ཀྲུང་གོ་བོད་ཀྱི་དྲ་བ།

དགུན་དུས་ཀྱི་རླངས་འཁོར་སྐོར་བའི་མན་ངག་འདི་ཚང་མས་ཐུགས་ལ་འཇགས་པར་འཚལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་ཁར་ཕ་ཡུལ་ལ་ལོག་པའི་ལམ་བར་དུ། གནམ་ཟླ་སྡུག་པོ་ལ་འཕྲད་ན་དོན་འདི་དག་ལ་མཉམ་འཇོག་དགོས།

དགུན་ཁར་ཁ་འབབ་པ་དང་ཆར་འབབ་པ། སྨུག་པ་འཐིབས་པ་སོགས་ཀྱི་གནམ་ཟླ་འབྱུང་སླ་བ་དང་། རླངས་འཁོར་སྐོར་སྐབས་འཁོར་ལོ་ཤུད་པ་དང་། མཐོང་ལམ་མི་གསལ་བ་སོགས་དང་འཕྲད་སྐབས། ངེས་བར་དུ་སེམས་ཆུང་བྱེད་དགོས། གནམ་ཟླ་འདི་རིགས་ཐོན་ན། རླངས་འཁོར་སྐོར་བར་འགལ་རྐྱེན་མི་དམན་པ་བཟོ་སྲིད་པས། དགུན་དུས་ཀྱི་རླངས་འཁོར་སྐོར་བའི་མན་ངག་འདི་ཚང་མས་ཐུགས་ལ་འཇགས་པར་འཚལ། 

01ཁ་བ་བབས་པའི་གནམ་ཟླ་ཐོན་ཚེ། 

དལ་གྱིས་བསྐོར་བ་དང་། མྱུར་མོས་འཁོར་བསྒགས་བསྒག་མི་རུང་། 

ལམ་ངོས་སུ་ཁ་དར་ཆགས་པའི་སྐབས་སུ་འཁོར་ལོ་ཤུད་སླ་བ་དང་། རླངས་འཁོར་བསྐོར་བའི་སྐབས་སུ་དལ་མོར་བསྐོར་བ་དང་། འཁོར་བསྒགས་མྱུར་དུ་བསྒག་མི་རུང་། སྣུམ་སྒོ་ལྷོད་དེ་འཁོར་བསྒགས་ཡང་མོས་མཚམས་མཚམས་སུ་བསྒག་དགོས། འཁོར་ལམ་རྙིང་བའི་ཤུལ་དུ་བསྐོར་བ་དང་། དར་ཆགས་པའི་ལམ་ངོས་སམ་གནས་ཚུལ་མི་གསལ་བའི་ལམ་དུ་མི་བསྐོར་རྒྱུ་གལ།

རླངས་འཁོར་བར་བར་ཐག་ངེས་ཅན་བསྐྱུར་བ།

དར་ཆགས་པའི་ལམ་ངོས་སུ་འགོག་ཤུགས་ཆུང་ལ། རླངས་འཁོར་བར་བར་ཐག་ངེས་ཅན་ཞིག་མེད་པར་འཁོར་བསྒགས་བསྒག་ན་སྔུན་མ་དང་ཐུག་རྒྱག་པའི་གནས་ཚུལ་འབྱུང་སླ། གལ་ཏེ་ལམ་ནང་དུ་ཁ་བ་འབབ་བཞིན་ཡོད་ན། མཐོང་ལམ་མི་གསལ་བས་ངེས་བར་དུ་རླངས་འཁོར་གྱི་གློག་བརྡ་རྒྱག་དགོས། ཉེ་འཁོར་གྱི་རླངས་འཁོར་ལ་ཁ་ལོ་བསྒྱུར་བའི་དུས་ཚོད་ངེས་ཅན་ཞིག་སྦྱིན་དགོས་ལ། རང་ཉིད་ཀྱིས་ཀྱང་སྔུན་མཇུག་གི་རླངས་འཁོར་གློག་བརྡར་མཉམ་འཇོག་དགོས་པ་དང་། དུས་ཐོག་དུ་བདེ་འཇགས་ཡིན་པའི་བར་ཐག་འཇོག་དགོས།

