ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་དུས་སུ་སྡོང་ཕྲུག་ལ་ལུད་འཇོག་པར་མཉམ་འཇོག་བྱ་དགོས་པ་བཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག ས་ལ་བརྟག་ནས་ལུད་འཇོག་དགོས་པ་དང་མཉམ་འཇོག་བྱ་དགོས་པ་ཞིག་ནི་ས་རྒྱུ་མི་འདྲ་བའི་ནང་དུ་འདྲེས་པའི་འཚོ་བཅུད་ཀྱི་གཞི་རྒྱུ་དང་རིགས་སྣ། གྲངས་ཚད་སོགས་ཀྱང་མི་འདྲ་བ་དང་བསྟུན་ནས་ལུད་ཀྱང་མི་འདྲ་བ་འཇོག་དགོས།

གལ་ཏེ་རྡོ་ཐལ་རང་བཞིན་གྱི་ས་རྒྱུ་དང་ཡང་ན་སྐྱུར་གཤིས་རང་བཞིན་དྲག་པའི་སྡོང་ཕྲུག་ར་བ་ནང་དུ། ལིན་མཁོ་བའི་གནས་ཚུལ་འབྱུང་སླ་བ་ཡིན། ལིན་ལུད་བསྣོན་པར་མཉམ་འཇོག་བྱ་དགོས། ལྷག་པར་དུ་ལིན་ལུད་ཀྱི་ཚད་ཇེ་མང་དུ་གཏོང་དགོས། སྤྱིར་བཏང་ས་རྒྱུ་ནང་དུ་ཏན་ལུད་གཙོ་བོ་ཡིན། གལ་ཏེ་ཏན་གཞི་རྒྱུ་ནང་དུ་ཏན་ལུད་གཙོ་བོ་ཡིན། གལ་ཏེ་ཏན་གཞི་རྒྱུ་མང་བའི་ས་རྒྱུ་ནང་དུ་ལིན་ཅཱ་ལུད་ཀྱི་བསྡུར་ཚད་ཇེ་མང་དུ་གཏོང་དགོས། ས་རྒྱུ་ཡི་ས་གཤིས་མི་མཐུན་པ་དང་བསྟུན་ནས། འཚོ་བཅུད་ཀྱི་ཆ་རྐྱེན་དང་ལུད་སྲུང་འཛིན་གྱི་ནུས་པ་ལ་ཡང་ཁྱད་པར་ཡོད་པ་རེད། དེ་བས་ལུད་འཇོག་པའི་བྱེད་ཐབས་ཀྱང་མི་མཐུན་པ་ཡིན། ས་རྒྱུ་ཡི་ལུད་སྲུང་འཛིན་གྱི་ནུས་པ་བཟང་ཚེ། ཁ་ལུད་འཇོག་ཐེངས་རེར་ཚད་ཅུང་མང་དགོས་པ་དང་ཐེངས་གྲངས་ཉུང་ཡང་ཆོག  ས་རྒྱུ་ཡི་ལུད་སྲུང་འཛིན་གྱི་ནུས་པ་ཞན་པས་ས་རྒྱུ་ཕྱེ་མ་ཅན་གྱི་སྡོང་ཕྱུག་ར་བ་ནང་དུ། ཁ་ལུད་འཇོག་པའི་ཐེངས་གྲངས་ཅི་ལྟར་མང་ན་དེ་ལྟར་བཟང་ལ་འཇོག་ཐེངས་རེར་ཚད་ཉུང་དགོས།

གཉིས། ལུད་རྫས་ཀྱི་རིགས་ལ་བརྟག་དགོས་པ་དང་སྤྱིར་བཏང་དུ་སྡོང་ཕྲུག་ལ་མྱུར་ཐོན་ལུད་རྫས་ནི་ཁ་ལུད་འཇོག་པ་ཡིན།

