ཀྲུང་གོ་བོད་ཀྱི་དྲ་བ།

རླངས་འཁོར་ནང་ནས་མགོ་ཡུ་འཁོར་བའི་རྒྱུ་མཚན་ཅི་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མགོ་ཡུ་འཁོར་བའི་ནད་ནི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རླངས་འཁོར་རམ་གནམ་གྲུ། གྲུ་གཟིངས་སོགས་སུ་འདུག་སྐབས་མགོ་ཡུ་འཁོར་བར་བརྗོད། དེ་ནི་སྙོམས་ཚོར་འཁྲུག་པའི་ཕྱོགས་བསྡུས་ནད་རྟགས་ཤིག་ཡིན། འགུལ་རྣམ་གྱི་ཁོར་ཡུག་གང་ཞིག་ཀྱང་མགོ་ཡུ་འཁོར་བའི་ནད་སློང་སྲིད། འོན་ཀྱང་འདིས་ཁྱོད་ལ་ནད་ཀྱིས་བཟུང་བ་མཚོན་མི་ཐུབ་ལ། དེ་ལས་ལྡོག་སྟེ། མགོ་ཡུ་འཁོར་བའི་ནད་ནི་ཁྱེད་ཀྱི་དབང་ཚོར་མ་ལག་གིས་ཁྱེད་ཀྱི་རྒྱུད་དུ་བསགས་པའི་ཉམས་མྱོང་ལ་གཞིགས་ནས། ཆེས་ལེགས་པའི་ཐབས་ཤེས་ལ་བརྟེན་ནས་བྱེད་ནུས་མངོན་པའི་མཇུག་འབྲས་ཅིག་རེད།

དབང་བོའི་ཆ་འཕྲིན་དང་འགུལ་སྐྱོད་ཀྱི་བཀོད་མངག་ཐག་གཅོད་བྱེད་པའི་སྐབས་སུ། ཀླད་ཆེན་གྱིས་ཚུར་ཡོང་ཕྱིར་གཏོང་གི་བརྡ་རྟགས་ཐམས་ཅད་ལ་རྒྱུན་ཆད་མེད་པར་ལྟ་རྟོག་དང་སྙོམས་སྒྲིག་བྱེད་བཞིན་ཡོད། དེ་ལས་འཚོ་བའི་ཁྲོད་ཀྱི་ལས་འགན་སྣ་ཚོགས་ཕྱོད་མཐོའི་ངང་ལག་བསྟར་བྱེད་བཞིན་ཡོད། དཔེར་ན། མགོ་འཁོར་བའི་སྐབས་སུ་མིག་གིས་མཐོང་ལམ་གསལ་བའི་ཆེད་དུ། ཁྱེད་ཀྱིས་ཀླད་ཆེན་གྱིས་ཁྱེད་ཀྱི་མིག་གིས་མགོ་བོའི་འཁོར་ཕྱོགས་དང་ལྡོག་པ་མ་ཟད། འཁོར་ཚད་མཚུངས་བའི་གནས་སུ་བལྟ་རུ་འཇུག དེ་ནི་ཁྱེད་ཀྱི་ནང་རྣས་དོ་སྙོམས་ཀྱི་ཚོར་སྐྱེན་དབང་བོའི་ཚུར་སྣང་ལ་བརྟེན་ནས་འགུལ་སྟངས་འདི་དག་ལག་བསྟར་བྱས་པ་ཡིན། ཁྱེད་ཀྱི་ཀླད་ཆེན་གྱིས་རྒྱུན་མི་ཆད་པར་ཚུར་སྣང་འདི་རིགས་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། རྟག་ཏུ་སྙོམས་སྒྲིག་བྱས་ཏེ། མིག་དང་མགོ་བོའི་འགུལ་སྐྱོད་བར་གཞོགས་འདེགས་བྱེད་པ་ཁག་ཐེག་བྱས་ཡོད།

