ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་དང་པོ།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཐུན་མོང་དུ་སྔོན་འགོག་བྱེད་པའི་ཕྱོགས་སྟོན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་འདི་བཟོས་པ་ཡིན། རིམས་ནད་མཆེད་པའི་སྐབས་སུ་སྤྱི་དམངས་སྒེར་གྱིས་སྔོན་འགོག་དང་ཁྲིད་སྟོན་བྱེད་པར་སྤྱད་ན་འཐུས།

གཅིག ཕྱིར་འགྲོ་སྐྱོད་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས།

(གཅིག) ནད་གཞི་མཆེད་བཞིན་པའི་ས་ཁུལ་དུ་སྐྱོད་རྒྱུ་མེད།

(གཉིས) དཔྱིད་གསར་དུས་ཆེན་རིང་དགའ་ཉེ་སྤུན་གྲོགས་འཕྲད་པར་མི་འགྲོ་བ་དང་མཉམ་འཛོམས་དང་གསོལ་སྟོན་ལ་མི་ཞུགས་པར་ཁྱིམ་དུ་ངལ་གསོ་རྒྱག་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།

(གསུམ) མི་མང་འདུ་འཛོམས་བྱ་ཡུལ་དང་ལྷག་པར་དུ་མཁའ་རླུང་འཁོར་རྒྱུག་ཞན་པའི་ས་ཆ་དཔེར་ན། སྤྱི་སྤྱོད་འཁྲུད་ཁང་དང་། ཆུ་ཚན། གློག་བརྙན་ཁང་། དྲ་ཁང་། KTV ཚོང་ར། རླངས་འཁོར་བབས་ཚུགས། གནམ་ཐང་། གྲུ་ཁ། འགྲེམས་སྟོན་ཁང་སོགས་སུ་འགྲོ་སྐྱོད་ཉུང་ཙམ་བྱེད་དགོས།

གཉིས། མི་སྒེར་གྱིས་འགོག་སྲུང་ཡག་པོ་དང་ལག་པ་ཡང་སེ་བཀྲུ་དགོས།

(གཅིག) ཕྱིར་སྐྱོད་སྐབས་ཁ་རས་རྒྱག་དགོས་ཤིང་། སྤྱི་པའི་འདུ་གནས་དང་སྨན་ཁང་དུ་སྐྱོད་པའམ་ཡང་ན་སྤྱི་སྤྱོད་འཁོར་རིགས་སོགས་ལ་སྡོད་སྐབས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས།

(གཉིས) དུས་དང་རྣམ་པ་ཀུན་ཏུ་ལག་པ་ཡང་སེ་བཀྲུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་པའི་འདུ་གནས་ཀྱི་སྤྱི་པའི་དངོས་རྫས་སོགས་ལ་ཉུང་ཙམ་རེག་དགོས། སྤྱི་པའི་འདུ་གནས་ནས་ཕྱིར་ལོག་པ་དང་། གློ་རྒྱག་སྐབས་ལག་པས་ཁ་བཀབ་པ། ཟ་མ་མ་བཟས་གོང་དང་བཙོག་གཅིན་བཏང་རྗེས་སུ་དག་རྫས་སམ་ཡང་ན་ཡི་ཙིས་ལག་པ་གཙང་མར་བཀྲུ་བའམ་ཡང་ན་ཨ་རག་ཉིང་ཁུ(ཅིའུ་ཅིང)ལྡན་པའི་ལག་པ་འཁྲུད་རྫས་སྤྱོད་དགོས། ལག་པ་གཙང་མ་ཡིན་མིན་མ་ཤེས་ཚེ། ལག་པས་ཁ་སྣ་མིག་གསུམ་ལ་རེག་མི་རུང་། ཧབ་སྦྲིད་རྒྱག་པ་དང་གློ་རྒྱག་སྐབས་ཕུ་ཐུང་གིས་སྣ་འགེབས་དགོས།

གསུམ། བདེ་ཐང་ཡིན་མིན་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས།

(གཅིག) རང་འགུལ་ངང་མི་སྒེར་དང་ནང་མི་བདེ་ཐང་ཡིན་མིན་བརྟག་དཔྱད་ཡག་པོ་བྱེད་དགོས་པ་དང་། ཚ་བ་རྒྱག་གི་འདུག་སྙམ་ན་རང་འགུལ་ངང་ཚ་བ་རྒྱས་མིན་ལྟ་དགོས། བྱིས་པ་ཡོད་པའི་ཁྱིམ་ཚང་གིས་སྔ་དགོང་གཉིས་སུ་བྱིས་པའི་ཐོད་པར་རེག་སྐབས་ཚ་བ་འདུག་སྙམ་ན་ཚ་བ་རྒྱས་མིན་ལྟ་དགོས།

