར་གྱུར་ན་ཕྱི་ཉིན་སྔར་བཞིན་གནམ་ཐང་པར་ཐེ་ཚོམ་མེད་པ་དང་། ཕྱི་དྲོའི་སྤྲིན་དམར་དེ་རིམ་བཞིན་ཇེ་ནག་ཏུ་གྱུར་ན་ཆར་འབབ་པའི་རྟགས་ཡིན་ནོ། །

《གནམ་གཤིས་ཀྱི་ཤེས་བྱ་རབ་གསལ་མེ་ལོང》ལས་བདམས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།