དཀྱོག་མཚམས་སུ་དལ་བུར་བསྐོར་བ། 

དཀྱོག་མཚམས་སུ་སླེབས་སྐབས་སམ། ལྷག་པར་དུ་དཀྱོག་ཆེ་བའི་ལམ་ནང་དུ་སྔོན་ནས་འགྲོས་ཚད་ཇེ་དལ་དུ་གཏོང་བ་དང་། རླངས་འཁོར་གཞན་གྱི་ཁ་ཕྱོགས་དང་། སྒོས་སུ་དཀྱོག་མཚམས་ནས་རླངས་འཁོར་དང་འཕྲད་སྐབས། ཁྱེད་ཀྱིས་ལམ་མི་གཅོད་པ་དང་། འཚང་ཁ་མི་རྒྱག་པ། གོ་རིམ་ལྡན་པའི་ངང་དལ་བུར་བསྐྱོད་དགོས།

གློག་བཀོད་གཏོང་འོས་མཚམས་ཡིན་དགོས།

མཐོང་ལམ་མི་གསལ་བའམ་ཡང་ན་ཁ་བ་འབབ་བཞིན་པའི་སྐབས་སུ་རླངས་འཁོར་སྔོན་མཇུག་གི་སྨུག་འོད་བཀར་དགོས་ཏེ། མི་གཞན་གྱིས་དུས་ཐོག་ཏུ་ཁྱེད་རང་མཐོང་དུ་འཇུག་དགོས།

འཁོར་ལོ་ཤུད་ན་ཇི་ལྟར་བྱ།

གལ་ཏེ། ལམ་ནང་དུ་འཁོར་ལོ་ཤུད་ན། ཁ་ལོ་འཁོར་ལོ་ཤུད་པའི་ཁ་ཕྱོགས་དང་བསྟུན་ནས་དལ་གྱིས་བསྒྱུར་དགོས་པ་དང་། རླངས་འཁོར་དྲང་མོར་འཁོར་ན་ད་གཟོད་འཁོར་བསྒག་ཡང་མོས་བསྒག་སྟེ། གནས་ཚུལ་ཡོངས་སུ་འཇགས་ཏུ་འཇུག་དགོས།

02སྨུག་པ་འཐིབས་པའི་སྐབས་སུ། 

གློག་འོད་ཡང་དག་པའི་སྒོ་ནས་བཀར་དགོས།

དལ་མོར་བསྐོར་བ་དང་སྔོན་རྗེས་ཀྱི་བར་ཐག་འོས་མཚམས་བསྐྱུར་དགོས།

རླངས་འཁོར་སྔོན་མ་ལས་ཅི་ཐུབ་ཀྱིས་མི་བརྒལ་བ།

སྨུག་པ་འཐིབས་པའི་གནམ་ཟླའི་འོག མཐོང་ལམ་བསྒྲིབ་འགྲོ་བས། སྔོན་རྗེས་བར་གསུམ་གྱི་གནས་ཚུལ་ལ་བརྡར་ཤ་གཅོད་དཀའ་བས་གང་ཐུབ་ཀྱིས་སྔུན་མ་ལས་མི་བརྒལ་བ་བྱེད་དགོས། དེ་དང་ཆགས་ཅིག རང་རང་གི་ལམ་ཐིག་ནང་བསྐོར་དགོས་ལ། དེ་མིན་མདུན་ཕྱོགས་ཀྱི་རླངས་འཁོར་དང་གདོང་ཐུག་པའི་ཉེན་ཁ་ལྡན། དཀྱོག་མཚམས་སམ་ལ་ངོར་བསྐོར་སྐབས། འགྲོས་དལ་མོས་བསྐོར་དགོས།

