ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཤེལ་གྱི་མདོག་ཇི་ལྟར་ནག་ན་དེ་ལྟར་བཟང་ངམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྲུང་སྐྱོབ་འོས་འཚམ་བྱས་མེད་པའི་གནས་ཚུལ་འོག མིག་ཟུང་དུས་ཡུན་རིང་པོར་ཉི་འོད་དྲག་པོའི་འོག་ཏུ་ཉི་མར་ལྡེ་ན།མིག་ནད་ལིང་ཏོག་སོགས་ཀྱི་ནད་རིགས་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད། ཉི་ཤེལ་གྱི་བྱེད་ནུས་ཆེས་གཙོ་བོ་ནི་སྨུག་ཕྱིའི་འོད་ཐིག་གིས་མིག་ལ་ཟུག་གཟེར་དང་གནོད་འཚེ་གཏོང་བ་བཀག་སྟེ། མིག་ལ་བདེ་སྣང་གིས་ཁྱབ་པའི་ཁོར་ཡུག་ཅིག་སྦྱིན་ཆེད་རེད།

ཉི་ཤེལ་གྱི་ཤེལ་ལེབ་ལ་ཁ་དོག་མི་འདྲ་བ་སྣ་ཚོགས་ཡོད་དེ།དཔེར་ན་ཐལ་མདོག་དང་ཇ་མདོག སྔོ་མདོག གློ་སྐྱ། ལྗང་མདོག མདོག་རིམ་གྱིས་འགྱུར་བ་སོགས་མང་པོ་ཡོད། ཤེལ་ལེབ་ཀྱི་ཁ་དོག་དང་ཉི་ཤེལ་གྱི་སྲུང་སྐྱོབ་ནུས་པའི་བར་ལ་འབྲེལ་བ་ཆེན་པོ་མེད་པས། ཁ་དོག་ཇི་ལྟར་ནག་ན་སྨུག་ཕྱིའི་འོད་ཐིག་འགོག་པའི་ནུས་པ་དེ་ལྟར་ཆེ་བའི་ངེས་པ་མེད་དོ། །

ཉི་ཤེལ་གྱིས་སྨུག་ཕྱིའི་འོད་ཐིག་འགོག་ཐུབ་མིན་ནི་གཙོ་བོ་ཤེལ་ལེབ་ཀྱི་རྒྱུ་ཆ་དང་བྱེད་ནུས་ཇུས་འགོད། ལག་རྩལ་སོགས་ལ་ཐུག་ཡོད། ཉི་ཤེལ་འདེམ་པའི་སྐབས་སུ། ཚད་ལྡན་གྱི་མིག་བརྟག་ལྟེ་གནས་དང་ཚད་ལྡན་གྱི་མིག་ཤེལ་འཚོང་ས་རུ་སོང་ནས་ཉོ་དགོས་པར་མ་ཟད། ཉི་ཤེལ་གྱི་ཤེལ་ལེབ་དང་ཟོང་རྟགས། ཕྱི་ཐུམ་སོགས་ཀྱི་སྟེང་དུ“100%ཡིསUVའགོག་ཐུབ”པ་དང“UV400”དང“UV350”སོགས་ཀྱི་མཚོན་རྟགས་ཡོད་མེད་ལ་གསལ་པོར་བལྟ་དགོས།

དེ་ལས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི། འཛད་སྤྱོད་པས་ཉི་ཤེལ་འདེམ་པའི་སྐབས་སུ།བདེ་འཇགས་དང་མིག་དབང་ལ་མི་གནོད་པ་རྩ་དོན་དུ་འཛིན་དགོས་ལ། ཉི་འོད་ཀྱིས་སྐྱེད་པའི་ཟུག་གཟེར་ཇེ་ཆུང་དུ་གཏོང་བ་དང་མཐོང་ལམ་གསལ་པོ་ཡིན་པ། སྨུག་ཕྱིའི་འོད་ཐིག་འགོག་པ། ཁ་དོག་མི་འགྱུར་བ། འགྲུམ་འགྲིལ་བརྡ་རྟགས་གསལ་པོར་དབྱེ་ཐུབ་པ་སོགས་ནི་ཉི་ཤེལ་གྱི་གཞི་རྩའི་བླང་བྱ་ཡིན་པས། གོན་ན་བདེ་མིན་དང་ཕྱི་ཚུལ་མཛེས་མིན་ཁོ་ནར་བལྟས་ན་ནི་ཚན་རིག་དང་མི་མཐུན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།