ཀྲུང་གོ་བོད་ཀྱི་དྲ་བ།

ཐོབ་ཐང་ལག་ཁྱེར་ལེན་སྐབས་དམངས་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་གསལ་འགྲེལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག ཞིང་ཆེན་ནང་ཁུལ་གྱི་སྡོད་དམངས་ཀྱིས་ཡུལ་གཞན་ནས་ཐོབ་ཐང་ལག་ཁྱེར་བླངས་ཆོག་པ།

གསལ་འགྲེལ། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོའི་མི་འབོར་གྱིས་ཁྱིམ་ཐོ་མངགས་གཏོང་ཁང་དང་ཡང་ན་བྱང་བུ་འགྲོ་ལུགས་སྒྲུབ་སའི་ཚོམས་ཆེན་གང་རུང་ཞིག་བདམས་ཏེ། མི་དང་མཛུབ་རིས་ཀྱི་ཆ་འཕྲིན་བསྡུ་ལེན་བྱས་རྗེས་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་ཞུ་བྱས་ཆོག

དོ་སྣང་བྱ་ཡུལ། སྡོད་དམངས་ཐོབ་ཐང་ལག་ཁྱེར་ཐོག་མར་ལེན་པར་རང་ཉིད་ཀྱི་སྡོད་དམངས་ཁྱིམ་ཐོ་འཁྱེར་དགོས། ཐོབ་ཐང་ལག་ཁྱེར་བོར་རྗེས་གསབ་ལེན་དང་ཡང་ན་བརྗེ་ལེན་སྐབས་སྡོད་དམངས་ཁྱིམ་ཐོ་དང་མི་སྒེར་གྱི་འབྲེལ་ཡོད་ལག་ཁྱེར་ཞིབ་བཤེར་བྱ་རྒྱུར་སྤྲོད་མི་དགོས་པར། ཁྱིམ་ཐོའི་སྒེའུ་ཁུང་ལས་མིའི་གདོང་རིས་ཞིབ་བསྡུར་བྱས་རྗེས་སྒྲུབ་ཆོག

གཉིས། ཞིང་ཆེན་གཞན་པའི་སྡོད་དམངས་ཀྱིས་རང་ཞིང་ནས་ཐོབ་ཐང་ལག་ཁྱེར་ལེན་པའི་འགྲོ་ལུགས་སྒྲུབ་ཆོག

གསལ་འགྲེལ། མཚོ་སྔོན་ཞིང་ཆེན་དུ་ལས་ཞུགས་དང་སློབ་ཞུགས། བཅའ་སྡོད།གཉེན་སློང་།ཡུལ་སྐོར་བཅས་བྱེད་པའི་ཞིང་ཆེན་ཕྱིའི་ཁྱིམ་ཐོའི་མི་སྣ་སུ་ཞིག་ཡིན་རུང་། ཐག་ཉེ་སའི་ཁྱིམ་ཐོ་མངགས་གཏོང་ཁང་དང་ཐོབ་ཐང་ལག་ཁྱེར་འགྲོ་ལུགས་སྒྲུབ་སའི་ཚོམས་ཆེན་བདམས་ནས་སྡོད་དམངས་ཐོབ་ཐང་ལག་འཁྱེར་བརྗེ་ལེན་དང་གསབ་ལེན་བྱ་རྒྱུ་རེ་ཞུ་བྱེད་ཆོག ལས་ཞུགས་དང་། སློབ་ཞུགས། གནས་སྡོད་ལག་ཁྱེར།ཁྱིམ་ཐོ་སོགས་ར་སྤྲོད་ཀྱི་དཔྱད་གཞི་གཞན་དག་སྤྲོད་མི་དགོས་པ་དང་།ཁྱིམ་ཐོའི་སྒེའུ་ཁུང་ནས་མིའི་གདོང་རིས་ཞིབ་བསྡུར་བྱས་རྗེས་བླངས་ཆོག་པ་རེད།

དོ་སྣང་བྱ་ཡུལ། མིག་སྔར་ཁྱིམ་ཐོ་ཞིང་ཆེན་ཕྱི་ནས་ཡིན་པའི་སྡོད་དམངས་ཀྱིས་ཐོག་མར་སྡོད་དམངས་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་པ་དེ་བདག་སྤྲོད་བྱེད་ཁོངས་སུ་ཚུད་མེད།