(གཉིས) གལ་ཏེ་དོགས་པ་ཡོད་པའི་ནད་རྟགས་ཐོན་ཚེ། རང་འགུལ་ངང་ཁ་རས་བརྒྱབ་ནས་དུས་ཐོག་ཏུ་ཐག་གང་ཉེ་སར་སྨན་བཅོས་བྱེད་པར་སྐྱོད་དགོས། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་དོགས་པ་ཡོད་པའི་ནད་རྟགས(དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ཚུད་པ)ཐོན་ཚེ། ནད་གཞིར་གཞིགས་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་དུས་ཐོག་ཏུ་སྐྱོད་དགོས། དེའི་རིང་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་ལ་གང་ཐུབ་ཀྱིས་མི་སྡོད་པ་དང་ཆབས་ཅིག་མི་ཚོགས་ཆེ་སར་སྐྱོད་རྒྱུའང་མེད། སྨན་པ་བསྟེན་སྐབས་རང་འགུལ་ངང་སྨན་པར་རང་ཉིད་རིམས་ནད་མཆེད་ཁུལ་དུ་བསྐྱོད་པ་དང་བསྡད་པའི་འབྲེལ་ཡོད་ལོ་རྒྱུས་དང་། ནད་ཕོག་རྗེས་མི་སུ་འདྲ་ཞིག་དང་འབྲེལ་འདྲིས་བྱས་མིན་གསལ་པོ་བཤད་ནས་སྨན་པར་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་བརྟག་དཔྱད་བྱེད་དགོས།

བཞི། གཙང་སྦྲ་དང་བདེ་ཐང་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།

(གཅིག) ཁང་པའི་སྒེའུ་ཁུང་ཕྱེ་ནས་རྟག་ཏུ་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།

(གཉིས) ནང་མིས་ཨ་ཅོར་མཉམ་སྤྱོད་བྱེད་མི་རུང་བ་དང་། འཛིན་ཆས་དང་ཕོར་པ་ལ་སོགས་གཙང་མར་བཀྲུ་དགོས། གྱོན་ཆས་དང་མལ་ཆས་ཉི་སྐམ་ཡང་ཡང་གཏོང་དགོས།

(གསུམ) ཁ་ལུད་གང་བྱུང་དུ་དབྱུག་མི་རུང་བ་དང་སྣ་ལུད་ཤོག་བུར་བསྒྲིལ་ནས་གད་སྙིགས་བླུགས་སྒམ་ནང་དབྱུག་དགོས།

(བཞི) འཚོ་བཅུད་གཏོང་རྒྱུར་དོ་སྣང་བྱེད་པ་དང་ཆབས་ཅིག་ལུས་སྦྱོང་འཚམ་པོའང་བྱེད་དགོས།

(ལྔ) བདག་ཏུ་མ་བཟུང་བའི་སྲོག་ཆགས(རྔོན་ཤ)དང་རེག་པ་དང་། ཉོ་སྒྲུབ། བཟའ་སྤྱོད་བཅས་བྱེད་མི་རུང་། སྲོག་ཆགས་གསོན་པོ(བྱ་རིགས་དང་། མཚོ་ཐོན་ཐོན་རྫས། བདག་ཏུ་མ་བཟུང་བའི་སྲོག་ཆགས་སོགས)འཚོང་སར་སྐྱོད་མི་རུང་།

(དྲུག) ཁྱིམ་ཚང་ནང་ཚ་བ་ལྟ་ཆས་དང་། སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས། ཁྱིམ་སྤྱོད་དུག་སེལ་མཁོ་ཆས་སོགས་དངོས་རྫས་གྲ་སྒྲིག་བྱེད་དགོས།

སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་གཉིས་པ།

རིམས་ནད་མཆེད་ཁུལ་དུ་སོང་བ་དང་བསྡད་པའི་ལོ་རྒྱུས་ཡོད་མཁན་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་སྔོན་འགོག་བྱེད་པའི་ཕྱོགས་སྟོན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་འདི་བཟོས་པ་ཡིན། གཟའ་འཁོར་གཉིས་ནང་ཚུན་དུ་ཝུའུ་ཧན་སོགས་རིམས་ནད་མཆེད་ཁུལ་དུ་སོང་བ་དང་བསྡད་པའི་ལོ་རྒྱུས་ཡོད་མཁན་ལ་སྤྱད་ན་འཐུས།

(གཅིག) གང་མགྱོགས་ཁོངས་གཏོགས་གྲོང་ཚོའི་ཀྲི་པུའུ་དང་ཡང་ན་སྡེ་ཁུལ་ལ་ཐོ་འགོད་བྱེད་པར་སྐྱོད་དགོས་པ་དང་། ཕྱིར་ཉུང་ཙམ་སྐྱོད་དགོས་པ། ལྷག་པར་དུ་མི་མང་འདུ་འཛོམས་ཆེ་བའི་སྤྱི་པའི་འདུ་གནས་སུ་སྐྱོད་མི་རུང་།

(གཉིས) རིམས་ནད་མཆེད་ཁུལ་ནས་ཁ་གྱེས་པའི་དུས་ཚོད་ནས་འགོ་བཙུགས་ཏེ་ཉིན་14བསྟུད་མར་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དང་ཉིན་རེར་ཐེངས་གཉིས་བྱེད་དགོས། ཆ་རྐྱེན་འཛོམས་ཚེ། གང་ཐུབ་ཅི་ཐུབ་ཀྱིས་ཁེར་རྐྱང་དུ་སྡོད་པའམ་ཡང་ན་རླུང་འགྲོ་ཡག་པའི་ཁང་མིག་རྐྱང་པའི་ནང་སྡོད་དགོས། ཡག་ཤོས་བྱུང་ན་ནང་མི་དང་འབྲེལ་བ་དམ་ཟབ་བྱེད་མི་རུང་།

