ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བཅུད་ཁ་སྣོན་གྱི་གྲོ་ཕྱེ་ཟེར་བ་ནི་ཅི་ཞིག་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོ་ཕྱེ་ཡི་ཁྲོད་དུ་མིའི་ལུས་ལ་མཁོ་བའི་འཚོ་བཅུད་གྲུབ་ཆ་མང་པོ་ཞིག་འདུས་མོད། འོན་ཀྱང་གྲོ་དང་གྲོ་ཕྱེ་ཡི་འཚོ་བཅུད་འདུས་ཚད་གཅིག་མཚུངས་མིན་པའི་དབང་གིས། ལས་སྣོན་གྱི་བརྒྱུད་རིམ་དུ་འཚོ་བཅུད་མེད་བརླག་ཏུ་འགྲོ་ཞིང་། དེའི་ཁར་མིའི་ལུས་པོར་མཁོ་བའི་འཚོ་བཅུད་ནི་ཕྱོགས་མང་པོར་ཡོད་པས། གྲོ་ཕྱེའི་ནང་དུ་འདུས་ཚད་མི་འདང་བའམ་འདུས་མེད་པའི་འཚོ་བཅུད་གྲུབ་ཆ་སྣོན་པ་དང་། དེ་ལ་བརྟེན་ནས་གྲོ་ཕྱེའི་འཚོ་བཅུད་རིན་ཐང་མཐོར་འདེགས་བྱེད་བཞིན་ཡོད། བརྒྱུད་རིམ་འདི་ལ་ཕྱེའི་འཚོ་བཅུད་ལ་ཤུགས་སྣོན་པ་ཟེར་ལ། གཞན་པའི་འཚོ་བཅུད་གྲུབ་ཆ་ཁ་སྣོན་བྱས་པའི་གྲོ་ཕྱེ་ལ་འཚོ་བཅུད་ཁ་སྣོན་གྱི་གྲོ་ཕྱེ་ཟེར།

གྲོ་ཕྱེ་ནི་རང་རྒྱལ་སྡོད་དམངས་ཀྱི་འབྲུ་རིགས་ཀྱི་ཟས་རིགས་གཙོ་བོ་ཞིག་ཡིན། དེས་གཙོ་བོར་ང་ཚོར་ཐཱན་ཆུ་འདྲེས་སྦྱོར་རྫས་དང་སྤྲི་དཀར་རྫས་འདོན་སྤྲོད་བྱེད་པ་ཡིན། འོན་ཀྱང་གྲོ་ཕྱེ་ལ་མ་གཞི་ནས་འཚོ་རྒྱུ་དང་གཏེར་རྒྱུ་ཁ་ཤས་ཆད་པས། རང་རྒྱལ་དུ་གྲོ་ཕྱེའི་ཁྲོད་འཚོ་བཅུད་རྫས་ཁ་ཤས་བསྣན་ནས་ཆད་པ་འདི་ཁ་གསབ་བྱས་ཏེ་ཐོན་རྫས་ཀྱི་འཚོ་བཅུད་རིན་ཐང་མཐོར་འདེགས་བྱས་ཆོག་པ་རེད།

རང་རྒྱལ་གྱི་འཚོ་བཅུད་མཚན་བྱང་ཚད་གཞིའི་བླང་བྱ་ལྟར་ན། འཚོ་བཅུད་ཁ་སྣོན་བྱས་པའི་གྲོ་ཕྱེའི་འཚོ་བཅུད་གྲུབ་ཆའི་རེའུ་མིག་ཏུ། ནུས་ཚད་དང་སྤྲི་དཀར་རྫས། ཚིལ་རྒྱུ། ཐཱན་ཆུ་འདྲེས་སྦྱོར་རྫས། ནཱ་བཅས་གསལ་འགོད་བྱེད་དགོས་པར་མ་ཟད། ཁ་སྣོན་བྱས་རྗེས་ཀྱི་ཐོན་རྫས་ཁྲོད་འཚོ་བཅུད་དངོས་རྒྱུ་འདུས་ཚད་ཀྱང་གསལ་འགོད་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།