འཚོ་བཅུད་རིགས་ཀྱི་སྨན་ལ་འཛིན་པའི་ཡང་དག་པ་དང་ཡང་མི་དག་པའི་ལྟ་སྟངས།

འཚོ་བཅུད་རིགས་ཀྱི་སྨན་ནི་བཅུད་ལྡན་གྱི་ཐོན་རྫས་ཡིན་པས་ཕན་ནུས་པ་ཆེན་པོ་ཡོད་པར་ངོས་འཛིན་པ་ནི་ཡང་མི་དག་པའི་ལྟ་སྟངས་ཤིག་རེད།

རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

འཚོ་བཅུད་རིགས་ཀྱི་སྨན་ནི་འཚོ་བཅུད་མི་འདང་མཁན་གྱིས་བཟས་ན་འཚམ་པོ་ཡོད། བེད་སྤྱོད་ལུགས་མཐུན་ཡོང་བ་བྱེད་དགོས་ན། འཚོ་བཅུད་རིགས་ཀྱི་སྨན་སྣ་ཚོགས་ཀྱི་ཕན་ནུས་དང་འཚོ་བཅུད་མི་འདང་བའི་ནད་རྟགས་ཤེས་པ་བྱེད་དགོས། མི་རེ་འགས་འཚོ་བཅུད་རིགས་ཀྱི་སྨན་ཇི་ཙམ་གྱིས་མང་བ་བཟས་ན་དེ་ཙམ་གྱིས་ཕན་ནུས་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་པ་ནི་ནོར་འཁྲུལ་ཞིག་ཡིན་པ་མ་ཟད་ཉེན་ཁའང་ཧ་ཅང་ཆེན་པོ་ཡོད།

འཚོ་བཅུད་རིགས་ཀྱི་སྨན་ལ་རིགས་ཕྱེ་ན་ཚིལ་བཞུ་རང་བཞིན་དང་ཆུ་བཞུ་རང་བཞིན་གཉིས་ཡོད། ཚིལ་བཞུ་རང་བཞིན་གྱི་འཚོ་བཅུད་རིགས་ཀྱི་སྨན་དཔེར་ན། འཚོ་བཅུད་Aདང་འཚོ་བཅུད་Dསོགས་བཟས་དྲགས་ན། ལུས་པོའི་ནང་ཕུང་གསོག་ཐེབས་ནས་དུག་ཕོག་པའི་ཉེན་ཁ་ཡོད། འཚོ་བཅུད་Aདུས་ཡུན་རིང་པོ་བཟས་ན། རུས་པའི་འཚོ་བཅུད་ཀལ་ཉུང་དུ་འགྲོ་བ་དང་། རུས་ཚིགས་ན་བ། པགས་པ་སྐམ་ཤས་ཆེ་བ། ཟས་ཀྱི་དང་ག་ཉམས་པ། མཆིན་པ་དང་མཚེར་པ་ཆེན་པོ་ཆགས་པ་སོགས་དུག་ཕོག་པའི་རང་བཞིན་གྱི་ནད་རྟགས་ཐོན་གྱི་ཡོད། ཆུ་བཞུ་རང་བཞིན་གྱི་འཚོ་བཅུད་རིགས་ཀྱི་སྨན་གཅིན་པའི་ཁྲོད་ནས་ཕྱིར་ཐོན་པ་དང་དུག་གི་རང་བཞིན་ཅུང་ཆུང་མོད། འོན་ཀྱང་བཟས་དྲགས་ན་མིའི་ལུས་པོའི་དབང་པོར་གནོད་ཀྱི་ཡོད། འཚོ་བཅུད་Cབཟས་དྲགས་ན་ཕོ་བའི་སྐྱི་མོ་ནས་ཁྲག་དོན་གྱི་ཡོད།