ནང་རྣའི་ནང་གི་མགོ་བོའི་དོ་སྙོམས་འགུལ་སྐྱོད་ལ་ལྟ་རྟོག་བྱེད་པའི་མདུན་ཁྱམས་རྒྱུད་ཁོངས་ཀྱི་ལས་ཕྱོད་དེ་མྱོང་བ་དང་མཇུག་འབྲས་ལ་བརྟེན་པ་ཡིན། འཚར་ལོངས་འབྱུང་བའི་རྒྱུད་རིམ་ཁྲོད། དེས་ཁྱེད་ཀྱི་འགུལ་སྟངས་ལ་གཞོགས་འདེགས་དང་དོ་སྙོམས་ཐུབ་པར་རོགས་རམ་བྱེད་ཐུབ།

འདིའི་རྒྱུད་རིམ་ཁྲོད་ཀྱི་ཞན་ཆ་ནི་དབང་རྩའི་མ་ལག་གིས་ཉམས་སུ་མྱོང་མེད་པའི་གནས་ཚུལ་ལ་གྲ་སྒྲིག་སྤུ་ཙམ་ཡང་བྱེད་མི་ཐུབ། འདིས་ཡང་ཚད་ངེས་ཅན་ཞིག་གི་ཐོག་ནས་མཁའ་སྐྱོད་པ་ལྗོད་ཤོར་གནས་ཚུལ་འོག་ཞེན་ཁ་ལོག་པ་དང་། གྲུ་ལ་མགོ་ཡུ་འཁོར་བ། རླངས་འཁོར་གྱི་འདུག་སྟེགས་གཞུག་མའི་སྟེང་ནས་གློག་བརྙན་ལ་བལྟ་བའམ་རྟོག་བཏགས་རོལ་རྩེད་རྩེ་སྐབས་ལུས་ལ་སྡུག་པའི་གནས་ཚུལ་དག་ལ་གསལ་བཤད་བྱ་ཐུབ། མིའི་རིགས་མགོ་ཡུ་མི་འཁོར་བའི་རིགས་སུ་ད་དུང་འཕེལ་འགྱུར་བྱུང་མེད། 

དེའི་རྐྱེན་གྱིས། ཁྱེད་རང་རླངས་འཁོར་རམ་གྲུ་གཟིངས་སོགས་ལ་འདུག་སྐབས་མགོ་ཡུ་འཁོར་བ་དེ། ཡང་སྙིང་ཅི་ཡིན་ཞེ་ན། ཁྱེད་ཀྱི་དབང་རྩའི་མ་ལག་གིས་ཁྱད་ཆོས་ལྡན་ལ། འགྲན་སློང་ཡོད་པ། རེ་འདུན་དང་ལྡོག་པའི་ཁོར་ཡུག་ཁྲོད་ཉམས་མྱོང་ལྡན་ཞིང་ལེགས་སྒྱུར་བྱས་པའི་དབང་ནུས་མངོན་པའི་རྒྱུད་རིམ་ཞིག་རེད། 

རྒྱུན་ལྡན་གནས་ཚུལ་འོག ཁྱེའུ་ཕྲུག་ལ་མགོ་ཡུ་མི་འཁོར། དེ་ལས་ཅུང་ཆེ་བའི་བྱིས་པར་མགོ་ཡུ་འཁོར་སླ། དུས་སྐབས་འདི་ནི་ཁོ་ཚོས་དབང་བོ་མི་འདྲ་བའི་བར་ལ་འབྲེལ་ཐག་འཛུགས་པའི་དུས་ཤིག་རེད།

བྱིས་པ་འཚར་ལོངས་བྱུང་བ་དང་བསྟུན་ནས། མགོ་ཡུ་འཁོར་ཚད་ཡང་རྒྱུན་ལྡན་གྱིས་ཇེ་ཉུང་དུ་འགྲོ། འདི་ནི་ཁོ་ཚོས་འདས་པའི་མྱོང་བ་དང་དངོས་ཡོད་སྣང་ཡུལ་དང་འདྲིས་པའི་རྐྱེན་ཡིན་ཆེ།