མྱུར་ཏུ་འཁོར་བསྒགས་བསྒག་མི་རུང་། 

མྱུར་ཏུ་འཁོར་བསྒགས་བསྒག་ན། རླངས་འཁོར་གཞུག་མས་བསྐོར་ལོང་མེད་པར། ཐུག་རྒྱག་སྲིད། གལ་ཏེ་མྱུར་ཏུ་འཁོར་བསྒགས་བསྒག་དགོས་ན། འཁོར་བསྒགས་ཡང་དང་ཡང་དུ་ལྷོད་དགོས་པ་དང་། དེས་གཞུག་མ་ལ་གསལ་འདེབས་ཀྱི་ནུས་པ་ཐོན་སྲིད་ཅིང་། འཁོར་འགྲོས་ཇེ་དལ་དུ་གཏོང་བའི་ནུས་པ་ལྡན།

དུང་བརྡ་རྒྱག་པ།

སྨུག་པ་འཐིབས་པའི་སྐབས་སུ་རླངས་འཁོར་བསྐོར་ན། དགོས་ངེས་ཀྱི་སྐབས་སུ་དུང་རྒྱབ་སྟེ་རླངས་འཁོར་གཞན་ནམ་རླངས་སྒུལ་མ་ཡིན་པ། མི་སོགས་ལ་ཁྱེད་ཀྱིས་གནས་ས་ཤེས་རྟོགས་བྱས་སུ་བཅུག་སྟེ། དོན་རྐྱེན་འབྱུང་བ་ནུས་ལྡན་གྱིས་སྔོན་འགོག་བྱེད་ཐུབ།

དྲ་མའི་སྨུག་པ་ཕྱི་བ།

སྟོན་དགུན་གྱི་དུས་སུ་སྨུག་པ་འཐུབས་པའི་གནམ་ཟླ་ཐོན་སླ། དུས་ཚིགས་འདིར་དྲོད་གྲངས་དམའ་བས། རླངས་འཁོར་ནང་རླངས་པ་ཆགས་སླ། དེ་བས་དུས་ཐོག་ཏུ་རླངས་འཁོར་སྔོན་རྗེས་ཀྱི་དྲ་བའི་རླངས་པ་སེལ་བའི་ནུས་པ་གཏོང་དགོས་པ་མ་ཟད། རླངས་འདོན་སྒོ་མདུན་གྱི་དྲ་མའི་སྟེང་དུ་བསྐོར་ཏེ་རླངས་འཁོར་ནང་གི་རླངས་པ་ཡལ་དུ་འཇུག་དགོས། དགོས་ངེས་སྐབས་སུ་རླངས་འཁོར་ནང་དུ་རླངས་སེལ་ཆུ་གྲ་སྒྲིག་བྱེད་དགོས།

དོན་རྐྱེན་བྱུང་ན་ཐག་གཅོད་ཡང་དག་པ་བྱེད་དགོས།

མཐོང་ལམ་རིབ་པའམ་དོན་རྐྱེན་བྱུང་བ་སོགས་ཀྱི་གནས་ཚུལ་འོག་མུ་མཐུད་མདུན་དུ་བསྐོར་མི་ཐུབ་ན། ཁ་ལོ་བས་ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་རླངས་འཁོར་འཕྲལ་བསྟུན་འཁོར་ལམ་དུ་འཇོག་དགོས་ཤིང་། ཉེན་བརྡའི་གློག་བཀར་དགོས་པ་དང་། དུས་མཚུངས་སུ་རླངས་འཁོར་ནང་གི་མི་གཞན་དག་བདེ་འཇགས་ཡིན་པའི་གནས་སུ་འགྲོ་བ་དང་ཉེན་རྟོག་པར་ཁ་པར་བཏང་སྟེ་རོགས་འདེགས་ཞུ་དགོས།

