ཀྲུང་གོ་བོད་ཀྱི་དྲ་བ།

སའི་གོ་ལའི་སྟེང་ཚེ་སྲོག་བྱུང་བའི་དུས་ཚོད་ནི་སྔོན་དཔག་ལས་ལོ་ངོ་དུང་ཕྱུར་གསུམ་སྔ་བ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20150504054326936.jpg

ཨ་རིའི་ཁ་ལི་ཧྥོར་ཉི་ཨ་སློབ་ཆེན་གྱི་ལོ་སན་རྗི་ལེ་སི་ཡན་ལག་སློབ་གྲྭའི་ཚན་རིག་པས་ཉེ་ལམ་གསར་རྟོགས་བྱུང་བ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་ཀྱི་རྗ་ཁེ་རི་ཁུལ་གྱི་གནའ་བོའི་ཛིར་རྡོ་ཤེལ་གཟུགས་མའི་ཁྲོད་དུ་རྡོ་སྣག་ནག་ཐིག་ཡོད་པ་ར་སྤྲོད་བྱས། ཞིབ་འཇུག་མི་སྣས་བལྟས་ན། གསར་རྟོགས་དེ་ཡིས་གཅིག་བྱས་ན་ལོ་ངོ་དུང་ཕྱུར41ཡར་སྔོན་དུ་སའི་གོ་ལའི་སྟེང་དུ་སྐྱེ་དངོས་ཡོད་པ་བདེན་དཔང་བྱེད་ཐུབ་པ་དང་། དེ་ལྟར་ན་ཚན་རིག་པས་དེ་སྔ་ཚོད་དཔག་བྱས་པ་ལས་ལོ་ངོ་དུང་ཕྱུར་གསུམ་སྔ་བ་རེད། གལ་ཏེ་སྡོམ་ཚིག་དེ་ལ་ར་སྤྲོད་བྱེད་ཐུབ་པ་བྱུང་ཚེ། ལོ་ངོ་དུང་ཕྱུར46གི་ཡར་སྔོན་དུ་གདོད་མའི་ས་རྡུལ་དང་རླུང་གཟུགས་སྡེར་མས་སའི་གོ་ལ་གྲུབ་རྗེས། སྐར་མའི་གོ་ལ་དེའི་སྟེང་དུ་རིམ་བཞིན་དུ་སྐྱེ་དངོས་བྱུང་ཡོད་པ་རེད།

  ཞིབ་འཇུག་དེ་ལས་གསལ་བ་ནི། ལོ་ངོ་དུང་ཕྱུར39ཡི་སྔ་རོལ་ཏུ་ཉི་མའི་ཁྱིམ་རྒྱུད་དུ་གཞི་རྒྱ་ཆེ་བའི་འབར་གས་བྱུང་ལ། འབར་གས་དེ་དག་གིས་སའི་གོ་ལའི་སྟེང་སྐར་རྡོའི་གཞུས་ཀོང་ཆེན་པོ་བྱུང་དུ་བཅུག་པ་དང་། ཚེ་སྲོག་བྱུང་དུས་ནི་གཞི་རྒྱ་ཆེ་བའི་འབར་གས་དེ་དག་ལས་སྔ་བ་རེད། རྡོ་སྣག་ཁྲོད་ཀྱི་རྡུལ་ཕྲན་ནི་ཐཱན་གྱི་ཤེལ་གཟུགས་རྣམ་པ་ཞིག་ཡིན་པ་དང་། དུས་མཚུངས་སུ་སྐྱེ་དངོས་འབྱུང་ཁུངས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། ཚན་རིག་པས་བསྒྲགས་དོན། རྡོ་སྣག་ཁྲོད་དུ་ཐཱན་གྱི་གནས་མཐུན་རྒྱུ12Cཕུན་སུམ་ཚོགས་པོ་ཡོད་པ་དང་།ཐཱན“ཡང”གནས་མཐུན་རྒྱུ་དེའི་རིགས་ནི་ནམ་རྒྱུན་སྐྱེ་ལྡན་ཚེ་སྲོག་ལ་འབྲེལ་བ་ཡོད་ཅིང་། དེ་ཡིས་སྐམ་སའི་སྐྱེ་དངོས་མུ་ཁྱུད་ནི་ལོ་ངོ་དུང་ཕྱུར41གི་སྔོན་དུ་སའི་གོ་ལའི་སྟེང་བྱུང་ཡོད་པ་ཤུགས་ཀྱིས་བསྟན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།