(གསུམ) གལ་ཏེ་དོགས་པ་ཡོད་པའི་ནད་རྟགས(དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ཚུད་པ)ཐོན་ཚེ། ནད་གཞིར་གཞིགས་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་དུས་ཐོག་ཏུ་སྐྱོད་དགོས། སྨན་ཁང་དུ་སྐྱོད་རིང་མཛུབ་ཁྲིད་ཀྱི་གྲོས་འགོ་གཤམ་གསལ་ཏེ།

1. སྨན་ཁང་དུ་འགྲོ་བའི་ལམ་བར་དུ་ནད་པས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས།

2. གལ་ཏེ་རང་ཉིད་ལ་རླངས་འཁོར་ཡོད་ན་སྤྱི་སྤྱོད་འཁོར་རིགས་ལ་མ་བསྡད་པར་སྨན་ཁང་དུ་འགྲོ་དགོས་པ་དང་ལམ་བར་དུ་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་དགོས།

3. དུས་དང་རྣམ་པ་ཀུན་ཏུ་ཁ་རས་རྒྱག་པ་དང་ལག་པ་གཙང་མར་བཀྲུ་དགོས། ལམ་བར་དང་སྨན་ཁང་དུ་སླེབས་སྐབས་མི་གཞན་དང་རྒྱང་ཐག་རིང་ཙམ་གྱེད་དགོས། (ཉུང་མཐར་ཡང་བར་ཐག་སྨི་1འཇོག་དགོས)

4.གལ་ཏེ་ལམ་བར་ནས་འགྲིམ་འགྲུལ་ཡོ་བྱད་ལ་སྦགས་བཙོག་བཟོས་ཚེ། ལུའེ་འདུས་པའི་དུག་སེལ་སྨན་ཆུས་དུག་སེལ་བྱེད་དགོས་པ་དང་། དབུགས་ལམ་གྱི་ཟགས་ཁུའམ་ཡང་ན་གཟུགས་པོའི་ཟགས་ཁུས་བཙོག་པ་བཟོས་པའི་ངོས་ཚང་མར་དུག་སེལ་བྱེད་དགོས།

སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་གསུམ་པ།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཁྱིམ་ཚང་ནང་སྔོན་འགོག་བྱེད་པའི་ཕྱོགས་སྟོན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་འདི་བཟོས་པ་དེ་ཁྱིམ་ཚང་དུ་སྤྱད་ན་འཐུས།

གཅིག རྒྱུན་གཏན་གྱི་སྔོན་འགོག

(གཅིག) རིམས་ནད་མཆེད་བཞིན་པའི་ས་ཁུལ་དུ་སྐྱོད་མི་རུང་།

(གཉིས) མི་མང་འདུ་འཛོམས་བྱ་ཡུལ་དང་ལྷག་པར་དུ་མཁའ་རླུང་འཁོར་རྒྱུག་ཆུང་བའི་ས་ཆ་སྟེ། དཔེར་ན། སྤྱི་སྤྱོད་འཁྲུད་ཁང་དང་། ཆུ་ཚན། གློག་བརྙན་ཁང་། དྲ་ཁང་། KTV ཚོང་ར། རླངས་འཁོར་བབས་ཚུགས། གནམ་ཐང་། གྲུ་ཁ། འགྲེམས་སྟོན་ཁང་སོགས་སུ་འགྲོ་སྐྱོད་ཉུང་ཙམ་བྱེད་དགོས།

(གསུམ) བདག་ཏུ་མ་བཟུང་བའི་སྲོག་ཆགས(རྔོན་ཤ)དང་རེག་པ་དང། ཉོ་སྒྲུབ། བཟའ་སྤྱོད་བཅས་བྱེད་མི་རུང་། སྲོག་ཆགས་གསོན་པོ(བྱ་རིགས་དང་། མཚོ་ཐོན་ཐོན་རྫས། བདག་ཏུ་མ་བཟུང་བའི་སྲོག་ཆགས་སོགས)འཚོང་སར་སྐྱོད་མི་རུང་། བྱ་རིགས་ཀྱི་ཤ་དང་སྒོ་ང་ཚོས་པོ་བྱུང་རྗེས་ཟ་དགོས།

(བཞི) ཁང་པའི་ནང་རྒྱུན་དུ་གཙང་སྦྲ་བྱེད་པ་དང་ཁང་པའི་སྒེའུ་ཁུང་ཕྱེ་ནས་རྟག་ཏུ་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།