འཚོ་བཅུད་Cདང་མཚོ་ཟས་མཉམ་དུ་ཟ་མི་རུང་བའི་ངོས་འཛིན་པ་ནི་ཡང་དག་པའི་ལྟ་སྟངས་ཤིག་རེད།

རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

ཨ་རིའི་ཀྲི་ཅ་ཀོ་སློབ་ཆེན་གྱི་ཞིབ་འཇུག་པས་ཚོད་ལྟ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཞ་སྨི་སོགས་ཤུན་པ་སྙི་བའི་འབུ་སྲིན་གྱི་ལུས་པོར་ཅཱ་ལྔ་ཧྲེན་འདྲེས་འགྱུར་དངོས་རྫས་མང་པོ་འདུས་ཡོད། དེ་རིགས་ལས་མིར་དུག་ཕོག་གི་མེད་མོད། འོན་ཀྱང་འཚོ་བཅུད་Cབཟས་པའི་རྗེས། རྫས་འགྱུར་འགྱུར་བྱུང་གི་རྐྱེན་པས་དེ་སྔོན་གྱི་དུག་མེད་པའི་ཧྲེན་སྐྱུར་ཀན་དེ་དུག་ལྡན་གྱི་ཧྲེན་སྐྱུར་ཀན་ལ་འགྱུར་བ་དེར་མི་རྣམས་ཀྱིས་དུག་ཆེན་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་འཚོ་བཅུད་Cདང་མཚོ་ཟས་མཉམ་དུ་བཟའ་མི་རུང་ཞེས་འདིར་དམིཌ་སུ་བཀར་ནས་དྲན་སྐུལ་བྱས་ཡོད།

ཤ་རིད་དུ་གཏོང་སྐབས་འཚོ་བཅུད་རིཌ་ཀྱི་སྨན་འདང་ངེས་བཟས་ན་བཟའ་བཅའ་གཞན་མ་བཟས་ནའང་འགྲིག པར་ངོས་འཛིན་པ་ནི་ཡང་མི་དག་པའི་ལྟ་སྟངས་ཤིག་རེད།

རིཌ་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

ཤ་རིད་དུ་གཏོང་བཞིན་པའི་བུད་མེད་མང་དག་ཅིག་གིས་ལྟོགས་སྒོམ་བརྒྱབ་རྗེས་འཚོ་བཅུད་རིགས་ཀྱི་སྨན་བཟས་ནས་ལུས་པོར་མཁོ་བའི་འཚོ་བཅུད་གསབ་ཐབས་བྱེད་ཀྱི་ཡོད། དེས་འཚོ་བཅུད་གསབ་མི་ཐུབ་པ་མ་ཟད། ད་དུང་ཡུན་རིང་སོང་ན་གཟུགས་པོར་གནོད་འཚེ་ཆེན་པོ་ཡོད། མིར་ཆ་མཚོན་ན་ཉིན་ལྟར་ཟས་སྣ་ཁ་འཛོམས་པོ་དང་། སྙོམས་པོ། རན་པོ་བཅས་བཟའ་དགོས་པ་དང་གཞན་ཡང་ཐཱན་ཆུ་འདྲེས་འགྱུར་དངོས་རྫས་དང་། སྤྲི་དཀར། ཞག་ཚིལ་བཅས་གང་ཞིག་མི་འདང་ནའང་འགྲིག་ཐབས་མེད། གལ་ཏེ་གོང་གསལ་དངོས་རྫས་དེ་དག་འདང་ངེས་མ་བྱུང་ན་ཐང་ཆད་པ་དང་རིམས་འགོག་ནུས་པ་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། དེར་བརྟེན་འཚོ་བཅུད་རིཌ་ཀྱི་སྨན་གྱིས་བཟའ་རིགས་དེ་དག་གི་ཚབ་བྱེད་ཐབས་བྲལ།

རབ་བྱུང་ན་ཁ་ལག་མ་བཟས་གོང་འཚོ་བཅུད་སྨན་ཟ་རྒྱུ་མེད་པའི་ངོས་འཛིན་པ་ནི་ཡང་དག་པའི་ལྟ་སྟངས་ཤིག་རེད།

རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

མིའི་ལུས་པོས་འཚོ་བཅུད་སྣ་ཚོགས་འཇུ་ཆེད། འཚོ་བཅུད་སྨན་དེ་རིགས་ཁ་ལག་བཟས་རྗེས་བཟའ་བ་ལས་ཁ་ལག་མ་བཟས་གོང་ཟ་རྒྱུ་མེད། གང་ལགས་ཤེ་ན། འཚོ་བཅུད་B1དང་། B2 Cསོགས་རྒྱུ་ནག་ནང་འགྲོ་གི་ཡོད། གལ་ཏེ་ཁ་ལག་མ་བཟས་གོང་བཟས་ན་ལམ་སེང་ཕོ་བ་དང་རྒྱུ་ལམ་དུ་སོང་ནས་ལུས་པོས་མ་འཇུ་བའི་གོང་དུ་གཅིན་པའི་ཁྲོད་ནས་ཕྱིར་ཐོན་པས་ནུས་པ་ཐོན་གྱི་མེད། ཁ་ལག་བཟས་རྗེས་བཟས་ན་རྒྱུ་ལམ་ནང་དུ་ཟས་རིགས་ཡོད་པའི་དབང་གིས། འཚོ་བཅུད་སྨན་དག་ཟས་རིགས་དང་མཉམ་དུ་འཇུ་ཐུབ་ནས་ནུས་པ་ཡག་པོ་ཐོན་གྱི་ཡོད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།