03ཆར་ནང་དུ་བསྐོར་བ།

སྨུག་པ་སེལ་དགོས་པ།

ཆར་བ་འབབ་སྐབས་རླངས་འཁོར་བསྐོར་ན་ཆར་འདེད་ཆས་ལ་ཞིབ་བཤེར་བྱེད་དགོས། གལ་ཏེ་རླངས་འཁོར་བསྐོར་བའི་སྐབས་སུ་དྲ་མའི་ངོས་སུ་རླངས་པ་ཆགས་པ། སིལ་རླངས་ཀྱི་སྒོ་ཕྱེ་ནས་དྲ་མའི་ངོས་སུ་བསྐོར་དགོས། 

འགྲོས་དལ་མོས་བསྐོར་བ།

འཁོར་འགྲོས་ཇེ་དལ་དུ་གཏོང་བ་དང་། མྱུར་དུ་འཁོར་བསྒགས་མི་རུང་། དེ་མིན་རླངས་འཁོར་ཤུད་སླ། འཁོར་འགྲོས་ཇེ་དལ་དུ་གཏོང་སྐབས་ཤུད་པ་སྔོན་འགོག་བྱེད་ཐུབ།

དཀྱོག་བརྒལ་སྐབས་ཁ་ལོ་མྱུར་དུ་བསྒྱུར་མི་རུང་།

ཆར་ནང་དུ་དཀྱོག་བརྒལ་སྐབས་ཤུད་སླབ་བས། འགྲོས་དལ་མོས་བརྒལ་དགོས། ཁ་ལོ་ཡང་མོས་གཅུ་བ་ལས་གློ་བུར་དུ་ཤུགས་ཆེན་པོས་གཅུ་མི་རུང་།

འཁོར་ལམ་བསྒྱུར་ནས་སྔུན་མ་ལས་བརྒལ་བ་ཇེ་ཉུང་དུ་གཏོང་དགོས།
        ཆར་འབབ་སྐབས་མཐོང་ལམ་མི་གསལ་ཞིང་ལམ་ནང་དུ་ཤུད་སླ་བས། འཁོར་ལམ་ཡང་དང་བསྐྱར་དུ་བསྒྱུར་བ་དང་སྔོན་མ་ལས་བརྒལ་བ་ཇེ་ཉུང་དུ་གཏོང་དགོས། 

རླངས་འཁོར་བར་གྱི་བར་ཐག་ཇེ་ཆེར་གཏོང་དགོས།

ཆར་འབབ་སྐབས་ཤུད་སླ་ཞིང་འཁོར་བསྒགས་པའི་ལམ་ཐག་ཇེ་རིང་དུ་འགྱུར་འགྲོ་བས། རླངས་འཁོར་བསྐོར་སྐབས་རླངས་འཁོར་གཞན་ནས་གཤིབ་ནས་མི་བསྐོར་བ་དང་། སྔོན་གཞུག་གི་བར་ཐག་འོས་འཚམ་གྱིས་ཇེ་རིང་དུ་གཏོང་སྟེ། ཐུག་རྒྱག་པ་སོགས་ཀྱི་དོན་རྐྱེན་མི་འབྱུང་བ་སྔོན་འགོག་བྱེད་དགོས།

གློག་འོད་ཡང་དག་པར་སྤྱོད་པ།

གནམ་འཐིབ་པའམ་ཆར་འབབ་སྐབས། མཐོང་ལམ་མི་གསལ་བས། ཉེ་གློག་དང་སྔོན་གློག་བཀར་དགོས། ཆར་ཆེ་ན་གཞིག་གློག་བཀར་ཏེ་རླངས་འཁོར་གཞན་ལ་རང་ཉིད་མཐོང་དུ་འཇུག་དགོས།