(ལྔ) དུས་དང་རྣམ་པ་ཀུན་ཏུ་ལག་པ་ཡང་སེ་བཀྲུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་པའི་འདུ་གནས་ཀྱི་སྤྱི་པའི་དངོས་རྫས་སོགས་ལ་ཉུང་ཙམ་རེག་དགོས། སྤྱི་པའི་འདུ་གནས་ནས་ཕྱིར་ལོག་པ་དང་། གློ་རྒྱག་སྐབས་ལག་པས་ཁ་བཀབ་པ། ཟ་མ་མ་བཟས་གོང་དང་བཙོག་གཅིན་བཏང་རྗེས་སུ་དག་རྫས་སམ་ཡང་ན་ཡི་ཙིས་ལག་པ་གཙང་མར་བཀྲུ་བའམ་ཡང་ན་ཨ་རག་ཉིང་ཁུ(ཅིའུ་ཅིང)ལྡན་པའི་ལག་པ་འཁྲུད་རྫས་སྤྱོད་དགོས། ལག་པ་གཙང་མ་ཡིན་མིན་མ་ཤེས་ཚེ། ལག་པས་ཁ་སྣ་མིག་གསུམ་ལ་རེག་མི་རུང་། ཧབ་སྦྲིད་རྒྱག་པ་དང་གློ་རྒྱག་སྐབས་ཕུ་ཐུང་གིས་སྣ་འགེབས་དགོས།

(དྲུག) ཕྱིར་སྐྱོད་སྐབས་ཁ་རས་རྒྱག་དགོས་ཤིང་། སྤྱི་པའི་འདུ་གནས་དང་སྨན་ཁང་དུ་སྐྱོད་པའམ་ཡང་ན་སྤྱི་སྤྱོད་འཁོར་རིགས་སོགས་ལ་སྡོད་སྐབས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས།

(བདུན) གཙང་སྦྲ་དང་བདེ་ཐང་གི་གོམས་གཤིས་ཡག་པོ་ཞིག་རྒྱུན་འཁྱོངས་བྱེད་དགོས། ནང་མིས་ཨ་ཅོར་མཉམ་སྤྱོད་བྱེད་མི་རུང་། འཛིན་ཆས་དང་ཕོར་པ་ལ་སོགས་གཙང་མར་བཀྲུ་དགོས། གྱོན་ཆས་དང་མལ་ཆས་ཉི་སྐམ་ཡང་ཡང་གཏོང་དགོས། ཁ་ལུད་གང་བྱུང་དུ་དབྱུག་མི་རུང་བ་དང་སྣ་ལུད་ཤོག་བུར་བསྒྲིལ་ནས་གད་སྙིགས་བླུགས་སྒམ་ནང་དབྱུག་དགོས། འཚོ་བཅུད་གཏོང་རྒྱུར་དོ་སྣང་བྱེད་པ་དང་ཆབས་ཅིག་ལུས་སྦྱོང་འཚམ་པོའང་བྱེད་དགོས།

(བརྒྱད) རང་འགུལ་ངང་མི་སྒེར་དང་ནང་མི་བདེ་ཐང་ཡིན་མིན་བརྟག་དཔྱད་ཡག་པོ་བྱེད་དགོས་པ་དང་། ཚ་བ་རྒྱས་འདུག་སྙམ་ན་རང་འགུལ་ངང་ཚ་བ་རྒྱས་མིན་ལྟ་དགོས། བྱིས་པ་ཡོད་པའི་ཁྱིམ་ཚང་གིས་སྔ་དགོང་གཉིས་སུ་བྱིས་པའི་ཐོད་པར་རེག་སྐབས་ཚ་བ་འདུག་སྙམ་ན་ཚ་བ་རྒྱས་མིན་ལྟ་དགོས།

(དགུ) རྒྱུན་དུ་དངོས་རྫས་ཁག་གཅིག་གྲ་སྒྲིག་བྱེད་དགོས་ཤིང་། ཁྱིམ་ཚང་གིས་ཚ་བ་འཇལ་ཆས་དང་། སྤྱོད་གཅིག་མའི་ཁ་རས། ཁྱིམ་སྤྱོད་དུག་སེལ་མཁོ་ཆས་སོགས་དངོས་རྫས་གྲ་སྒྲིག་བྱེད་དགོས།

གཉིས། ནང་མིར་དོགས་པ་ཡོད་པའི་ནད་རྟགས་ཐོན་སྐབས་ཀྱི་གྲོས་འགོ

(གཅིག) གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་དོགས་ཡོད་ནད་རྟགས(དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ལྟ་བུ)ཐོན་ཚེ་ནད་གཞི་ཚབས་ཆེ་ཆུང་ལ་གཞིགས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

(གཉིས) ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་སྤྱོད་འཁོར་རིགས་ལ་མི་སྡོད་པ་དང་མི་ཚོགས་འདུ་འཛོམས་ཆེ་སར་འགྲོ་རྒྱུ་མེད།

(གསུམ) སྨན་པ་བསྟེན་སྐབས་རང་འགུལ་ངང་སྨན་པར་རང་ཉིད་རིམས་ནད་མཆེད་ཁུལ་དུ་བསྐྱོད་པ་དང་བསྡད་པའི་འབྲེལ་ཡོད་ལོ་རྒྱུས་དང་། ནད་ཕོག་རྗེས་མི་སུ་འདྲ་ཞིག་དང་འབྲེལ་འདྲིས་བྱས་མིན་གསལ་པོ་བཤད་ནས་སྨན་པར་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་བརྟག་དཔྱད་བྱེད་དགོས།