གསུམ། གནས་སྐབས་ཀྱི་སྡོད་དམངས་ཐོབ་ཐང་ལག་འཁྱེར་གྱི་འགྲོ་ལུགས་ཞིང་ཆེན་ཡོངས་སུ་སྒྲུབ་ཆོག

གསལ་འགྲེལ།མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོའི་མི་འབོར་གྱིས་གཞིས་དམངས་ཐོབ་ཐང་ལག་ཁྱེར་བརྗེ་བ་དང་གསབ་ལེན་བྱེད་རིང་།ཐོབ་ཐང་ལག་ཁྱེར་འཕྲལ་དུ་སྤྱོད་དགོས་རིགས་ཡིན་ཕྱིན། ཐག་ཉེ་སའི་ཁྱིམ་ཐོ་མངགས་གཏོང་ཁང་དང་ལག་ཁྱེར་ཐོབ་ཐང་འགྲོ་ལུགས་སྒྲུབ་སའི་ཚོམས་ཆེན་དུ་འགྲོ་ལུགས་སྒྲུབ་ཆོག གནས་སྐབས་ཀྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཟླ3ཡིན།

བཞི། ལག་ཁྱེར་ཁ་པར་གྱི་བཤེར་ཨང་ལས་སྡོད་དམངས་ཐོབ་ཐང་ལག་ཁྱེར་མགྱོགས་པོར་བསྐུར་ནས་ཁྱིམ་དུ་འབྱོར་བའི་བྱེད་ཐབས་སྤྱད་ཆོག

གསལ་འགྲེལ། ཁྱིམ་ཐོའི་སྒེའུ་ཁུང་དུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བསྒྲུབས་རྗེས། ལག་ཁྱེར་ཁ་པར་གྱིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་པའི་དཔང་འཛིན་ཐོག་གི་རྩ་གཉིས་ཨང་རྟགས་བཤེར་རྗེས་སྡོད་དམངས་ཐོབ་ཐང་ལག་ཁྱེར་ནང་ཐད་ཀར་བསྐུར་ཐུབ་པའི་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་རེད། བསྐུར་ཡུན་ནི་གྲོང་ཁྱེར་ནང་ཁུལ་དུ་ཉིན3དང་ས་ཁུལ་གཞན་དུ་ཉིན7ཡིན། མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་འགྲོ་གྲོན་ཐད་གྲོང་ཁྱེར་གཅིག་གི་ཁོངས་ནས་ཡིན་ན་སྒོར10དང་།ཞིང་ཆེན་ནང་ཁུལ་གྱི་ལག་ཁྱེར་རེར་སྒོར16།ཞིང་ཆེན་ཕྱི་ལ་སྒོར21བཅས་རེད།

ལྔ། སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་སྐབས་འདྲ་པར་མང་པོ་བརྒྱབ་ནས་ལེགས་འདེམས་བྱེད་པའི་ཞབས་ཞུ་བཏོན་ཡོད།

གསལ་འགྲེལ།ཁྱིམ་ཐོ་མངགས་གཏོང་ཁང་གིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་སྐབས།པར4ཡན་བརྒྱབ་ནས་ཐོབ་ཐང་ལག་ཁྱེར་གྱི་འགྲོ་ལུགས་སྒྲུབ་པར་མང་ཚོགས་ཀྱི་རང་མོས་ལྟར་ལེགས་འདེམས་བྱེད་ཆོག

དྲུག སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་དེ་སྤྱི་ཚོགས་ཅན་གྱི་འཚོལ་བསྡུ་རུ་འགྱུར་བར་བྱ་རྒྱུ།

གསལ་འགྲེལ། ཐོབ་ཐང་ལག་ཁྱེར་སྒྲུབ་མཁན་མང་ཚོགས་ཀྱིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་འདྲ་པར་གྱི་རེ་བ་དེ་བས་མཐོ་བ་དང་། མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་འདྲ་པར་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཐོབ་ཐང་ལག་ཁྱེར་ལྟེ་གནས་ཀྱིས་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་མཁན་གྱི་མིའི་འདྲ་པར་སྤྱི་ཚོགས་ཅན་གྱི་འཚོལ་བསྡུ་ལས་དོན་སྤེལ་བའི་ཁྱབ་གདལ་བཏང་བ་རེད། མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་ལེན་སྐབས་མངགས་གཏོང་ཁང་གི་རིན་སྤྲོད་མི་དགོས་པའི་འདྲ་པར་བླངས་ཆོག་ལ།པར་ལེན་ཁང་གི་འདྲ་པར་འཚོལ་སྡུད་བྱས་ཀྱང་ཆོག