དགུན་ཁར་རླངས་འཁོར་བསྐོར་སྐབས་དོན་འདི་གསུམ་ལ་འཛེམ་དགོས།

1.མྱུར་མོར་བསྐོར་བའམ་འཁོར་བསྒགས་མྱུར་དུ་བསྒག་པ། དགུན་ཁར་ལམ་ངོས་ཀྱི་གཙུབ་བརྡར་རྟགས་གྲངས་ཅུང་དམའ་བས། མགོ་རྩོམ་པའི་དུས་སུ་སྣུམ་སྒོ་ཆེ་ནའཁོར་ལོ་སྟོང་འཁོར་དང་ཤུད་པ་སོགས་ཀྱི་གནས་ཚུལ་འབྱུང་སླ་བས།  མགོ་རྩོམ་སྐབས་སྣུམ་སྒོ་དལ་བུར་ཕྱེ་དགོས། ཁ་ཆར་གྱི་གནམ་གཤིས་འོག་ཆེས་འཛེམ་དགོས་པ་ཞིག་ནི། ཤུགས་ཆེན་པོས་འཁོར་བསྒགས་རྒྱུ་དེ་རེད། ཅི་ཡིན་ཞེ་ན། རླངས་འཁོར་གྱི་དོ་སྙོམས་གཏོར་པའི་གནས་ཚུལ་ཐོན་ཉེན་ཡོད།

2.ཉམས་མྱོང་ལ་བརྟེན་ནས་ཁ་ལོ་བསྒྱུར་བ། བསྒྱུར་བ་མི་འདང་བ་དང་བསྒྱུར་བ་ཤུགས་དྲགས་པ་དེ་གནམ་གཤིས་མི་བཟང་པའི་གནས་ཚུལ་འོག་དེ་བས་ཐོན་སླ་ཞིང་། དགུན་དུས་ས་ངོས་སུ་ཁ་བ་བབས་མེད་ཀྱང་མཁའ་རླུང་ཁྲོད་ཀྱི་ཆུ་ཡང་ས་སྟེང་དུ་འདུས་ནས་འཁོར་ལོ་དྲོད་ཚད་དམའ་བའི་འོག་ཏུ་མཁྲེགས་པོར་འགྱུར་འགྲོ་པས། འཁོར་ལོའི་ས་ཟིན་ནུས་པ་ཡང་དེ་བཞིན་མར་ཆག་འགྲོ། དེར་བརྟེན་དཀྱོག་མཚམས་སུ་སླེབས་སྐབས་ངེས་པར་དུ་དལ་མོར་བསྐྱོད་པ་དང་། འཁྱོག་ཆེ་པའི་ངང་བརྒལ་དགོས།

3.རླངས་འཁོར་གྱི་དྲ་མའི་ངོས་སུ་སྨུག་པ་ཆགས་པ་དོ་སྣང་མ་བྱས་པ། དགུན་ཁར་ཁང་པའི་ཕྱི་ནང་གི་དྲོད་ཚད་ཧེ་བག་ཆེ་བ་དང་། རླངས་འཁོར་གྱི་དྲ་མར་སྨུག་པས་ཁེངས་ནས་ཁ་ལོ་བའི་མཐོང་ལམ་ལ་འགོག་རྐྱེན་ཆེན་པོ་བཟོ། བསམ་འཆར་ཡིན་ན་ཆུ་སྒམ་གྱི་དྲོད་ཚད་ཡར་འཕར་ན་དྲོད་རླུང་མ་ལག་གི་ཁ་ཕྱེ་དགོས། འདི་ལྟར་བསྐོར་བའི་སྐབས་སུ་སྨུག་པ་ཆགས་མི་སྲིད། རྒྱུ་མཚན་ནི་རླངས་འཁོར་ནང་སྐམ་པོ་ཡིན་པས་ཡིན། དེ་ལས་གཞན་དྲ་ཐོག་ནས་རླངས་འཁོར་གྱི་དྲ་མའི་སྨུག་སེལ་རྫས་ཡང་ཉོས་ཆོག

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།