(བཞི) ནད་པའི་ནང་མིས་ཁ་རས་བཏགས་ནས་ནད་རྟགས་མེད་པའི་ནང་མི་གཞན་དག་དང་བར་ཐག་བཞག་སྟེ་ཐག་ཉེ་ས་ནས་འབྲེལ་འདྲིས་བྱེད་རྒྱུ་མེད།

(ལྔ) གལ་ཏེ་ཁྱིམ་ཚང་དུ་མི་ཞིག་ལ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཕོག་པ་གཏན་འཁེལ་བྱུང་བ་དང་། ནང་མི་གཞན་དག་དང་འབྲེལ་འདྲིས་དམ་ཟབ་བྱུང་བ་གཏན་འཁེལ་བྱས་ཡོད་ན་ཉིན་14ཡི་རིང་གསོ་རིག་ལྟ་ཞིབ་དང་ལེན་བྱེད་དགོས།

(དྲུག) ནད་རྟགས་ཡོད་པའི་ནང་མིས་རྒྱུན་དུ་འབྲེལ་འདྲིས་བྱེད་ས་དང་དངོས་རྫས་ལ་དུག་སེལ་བྱེད་དགོས།

སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་བཞི་པ།

སྤྱི་པའི་འདུ་གནས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཕྱོགས་སྟོན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་བཟོས་པ་དེ་ཚོང་ར་དང་། ཟ་ཁང་། གློག་བརྙན་ཁང་། KTV དྲ་ཁང་། སྤྱི་པའི་འཁྲུད་ཁང་། ལུས་རྩལ་ཁང་། འགྲེམས་སྟོན་ཁང་། མེ་འཁོར་བབས་ཚུགས། ས་འོག་ལྕགས་ལམ་བབས་ཚུགས། གནམ་ཐང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་སྤྱི་པའི་འདུ་གནས་སུ་སྤྱད་ན་འཐུས།

གཅིག སྤྱི་པའི་འདུ་གནས་ཀྱི་ལས་དོན་མི་སྣས་རང་འགུལ་ངང་བདེ་ཐང་གི་བརྟག་དཔྱད་བྱེད་དགོས་པ་དང་། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་དོགས་ཡོད་ནད་རྟགས(དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ལྟ་བུ)ཐོན་ཚེ་ནད་གཞི་ཡོད་བཞིན་དུ་ལས་ཀར་འགྲོ་རྒྱུ་མེད།

གཉིས། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་དོགས་ཡོད་ནད་རྟགས་ཡོད་མཁན་ཤེས་ཚེ། ལས་དོན་མི་སྣས་དེ་ལམ་སེང་ཁ་བྲལ་དགོས་པའི་རེ་བ་འདོན་དགོས།

གསུམ། སྤྱི་སྤྱོད་དངོས་རྫས་དང་སྤྱི་པའི་འབྲེལ་གཏུག་དངོས་རྫས་སམ་གནས་ལ་དུས་བཀག་ལྟར་གཙང་འཁྲུད་དང་དུག་སེལ་བྱེད་དགོས།

བཞི། སྤྱི་པའི་འདུ་གནས་ཀྱི་མཁའ་རླུང་འཁོར་རྒྱུག་ཐུབ་པ་བྱེད་དགོས། མཁའ་རླུང་སྙོམས་ཆས་མ་ལག་གམ་རླུང་འབུད་རླུང་གཡབ་འཁོར་སྐྱོད་རྒྱུན་གཏན་ཡོང་བའི་འགན་ལེན་བྱས་ཏེ། དུས་བཀག་ལྟར་མཁའ་རླུང་སྙོམས་ཆས་ཀྱི་འཚག་དྲ་གཙང་འཁྲུད་བྱེད་པ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།

ལྔ། གསང་སྤྱོད་ལ་ལག་པ་བཀྲུ་བྱེད་ཀྱི་དག་རྫས་འདང་ངེས་འཇོག་དགོས་པ་དང་ཆུ་ཀ་ལ་སོགས་ཆུ་མཁོ་འདོན་སྒྲིག་ཆས་རྒྱུན་གཏན་ལྟར་ཡོང་བའི་འགན་ལེན་བྱེད་དགོས།

དྲུག ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།

བདུན། རིམས་ནད་མཆེད་པའི་ས་ཁུལ་དུ་སྤྱི་དམངས་སྤྱི་པའི་འདུ་གནས་སུ་གང་ཐུབ་ཅི་ཐུབ་ཀྱིས་ཉུང་ཙམ་འགྲོ་དགོས་པ་དང་། ལྷག་པར་དུ་མི་ཚོགས་འདུ་འཛོམས་ཆེ་བ་དང་མཁའ་རླུང་འཁོར་རྒྱུག་ཞན་སར་འགྲོ་རྒྱུ་མེད།

སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་ལྔ་པ།

སྤྱི་སྤྱོད་འཁོར་རིགས་ནང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་བྱེད་སྟངས་ཕྱོགས་སྟོན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་རིམས་ནད་གསར་པ་ཞིག་ཡིན་ཞིང་། མིག་སྔར་ནད་རིགས་འདིར་བྱུང་བའི་ངོས་འཛིན་ལ་གཞིགས་ནས་ཕྱོགས་སྟོན་བཟོས་པ་དེ་གནམ་གྲུ་དང་། མེ་འཁོར། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གྲུ་གཟིངས་སོགས་སྤྱི་སྤྱོད་འཁོར་རིགས་ནང་སྤྱད་ན་འཐུས།

གཅིག རིམས་ནད་མཆེད་པའི་ས་ཁུལ་གྱི་སྤྱི་སྤྱོད་འཁོར་རིགས་ལས་གནས་ཀྱི་ལས་དོན་མི་སྣས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས་པ་མ་ཟད། ཉིན་ལྟར་བདེ་ཐང་གི་བརྟག་དཔྱད་ཡག་པོ་བྱེད་དགོས།

གཉིས། སྤྱི་སྤྱོད་འཁོར་རིགས་ནང་ཚ་བ་འཇལ་ཆས་དང་ཁ་རས་སོགས་གྲ་སྒྲིག་བྱེད་དགོས།

གསུམ། སྤྱི་སྤྱོད་འཁོར་རིགས་ནང་གཙང་སྦྲ་དང་དུག་སེལ་བྱེད་ཐེངས་མང་དུ་བཏང་སྟེ་གཙང་སྦྲ་དང་དུག་སེལ་གྱི་ཟིན་ཐོ་དང་མཚོན་རྟགས་ཡག་པོ་རྒྱག་དགོས།

བཞི། སྤྱི་སྤྱོད་འཁོར་རིགས་ནང་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།

ལྔ། རླངས་འཁོར་བབས་ཚུགས་དང་འཁོར་སྒྲོམ་ནང་གི་གཙང་སྦྲ་ཡག་པོ་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱེད་དགོས།

དྲུག མི་སྣའི་ལས་དོན་དང་རེས་མོས་ངལ་གསོའི་བཀོད་སྒྲིག་ཡག་པོ་བྱས་ནས་ཁ་ལོ་བ་དང་ལས་དོན་པར་ངལ་གསོ་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས།

སྤྱི་དམངས་ཀྱིས་སྔོན་འགོག་བྱེད་ཐབས་ཕྱོགས་སྟོན་དྲུག་པ།

ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་ཕྱོགས་སྟོན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ལ་གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་ལ་ནད་པ་དང་འབྲེལ་བ་བྱུང་བའི་ཉིན་མཇུག་ཤོས་ནས་བཟུང་གསོ་རིག་གི་ལྟ་ཞིབ་ཉིན་14བྱེད་དགོས། ཁྱིམ་དུ་ལྟ་ཞིབ་བྱེད་རིང་གསོ་རིག་ལྟ་ཞིབ་མི་སྣ་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ནད་གཞིར་ལྟ་ཞིབ་དང་ནད་གཡོག་རྒྱུག་ཚུལ་གྱི་གཙོ་གནད་ཤེས་རྟོགས་བྱས་ཏེ། ལག་པ་བཀྲུ་བ་དང་། རླུང་འགྲོ འགོག་སྲུང་། དུག་སེལ་བཅས་ཁྱིམ་ཚང་གི་སྔོན་འགོག་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས།

ཁྱིམ་སྡོད་གསོ་རིག་ལྟ་ཞིབ་བྱེད་རིང་གི་ཞིབ་ཕྲའི་གྲོས་འགོ་གཤམ་གསལ་ཏེ།

(གཅིག) ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་རླུང་འགྲོ་ཡག་པའི་ཁང་མིག་རྐྱང་པར་བཀོད་སྒྲིག་བྱས་ཏེ། མི་གཞན་ལྟ་བར་ཡོང་དུ་འཇུག་རྒྱུ་མེད།

(གཉིས) འབྲེལ་འདྲིས་ཟབ་པའི་མིའི་འགུལ་སྐྱོད་ལ་ཚད་བཀག་བཟོས་ཏེ། འབྲེལ་འདྲིས་དམ་ཟབ་བྱུང་མཁན་དང་ནང་མིའི་མཉམ་སྤྱོད་ས་ཁོངས་ཆུང་དུ་གཏོང་གང་ཐུབ་བྱས་ཐོག མཉམ་སྤྱོད་ས་ཁོངས(ཐབ་ཚང་དང་འཁྲུད་ཁང་སོགས)རླུང་འགྲོ་ཡག་པོ(སྒེའུ་ཁུང་རྒྱུན་དུ་ཕྱེ་དགོས)ཡོང་བའི་འགན་ལེན་བྱེད་དགོས།

(གསུམ) ནང་མི་ཁང་པ་མི་འདྲ་བར་ལོགས་སུ་སྡོད་དགོས། གལ་ཏེ་ཆ་རྐྱེན་མེད་ཚེ་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་དང་ཉུང་མཐར་ཡང་བར་ཐག་སྨི་གཅིག་འཇོག་དགོས། ཕྲུ་གུའི་ཨ་མས་མུ་མཐུད་དམར་འབྱར་ལ་ཨ་མའི་འོ་མ་སྟེར་ཆོག

