ཏང་དར་གྱི་ཁྲིད་སྟོན་འོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པ།

—— 2019ལོའི་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱིར་མིག་ལྟ་བ།

ཕུགས་བསམ་དད་སེམས་ཀྱི“གཅུས་སྒོ་ཨ་མ”དམ་འཛིན་ནན་པོ་བྱས་པ།

2019ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། ཏང་ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

2019ལོར། ལྷོ་ཁ་གྲོང་ཁྱེར་གྱིས་དམག་སྡེ་བཅོ་བརྒྱད་པའི་མི་རབས་རྗེས་མ་ཕ་མེས་ཀྱི་ལམ་དུ་སྐྱོད་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོའི་འགྲེམས་སྟོན་ཁང་དང་ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་འགྲེམས་ཁང་ལ་ལྟ་སྐོར། གར་སྟེགས་འཁྲབ་གཞུང《ཞིང་བྲན་གྱི་མིག་ཆུ》དང་། 《ཚེ་རིང་ལྷ་མོ》 དེ་བཞིན་གློག་བརྙན《ང་ཡི་ཧི་མ་ལ་ཡ》ལྟ་བ་སོགས་བྱས་པ་དང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས་16488བྱས་པར་ཞུགས་མཁན་མི་ཐེངས་ཁྲི་15.64ཟིན་ཡོད།

གནད་དོན་ལ་ཞིབ་ལྟ་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཤིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་དུ་སོང་བའི་གནད་དོན་སྣ་ཚོགས་འཚོལ་བཤེར་གཏིང་ཟབ་བྱས་ཏེ། འགོ་ཁྲིད་ཚན་ཁག་དང་ཚན་ཁག་གི་ཁོངས་མིའི་གནད་དོན་8749དང་47243ལ་ཞིབ་ལྟ་བྱས་ནས་གནད་དོན་ལ་ཞིབ་ལྟ་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཤིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཉམས་སད་ཐེག་ཐུབ་པ། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུ་བའི་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་ལ་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

2019ལོར། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་66དང་ལས་རིགས་དང་ཁོངས་གཏོགས་གཞན་དག་གི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་69གནད་སྨིན་གཏན་འཁེལ་བྱས་ཏེ། “ཀྲི་པུའུ་རེར་ཇུས་གཞི་རེ་དང་གནད་དོན་རེར་ཁ་གཏད་འཇལ་ཐབས་རེ་ཡོད་པ”མཐའ་འཁྱོངས་ཀྱིས་གནད་སྨིན་ལེགས་སྒྲིག་དང་གྲོང་ཁྱེར་དང་རྫོང་གི་ཞིབ་བཤེར་རྩིས་ལེན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་135ཚང་མ་ལེགས་སྒྲིག་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྔར་བས་བརྟན་དུ་བཏང་བ་རེད།

ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གང་མགྱོགས་འཛུགས་སྐྲུན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང(ཆུས)ནོར་སྲིད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། 2019ལོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་14.1བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ས་534བསྐྲུན་པ་དང་འཆར་འགོད་ཀྱི་97%ལེགས་གྲུབ་ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་2018ལོའི་གོང་བསྐྲུན་ཟིན་པ་མ་ཟད་སྤྱོད་འགོ་ཚུགས་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་260ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། ཚང་མ་ཞིབ་བཤེར་རྩིས་ལེན་ཐུབ་ནས་རྒྱུན་གཏན་བཞིན་སྤྱོད་ཐུབ་ཡོད།

ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་པ།

གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་ཞིབ་དཔྱད་ནན་པོའི་ཐོག་ནས་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བར་དམིགས་ཏེ། གསར་དར་ཁྱབ་ཁོངས་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ། ཕུལ་བྱུང་གཞོན་ནུ་བཅས་གཙོ་གནད་དུ་བཟུང་ནས་ལོ་ཧྲིལ་པོར་ཏང་ཡོན་1478འཕེལ་རྒྱས་བཏང་བ་དང་། དེའི་ནང་ཞིང་འབྲོག་པ་ཏང་ཡོན་788ཡོད་ཅིང་། ཞིང་འབྲོག་པ་ཏང་ཡོན་ཚོས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཏང་ཞུགས་དམ་བཅའ་འཇོག་དགོས་པ་དང་། ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་ཀྱི་ཡིན་ཞེས་ཡོངས་བསྒྲགས་ངང་ཁས་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཏང་ཡོན་52701ཡོད་པ་དེས་སྤྱིའི་མི་འབོར་གྱི་14%བཟུང་བ་དང་། ཞིང་འབྲོག་པ་ཏང་ཡོན་31490ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་60%བཟུང་གི་ཡོད།

ཏང་ཡོན་ལ་སློབ་གསོ་གཏོང་བ་དང་ཐུགས་ཁུར་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་སློབ་གསོ་གཙོ་གནད་དུ་བཟུང་སྟེ། ཏང་ཡོན་གྱི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་438གཉེར་བའི་ནང་མི་ཐེངས་28901ཞུགས་ཡོད་པས་ཏང་ཡོན་དཔུང་ཁག་གི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད། ཏང་ནང་ཁུལ་གྱི་ཡར་སྐུལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་53.34བཏང་ནས་མི་271ལ་རོགས་རམ་བྱས་པ་དང་། “དུས་ཆེན་གསུམ”རིང་འཚམས་འདྲིའི་ལས་དོན་ཧུར་ཐག་སྤེལ་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང“མི་སྣ་རྒན་གྲས་གསུམ”ལ་སེམས་ཁུར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོང་ཚོས་རྩ་འཛུགས་ཀྱི་ཐུཌ་ཁུར་ཟབ་མོ་ཚོར་ཐུབ་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་ཐབས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།