ན་ཚོད་རྒས་པའི་རྒྱུད་རིམ་ཁྲོད། རྣ་དང་མིག་གི་ཚོར་བསྡུ་ཕྲ་ཕུང་ཉམས་རྒུད་དུ་སོང་ཞིང་། མིག་གི་བདར་གཟུགས་མི་གསལ་བའམ་མཇུག་སྣེ་དབང་རྩའི་ནུས་བ་ཉམས་པ་སོགས་ཀྱི་འགྱུར་བ་བྱུང་དུས། མགོ་ཡུ་འཁོར་བཚད་ཡང་ཚད་ཆེན་པོས་ཇེ་ཉུང་དུ་འགྲོ། རྒྱུན་ལྡན་གནས་ཚུལ་འོག རྒན་རྒོན་ལ་མགོ་ཡུ་འཁོར་ཚད་ཡང་མར་ཆག་འགྲོ།

དེ་ན་མགོ་ཡུ་འཁོར་ན་ཅི་ལྟར་བྱ། ཐབས་གཅིག་ནི་ཁྱེད་རང་གནས་སའི་ཁོར་ཡུག་ལས་དབང་བོ་དང་ཆ་འཕྲིན་བར་གྱི་ཕན་ཚུན་འགལ་བ་ཐག་གཅོད་རྒྱུ་རེད། ཁྱེད་ཀྱིས་ལྟོས་བཅོས་ཀྱིས་བརྟན་འཇགས་ཡིན་པའི་ཟུར་ལྟའི་དངོས་བོ་ཞིག་ལ་བལྟ་བ་དེ་ཡིན། དཔེར་ན། གྲུ་ནང་དུ་ཡོད་ན། ཁྱེད་ཀྱིས་མཚོ་འགྲམ་མམ་གནམ་སའི་འབྲེལ་མཚམས་སུ་བལྟ་བ། གལ་ཏེ་རླངས་འཁོར་ནང་དུ་ཡོད་ན། འདུག་སྟེགས་སྔུན་མ་ནས་འདུག་པའམ་ཤེལ་སྒོའི་ཕྱི་རོལ་དུ་བལྟ་བ། འདི་ལྟར་བྱས་ན། ཁྱེད་ཀྱི་མཐོར་ཚོར་ཆ་འཕྲིན་དང་ནང་རྣའི་མདུན་ཁྱམས་རྒྱུད་ཁོངས་ཀྱི་ཆ་འཕྲིན་གཅིག་གྱུར་འབྱུང་བ་ཡིན། 

ཐབས་གཞན་ཞིག་ནི། འགལ་ཟླ་སློང་བའི་ཆ་འཕྲིན་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན། སྨན་འགའ་ཤས་ཀྱིས་ནང་རྣའི་མདུན་ཁྱམས་རྒྱུད་ཁོངས་ཀྱི་ཆ་འཕྲིན་འགོག་ཐུབ། སྨན་འགའ་ཤས་ཀྱིས་དབང་བོའི་ཆ་འཕྲིན་ཀླད་ཆེན་ནས་གཅིག་སྡུད་ཐག་གཅོད་བྱེད་པའི་རྣམ་པ་སྒྱུར་བ་ཡིན། 

མཇུག་ཏུ། ཉམས་མྱོང་མང་པོ་བརྒྱུད། ཁྱེད་རང་གནས་ཚུལ་གསར་བར་གོམས་འགྲོ་བ་ཡིན། ཁྱེད་ཀྱིས་ཀླད་ཆེན་གྱིས་རྒྱུན་རྣམ་གསར་བ་ཞིག་ངོས་ཟིན་སྐབས། དེས་འགྲན་སློང་དྲག་པའི་ཁོར་ཡུག་ཁྲོད་ནད་རྟགས་ཉུང་བུའི་ངང་ལས་དོན་སྒྲུབ་ཐུབ། དཔེར་ན། ཨ་རིའི་རྒྱལ་ཁབ་འཇུག་རྟེན་འཕུར་སྐྱོད་ཅུའུ་ཡིས་མཁའ་སྐྱོད་པས་མགོ་ཡུ་མི་འཁོར་བའི་གནས་ཚུལ་འོག་སའི་གོ་ལའི་འགུག་ཤུགས་རྣམ་པ་ནས་བར་སྣང་གི་ལྗིད་ཤོར་རྣམ་པར་སྤོར་བར་ཞིབ་འཇུག་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།