(བཞི) ནང་མི་གཞན་དག་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱེད་མཁན་གྱི་སྡོད་གནས་སུ་འགྲོ་སྐབས་ཁ་རས་རྒྱག་དགོས་པ་དང་། ཁ་རས་དེ་ངོ་གདོང་ལ་སྦྱོར་དགོས་ཤིང་། ཁང་པའི་ནང་ནས་ཁ་རས་ལ་རེག་པ་དང་རྒྱག་སྐྱོར་བྱ་རྒྱུ་མེད། ཟགས་ཁུས་ཁ་རས་རློན་པ་དང་བཙོག་པ་ཆགས་པ་ངེས་པར་དུ་ལམ་སེང་བརྗེ་པོ་རྒྱག་དགོས། ཁ་རས་ཕུད་ནས་དོར་རྗེས་ལག་པ་གཙང་མ་བཀྲུ་དགོས།

(ལྔ) ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་དང་ཐད་ཀར་འབྲེལ་བ་བྱེད་པའམ་ཡང་ན་ནད་པ་དང་འབྲེལ་བ་ཟབ་པའི་མི་སྡོད་ས་ནས་ཁ་བྲལ་རྗེས་ལག་པ་གཙང་མ་བཀྲུ་དགོས། ཟ་མ་གྲ་སྒྲིག་བྱེད་པ་དང་ཟ་མ་མ་བཟས་གོང་དང་བཙོག་གཅིན་བཏང་རྗེས་ལག་པ་གཙང་མ་བཀྲུ་དགོས།

གལ་ཏེ་ལག་པ་གཉིས་བཙོག་པ་དེ་ཙམ་མེད་ན་ཨ་རག་ཉིང་ཁུ་དང་དུག་སེལ་དག་རྫས་ཀྱིས་གཙང་མ་བཀྲུ་དགོས། གལ་ཏེ་ལག་པ་གཉིས་བཙོག་ཙམ་ཡོད་ན་ཡི་ཙི་དང་ཆུ་གཙང་མས་བཀྲུ་དགོས། (ཨ་རག་ཉིང་ཁུ་བེད་སྤྱོད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དཔེར་ན། གློ་བུར་དུ་མིད་པར་ཤོར་བའམ་ཡང་ན་མེ་སྐྱོན་ཐོན་པ་ལྟ་བུའོ)

(དྲུག) ཡི་ཙི་དང་ཆུ་གཙང་མས་ལག་པ་བཀྲུ་སྐབས་རབ་བྱུང་ན་སྤྱོད་གཅིག་མའི་ཤོག་བུས་ལག་པ་འཕྱིད་དགོས། གལ་ཏེ་ཤོག་བུ་མེད་ན་ཨ་ཅོར་གཙང་མས་ལག་པ་འཕྱིད་དགོས་པ་དང་ཨ་ཅོར་རློན་པ་ཆགས་ཚེ་བརྗེ་པོ་རྒྱག་དགོས།

(བདུན) གློ་བུར་དུ་གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་སྣ་འགེབ་བྱེད་ཀྱི་ཤོག་བུ་སོགས་ཐད་ཀར་གཡུགས་ཆོག་པའམ་ཡང་ན་བེད་སྤྱོད་བྱས་རྗེས་ཡང་དག་པའི་སྒོ་ནས་གཙང་མ་བཀྲུ་དགོས། (དཔེར་ན་སྤྱིར་བཏང་གི་ཡི་ཙི་དང་དག་རྫས་བྱུགས་ཏེ་ཆུ་གཙང་མས་ལག་རས་བཀྲུ་དགོས)

(བརྒྱད) ནང་མིས་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱུང་མཁན་གྱི་མཁོ་ཆས་ལ་ཉུང་ཙམ་རེག་དགོས། དཔེར་ན། སོ་བཀྲུ་དང་། ཐ་མག ཕོར་པ། ཁ་ལག བཏུང་བྱ། ཨ་ཅོར། འཁྲུད་རས། ཉལ་གདན་སོགས་མཉམ་དུ་སྤྱོད་མི་རུང་། ཕོར་པ་བེད་སྤྱོད་བྱས་རྗེས་དག་རྫས་དང་ཆུ་གཙང་མས་བཀྲུ་དགོས།

(དགུ) ལུའེ་འདུས་པའི་དུག་སེལ་སྨན་ཆུ་སྤྱད་དེ་ཉིན་ལྟར་ལག་པ་ཡང་སེ་འཁྲུ་བ་དང་ནང་མིས་རྒྱུན་དུ་སྤྱོད་པའི་དངོས་པོ་སྟེ། དཔེར་ན། སྔས་མགོའི་ཅོག་ཙེ་དང་། ཉལ་ཁྲིའི་སྒྲོམ། ཉལ་ཁང་གི་ནང་ཆས་གཞན་དག་བཅས་ལ་དུག་སེལ་བྱེད་དགོས། ཉུང་མཐར་ཡང་ཉིན་ལྟར་འཁྲུད་ཁང་དང་གསང་སྤྱོད་ཀྱི་ཕྱི་ངོས་ལ་གཙང་སྦྲ་དང་དུག་སེལ་ཐེངས་རེ་བྱེད་དགོས།

