འགྲངས་མ་ལྟོགས་ཀྱི་འཚོ་བ་འབེལ་བོ།

ཉིན་འདི་འགར་གྲོགས་མོ་ཞིག་གིས་ཚོ་བྱང་བའི་ཐད་ནུས་ཤུགས་འདོན་བཞིན་པའི་སྒང་རེད།ལུས་སྟེང་གི་ཤ་ལྷག་ཅི་ཙམ་བྱང་ཡོད་པ་མི་ཤེས་མོད།འོན་ཀྱང་ཚོ་བྱང་བར་འབད་པའི་གོ་རིམ་དེའི་ཁྲོད་ནས། མོས་མི་ཚེ་ལ་རང་གི་གོ་བ་ཞིག་རྙེད་འདུག

མོས་བཤད་ན་མོའི་ད་ལྟའི་ཟ་མ་ཟ་ཚད་དུས་རྒྱུན་གྱི་ཕྱེད་ཀ་ཙམ་ཡིན།ཟ་མ་ཉུང་ཙམ་ཟོས་ན་ལུས་པོ་བདེ་མོ་ཡིན་ལ།ཕོ་བའི་ནང་དུ་བར་སྟོང་ཡོད་ན་སེམས་ཁམས་སུ་ད་གཟོད་བར་སྟོང་ཡོད་པ་རེད་ཟེར། མོའི་སེམས་སུ་འགྲངས་མ་ལྟོགས་ཀྱི་མཚམས་དེ་ནི་གྲོགས་པོ་ལ་དཀྱེལ་ཡངས་བྱེད་པ་དང་མཚུངས་ལ།དུས་མཚུངས་སུ་རང་ཉིད་ལ་བཏོན་པའི་བྱ་བ་སྒྲུབ་པའི་ཐད་ཀྱི་རྣམ་འགྱུར་ཞིག་ཀྱང་ཡིན།བྱ་བ་གང་ཞིག་ཡིན་རུང་ཧུར་ཐག་འབད་ཐག་གིས་སྒྲུབ་པ་ལས་ཕུན་སུམ་ཚོགས་པོ་ཡོང་བར་རེ་བ་བཅངས་མི་རུང་།རང་ཉིད་ཀྱི་ནུས་པ་མ་ལུས་པ་བཏོན་རྗེས་ལས་དབང་ལ་བསྟུན་ཏེ་རང་ཉིད་ལ་དཀྱེལ་ཡངས་ཀྱང་བྱེད་ཤེས་དགོས། མི་དང་བྱ་བ་གང་ཞིག་ཡིན་རུང་འགྲངས་མ་ལྟོགས་ཀྱི་མཚམས་སུ་སླེབས་པས་ཆོག འདི་ལྟ་བུའི་མི་ཚེ་ནི་ཁོག་རྒྱ་ཡངས་ཤིང་བག་ཕེབས་ལ་བྱམས་བརྩེ་ཡིས་ཕྱུག་པ་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱི་བྱ་བ་ཡོངས་རྫོགས་ཕུན་སུམ་ཚོགས་པོ་ཞིག་ཡོང་བར་བརྩོན་པའི་ཚེ་ན།མདུན་སྐྱོད་ཀྱི་གོམ་པ་ལ་དེ་ལས་ལྡོག་སྟེ་བཀག་རྐྱེན་ཐེབས་ངེས།

རྒྱའི་རྩོམ་པ་པོ་ཨོའུ་དབྱང་དབྱིན་ཝུན་གྱིས་བརྩམས་དེབ་ཅིག་གི་ནང་དུ།“འགྲངས་མ་ལྟོགས་ནི་མི་ཚེའི་ཆེས་མཛེས་པའི་སྐྱོན་ཆ་ཞིག་ཡིན།དེའི་ནང་དུ་རེ་བ་ཕྱེད་ཙམ་དང་ངང་རྒྱུད་ཕྱེད་ཙམ་འདུས་པས། སྐྱིད་པའི་འཚོ་བ་ཧྲིལ་པོ་ཞིག་ལོངས་འདུག ད་ཡོད་ཀྱི་འཚོ་བར་ཡིད་ཚིམ་པ་དང་།མ་ལོངས་པའི་འཚོ་བར་རེ་བ་བཅངས་ཏེ། མི་ཚེའི་དུས་རིམ་རྗེས་མའི་ནང་འཚོ་བའི་ཁྲོད་ཀྱི་ཆེས་སྤྲོ་བའི་བྱ་བ་དང་འཕྲད་སྲིད་པའི་ཡིད་ཆེས་བཅངས་དགོས”ཞེས་བྲིས་ཡོད།

འགྲངས་མ་ལྟོགས་ཀྱི་མི་ཚེ་དེ་ནི་ཕྱི་ངོས་ནས་བལྟས་ན་གྱོང་གུན་ཐེབས་པ་དང་འདྲ་མོད་དོན་དངོས་སུ་འབེལ་བོ་ཞིག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།