ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མགོ་བརྩམས་པ་ན་བྱིས་པའི་འཚོ་བཅུད་ཟ་མ་ཇི་ལྟར་སྡེབ་སྒྲིག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་གྲྭ་འཚོགས་པ་ན་བྱིས་པ་ཚོའི་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱ་འགུལ་ཇེ་མང་དང་། སློབ་སྦྱོང་གི་འགན་ཁུར་ཡང་མངོན་གསལ་གྱིས་ཇེ་ལྗིད་ཡིན་པས། བཟའ་བཏུང་གི་དགོས་མཁོ་སྔོན་ལས་ཆེ་བ་ཡིན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ནི་འཚར་ལོངས་འབྱུང་བཞིན་པའི་གནད་འགག་གི་དུས་སུ་ཡོད་ལ། ཟས་རིགས་དང་འཚོ་བཅུད་རྒྱུའི་དགོས་མཁོ་མི་དར་མ་ལས་ཆེ་བས། སློབ་གྲྭ་དང་ཁྱིམ་ཚང་གང་དུ་ཡོད་ཀྱང་སློབ་མས“འཚོ་བཅུད་ཟ་མ”བཟའ་དགོས། དགེ་རྒན་དང་ཁྱིམ་བདག་དག་ལ་བསམ་འཆར་ཆུང་ངུ་འགའ་བཏོན་པ་ཡིན།

1.འཚོ་བཅུད་ལྡན་པའི་སློབ་མའི་ཟ་མར་འབྲུ་དང་ཞོག་ཁོག་གི་རིགས། སྔོ་ཚལ་དང་སིལ་ཏོག་གི་རིགས། ཤ་དང་སྒོ་ང་འོ་མའི་རིགས། སྲན་ཆེན་དང་ཤིང་ཏོག་གི་ཚི་གུའི་རིགས་བཅས་ཟས་རིགས་བཞི་འཛོམས་འོས།

2.ཟས་ཐུན་རེར་སྔོ་ཚལ་རིགས2ནས3བཟའ་དགོས་ལ། མདོག་ཆེ་བ་དང་མདོག་ཆུང་བའི་སྔོ་ཚལ་སྡེབ་སྒྲིག་བྱས་ན་འཚོ་བཅུད་འཛོམས་པར་མ་ཟད། བལྟས་མ་ཐག་ཁ་དོག་ཀྱང་མཛེས་པས་ཟ་འདོད་ཀྱི་དང་ག་ཡོད།

3.ཟས་ཐུན་རེར་ཚད་ངེས་ཅན་གྱི་ཤ་རིགས་བཟའ་དགོས་ལ། ཐོག་མར་ཚིལ་འདུས་ཚད་ཧ་ཅང་ཉུང་བའི་ཉ་ཤ་དང་བྱ་ཤ་འདེམས་པ་དང་། སྐམས་ཤ་དང་ལུག་ཤ ཕག་ཤ་ཡང་འོས་འཚམ་ཟོས་ཆོག

4.སྲན་བཟོས་ཟ་མ་ཉིན་རྒྱུན་གྱི་དཀལ་ཡོལ་ནང་དགོས་ལ། སྲན་ཁུ་དང་སྲན་ཞོ། སྲན་ཤུན་སོགས་ནི་གདམ་ག་ལེགས་ཤོས་ཡིན།

5.ཤིང་ཏོག་གི་ཚི་གུ་ལ་ཚིལ་སྐྱུར་དང་འཚོ་བཅུད་རྫས་རིགས་མང་པོ་འདུས་ལ། ཟས་ཐུན་གཉིས་ཀྱི་བར་ནས་ཉུང་ངུ་ཞོར་ཟས་བྱས་ནས་ཟོས་ཆོག་ཅིང་། ཟས་ཐུན་གྱི་ཁ་གསབ་བཟང་པོ་ཡིན།

6.སློབ་ལོ་རན་པའི་བྱིས་པས་ཉིན་རེར་འོ་མ་དང་ཞོ། ཡང་ན། འོ་བཟོས་ཐོན་རྫས་ཧའོ་ཧྲེང300ཡན་འཐུང་དགོས།

7.ཉིན་རེར་བྱ་སྒོང་གཅིག་རེ་ཟོས་ན་ཉིན་གཅིག་གི་འཚོ་བཅུད་དེ་བས་ཆ་ཚང་ཡིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།