བདུན། མཐོ་རྒྱུགས་ཀྱི་སློབ་མར་ཐོབ་ཐང་ལག་ཁྱེར་འགྲོ་ལུགས་སྒྲུབ་པའི“ཐོགས་མེད་བགྲོད་ལམ”བཏོད་དེ་སློབ་ཕྲུག་མང་པོར་གཞོགས་འདེགས་བྱ་རྒྱུ།

གསལ་འགྲེལ། ལོ་རེའི་ཟླ5པ་ནས་ཟླ6པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བྱང་བཟོ་ལྟེ་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་ཡོངས་ལ་སྡོད་དམངས་ཐོབ་ཐང་ལག་ཁྱེར་མགྱོགས་མྱུར་གྱིས་སྒྲུབ་དགོས།ཞིང་ཆེན་ཡོངས་ཀྱི་ཁྱིམ་ཐོ་མངགས་གཏོང་ཁང་གིས་དུས་ཚོད་ཁ་སྣོན་དང་ཁ་ཆད་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱུགས་སྤྲོད་སློབ་མར་སྔོན་ལ་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་འགྲོ་ལུགས་སྒྲུབ་དགོས་པ་དང་།བྱང་བཟོ་ལྟེ་གནས་ཀྱིས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ཉིན་དེར་བདག་སྤྲོད་བྱེད་པ་དང་།ཉིན་དེར་ཞིབ་བཤེར་བྱེད་པ།ཉིན་དེར་ཆོག་མཆན་བཀོད་ནས་སྤྲོད་པ།ཉིན་དེར་ལག་ཁྱེར་བཟོ་བ།ཉིན་དེར་སྐུར་སྐྱེལ་བཅས་བྱེད་དགོས།

ཡིག་རྒྱུགས་གཏོང་རིང་སྡོད་དམངས་ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་སྟེ་དུས་ཐོག་ཏུ་རྒྱུགས་སྤྲོད་ཐབས་བྲལ་ཚེ། རྒྱུགས་སྤྲོད་སློབ་མར་གནས་སྐབས་ཀྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་ལེན་པའམ་ཡང་ན་ཐོབ་ཐང་ལག་ཁྱེར་གྱི་བདེན་དཔང་འབྲི་དགོས།

འཕྲལ་གལ་ཤིན་ཏུ་ཆེ་བའི་ཐོབ་ཐང་ལག་ཁྱེར་ཡིན་ཚེ།མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལག་ཁྱེར་བཟོ་བའི་ལྟེ་གནས་དང་སྦྲེལ་མཐུད་བྱས་རྗེས་རང་ཉིད་དང་ཡང་ན་མི་གཞན་ལ་སྡོད་དམངས་ཐོབ་ཐང་ལག་ཁྱེར་ཁྱེར་རྒྱུར་མངགས་བཅོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བྱང་བཟོ་ལྟེ་གནས་སུ་ཐད་ཀར་ཐོབ་ཐང་ལག་ཁྱེར་ལེན་དུ་སོང་ཆོག

བརྒྱད། རང་ཞིང་གིས་རིམས་ནད་ཀྱི་དབང་གིས་རྒྱལ་ནང་དུ་ལོག་ཐབས་བྲལ་བའི་མི་སྣར་ཐོབ་ཐང་ལག་ཁྱེར་ལེན་པའི་བགྲོད་ལམ་བཏོད་པ།

གསལ་འགྲེལ། རིམས་ནད་བྱུང་བའི་སྐབས་སུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ལོངས་ཏེ་ཕྱིར་མེས་རྒྱལ་དུ་ལོག་ཐབས་བྲལ་བའི་མི་སྣར། རྒྱལ་ནང་གི་གཉེན་ཉེ་མངགས་ནས་དེའི་རྒྱུན་སྡོད་ཁྱིམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ལ་སྡོད་དམངས་ཐོབ་ཐང་ལག་ཁྱེར་བརྗེ་བའི་འགྲོ་ལུགས་གཉེར་བར་མངགས་བཅོལ་བྱེད་ཆོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།