(བཅུ) སྤྱིར་བཏང་གི་ཡི་ཙི་དང་དང་ཆུ་གཙང་མས་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་གྱི་གྱོན་གོས་དང་། ཉལ་གདན། འཁྲུད་རས། ཨ་ཅོར་སོགས་བཀྲུ་བའམ་ཡང་ན་གོས་འཁྲུད་འཕྲུལ་འཁོར་གྱིས་ཧྲེ་ཧྲི་ཏུའུ་60ནས་90བར་དང་སྤྱིར་བཏང་གི་ཁྱིམ་སྤྱོད་གོས་འཁྲུད་དག་རྫས་ཀྱིས་བཀྲུས་རྗེས་སྐམ་པོ་སྐམ་རྐྱང་བཟོ་དགོས། ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་གྱིས་སྤྱད་པའི་ཉལ་ཆས་ཁུག་མའི་ནང་དུ་འཇོག་དགོས། ངོ་གདོང་དང་རང་ཉིད་ཀྱི་གྱོན་གོས་ལ་ཐད་ཀར་མི་རེག་པའི་ཆེད་དུ་གྱོན་གོས་རྡབ་རྡབ་གཏོང་མི་རུང་།

(བཅུ་གཅིག) སྤྱོད་གཅིག་མའི་ལག་ཤུབས་དང་སྲུང་སྐྱོང་རང་བཞིན་གྱི་གྱོན་ཆས(དཔེར་ན་འགྱིག་ཤོག་གི་སྨད་གཡོགས་ལྟ་བུ)གྱོན་ནས་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་གྱི་གཟུགས་པོའི་ཟགས་ཁུས་བཙོག་པ་བཟོས་པའི་དངོས་པོ་དང་གྱོན་གོས་སམ་ཡང་ན་ཉལ་ཆས་ལ་རེག་པ་དང་གཙང་མ་བཟོ་དགོས། ལག་ཤུབས་མ་གྱོན་གོང་དང་ལག་ཤུབས་ཕུད་རྗེས་ལག་པ་གཙང་མ་བཀྲུ་བ་དང་དུག་སེལ་བྱེད་དགོས།

(བཅུ་གཉིས) གལ་ཏེ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱུང་མཁན་ལ་དོགས་པ་ཡོད་པའི་ནད་རྟགས་ཏེ། དཔེར་ན། ཚ་བ་རྒྱས་པ་དང་། གློ་རྒྱག་པ། མིད་པ་ན་བ། བྲང་ཁོག་བསྡམས་པ། དབུགས་གཏོང་དཀའ་བ། ཟས་ཀྱི་དང་ག་ཅུང་ཉམས་པ། གཟུགས་པོར་ཤུགས་མེད་པ། ཉོབ་མདངས་ཅུང་ཆེ་བ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་དབྱུགས་པ། མིག་སྐྱིའི་གཉན་ཚད། རྐང་ལག་བཞི་དང་སྐེད་པའི་ཤ་གནད་ལ་ན་ཟུག་ཕྲན་བུ་གཏོང་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སྐྱོད་དགོས། ཞིབ་ཕྲའི་མཛུབ་ཁྲིད་གྲོས་འགོ་གཤམ་གསལ་ཏེ།

1. སྨན་ཁང་དུ་འགྲོ་བའི་ལམ་བར་དུ་ནད་པས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་སམ་ཡང་ན་N95ཁ་རས་རྒྱག་དགོས།

2. གལ་ཏེ་རང་ཉིད་ལ་རླངས་འཁོར་ཡོད་ན་སྤྱི་སྤྱོད་འཁོར་རིགས་ལ་མ་བསྡད་པར་སྨན་ཁང་དུ་འགྲོ་དགོས་པ་དང་ལམ་བར་དུ་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་དགོས།

3. དུས་དང་རྣམ་པ་ཀུན་ཏུ་ཁ་རས་རྒྱག་པ་དང་ལག་པ་གཙང་མ་བཀྲུ་དགོས། ལམ་བར་དང་སྨན་ཁང་དུ་སླེབས་སྐབས་མི་གཞན་དང་རྒྱང་ཐག་རིང་ཙམ་བྱེད་དགོས། (ཉུང་མཐར་ཡང་བར་ཐག་སྨི་1འཇོག་དགོས)

4.གལ་ཏེ་ལམ་བར་ནས་འགྲིམ་འགྲུལ་ཡོ་བྱད་ལ་སྦགས་བཙོག་བཟོས་ཚེ། ལུའེ་འདུས་པའི་དུག་སེལ་སྨན་ཆུས་དུག་སེལ་བྱེད་དགོས་པ་དང་། དབུགས་ལམ་གྱི་ཟགས་ཁུའམ་ཡང་ན་གཟུཌ་པོའི་ཟཌ་ཁུས་བཙོག་པ་བཟོས་པའི་ངོས་ཚང་མར་དུག་སེལ་བྱེད་དགོས།

(ཡོངས་ཁུངས། རིམས་ནད་སྔོན་འགོག་ཚོད་འཛིན་ཚོགས་ཆུང)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།