དཔེར་ན་རྩི་ཤིང་གི་གོ་ཐལ་དང་། མུ་ཟི་སྐྱུར་ཨན། གཅིན་རྒྱུ། ཁིལ་སྐྱུར་ཨན། ཁིལ་སྐྱུར་ཅཱ་སོགས། རྫས་ལུད་འདི་རིགས་ནི་ངེས་པར་དུ་ཡོངས་སུ་ཧྲུག་ཧྲུག་དུ་གཏོང་དགོས་ལ། དུམ་ལེབ་བྱས་ནས་གཏོར་ན་མི་ལེགས། དེར་མ་ཟད་ད་དུང་ཁ་ལུད་དུ་སྐྱེ་ལྡན་ལུད་རྫས་བཞག་ཆོག དཔེར་ན་མི་ཕྱུགས་ཀྱི་གཅིན་ལུད། སྦངས་ལུད་ཡིན་ཡང་འདི་དག་ནི་སྐྱུར་བསྙལ་དང་། ཡོངས་སུ་རུལ་བསྙལ་ལངས་ཟིན་པ་ཡིན་དགོས་པ་ལས་ལུད་གསོན་པོ་ཡིན་མི་རུང་། ཏན་ལུད་ནི་ས་རྒྱུ་ནང་དུ་སྤོ་འགུལ་གྱི་རང་བཞིན་ཅུང་དྲག་པས། གཏིང་མི་ཟབ་པའི་གནས་དང་རྩ་ལག་འཕེལ་བའི་རིམ་པ་ནང་དུ་གཏོར་ནས་སྡོང་ཕྲུག་གི་འབྱིན་རྔུབ་བྱེད་པ་ཡིན། 

གསུམ། ལྗང་མྱུག་ལ་བརྟག་ནས་ལུད་འཇོག་པ། སྤྱིར་བཏང་དུ་སྡོང་ཕྲུག་ལ་མྱུ་གུ་འབུས་པའི་དུས་དང་། ལྗང་མྱུག་གི་དུས། མྱུར་སྐྱེས་དུས། སྲ་འགྱུར་གྱི་དུས་བཅས་དུས་རིམ་བཞི་རུ་ཕྱེ་ཡོད།

མྱུ་གུ་འབུས་པའི་དུས་སུ་སྡོང་ཕྲུག་ལ་རང་འདོད་ལྟར་འཚོ་བཅུད་ཁ་གསབ་བྱ་མི་ཆོག འཚོ་བཅུད་གཙོ་བོ་ནི་ས་བོན་ནང་དུ་གསོག་ཡོད། ལྗང་མྱུག་གི་དུས་ནི་མྱུ་གུ་ས་ཁར་བུད་ནས་ལོ་མ་འབུས་པ་དང་། ས་འོག་གི་རིམ་པར་ཡན་ལག་གི་རྩ་བ་རྒྱས་ནས་ལྗང་མྱུག་སྐྱེ་འཕེལ་ཚད་མྱུར་དུ་ཡར་འཕེལ་བའི་དུས་སྐབས་དེ་ཡིན། དུས་སྐབས་འདིར་ཏན་དང་ལིན་ལ་ཅུང་ཚོར་བ་སྐྱེན་པོ་ཡིན། མྱུར་སྐྱེས་དུས་ནི་སྡོང་ཕྲུག་ས་སྟེང་གི་རིམ་པ་དང་ས་འོག་གི་རིམ་པ་གཉིས་དུས་མཉམ་དུ་སྐྱེས་ནས་ལུད་རྫས་ཀྱི་མཁོ་ཚད་ཡང་མང་བ་ཡིན།

བཞི། ནམ་ཟླར་བརྟག་ནས་ལུད་འཇོག་པ་ནི་ནམ་ཟླའི་ཆ་རྐྱེན་ལ་གཞིགས་ནས་ལུད་འཇོག་པའི་ཐེངས་གྲངས་དང་ཚད་ཐག་གཅོད་བྱེད་པ་དེ་ཡིན། 

དྲོད་ཚད་དམའ་བའི་དུས་སུ། སྡོང་ཕྲུག་གི་འབྱིན་རྔུབ་བྱེད་ཚད་ཉུང་། དྲོད་ཚད་མཐོ་བའི་སྐབས་སུ་རྩ་ལག་སྐྱེ་འཕེལ་རྒྱས་བཞིན་ཡོད་པས་འབྱིན་རྔུབ་བྱེད་ཚད་ཀྱང་མང་བ་ཡིན། རབ་ཡིན་ན་གནམ་དྭངས་པའི་ནམ་ཟླར་བདམས་ནས་ས་རྒྱུ་སྐམ་དུས་སུ་ལུད་བཞག་ན་བཟང་། གནམ་རུབ་པའི་ནམ་ཟླར་སྡོང་ཕྲུག་གི་རྩད་པ་ཡི་ཆུ་རླངས་འབྱིན་རྔུབ་བྱེད་ཚད་དལ་བས་འཚོ་བཅུད་འབྱིན་བྱེད་མི་ཐུབ་པ་མ་ཟད་ལུད་ནུས་ཀྱང་ཆར་ཆུ་ཡིས་འཁུར་ནས་ཆུ་ཟོས་གཏོང་བ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།