ཀྲུང་གོ་བོད་ཀྱི་དྲ་བ།

རིམས་འགོག་སྐོར་གྱི་ཤེས་བྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རིམས་ནད་ཀྱི་སྐབས་སུ། གྲོགས་པོ་རྣམས་ཀྱིས་ཁ་ཐུམ་མང་པོ་ཞིག་གསོག་འཇོག་བྱས་ཡོད་ངེས། ཡིན་ནའང་ཁྱོད་ཀྱིས་ཁ་ཐུམ་ལ་ཡང་སྤུས་ཚད་ཁག་ཐེག་དུས་ཡུན་ཡོད་པ་ཨེ་ཤེས། ཁྱེད་ཚོས་ཕྱི་ཐུམ་སྟེང་ལྟོས་དང་། སྤུས་ཚད་འགན་ལེན་དུས་ཡུན་གསལ་བོར་བྲིས་ཡོད་ངེས།

ཚོང་རའི་སྟེང་གི་ཁ་ཐུམ་གྱི་སྤུས་ཚད་འགན་ལེན་དུས་ཡུན་ནི་སྤྱིར་བཏང་དུ་ལོ་གཉིས་ནས་ལོ་གསུམ་ཡིན། ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། ང་ཚོས་རྒྱུན་དུ་བཀོལ་བའི་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཐུམ་ནི་སུམ་བརྩེགས་ཀྱིས་གྲུབ་ཡོད་པ་དང་། ཁུ་ཐུམ་གྱི་དུས་ཡུན་བརྒལ་རྗེས། འགོག་སྲུང་ནུས་པ་ཇེ་ཞན་དུ་སོང་ཡོད་པས། བེད་སྤྱོད་བྱེད་པར་མི་འཚམ།

ཕྱི་ཤུན་ནི་ཆུ་འགོག་འཁེལ་མེད་རས་ཡིན་པས། ནད་པས་གཏོར་བའི་ཁ་ཆུ་གཏན་འགོག་བྱེད་ཐུབ།

བར་རིམ་ནི་འཚག་རྒྱབ་ཡོད་པའི་པིང་ཞི་བཞུས་གཏོར་གྱི་འཁེལ་མེད་རས་ཡིན།

ནང་རོལ་ནི་སྤྱིར་བཏང་གི་འཁེལ་མེད་རས་ཡིན་པས། ཁ་ཐུམ་རྒྱག་མཁན་གྱིས་ཕྱིར་བཏང་བའི་ཁ་རླངས་དང་ཆུ་ཟགས་བསྡུ་ལེན་བྱེད་ཐུབ།

གནས་བབ་གང་དག་གི་འོག་ཏུ་ཁ་ཐུམ་མྱུར་མོར་བརྗེ་དགོས་ཞེ་ན།

མི་ཚོགས་འདུ་སར་བསྟུད་མར་དུས་ཚོད4ཡན་ལ་རྒྱབ་པའི་ཁ་ཐུམ་བརྗེ་དགོས།

ཚ་རྒྱས་པའི་སྒོ་བསྟེན་ཁང་སོགས་ཉེན་ཁ་ཧ་ཅང་ཆེ་བ་དང་ཡང་ན་ཚ་རྒྱས་པའི་ནད་པར་ཐུག་རེག་བྱས་རྗེས་བརྗེ་དགོས།

ཁ་ཐུམ་ལ་བརླན་བཟུང་བའམ་ཡང་ན་རྙིང་རལ་དུ་གྱུར་ནས་བརྫད་ཡོད་དུས་བརྗེ་དགོས།

ཁ་ཐུམ་གྱིས་ངོ་གདོང་མི་ཁེབས་ན་བརྗེ་དགོས།

N95དང་ཡང་ནKN95ཡི་ཁ་ཐུམ་རྒྱག་དགོས་པའི་ས་གནས་འགའ་འོས་སྦྱོར་བྱས་པ་གཤམ་གསལ་ལྟར།

སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པ་དང་སྨན་བཅོས་བྱེད་པར་འགྲོ་རོགས་བྱེད་པ། སྨན་ལེན་དུ་འགྲོ་དུས N95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།

ལོ་ན་བགྲེས་པའི་རྒན་པ་དང་ཕྲུ་གུ ཡང་ན་རྒྱུན་འབྱུང་ནད་རིགས་བྱུང་ཡོད་པའི་ནད་པར་ཐུག་འཕྲད་བྱེད་དུས N95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།

ཉིང་སྐྱུར་བཤེར་འཇལ་བྱེད་སྐབས་དང་། ཕྱིར་ཚོང་དང་མྱུར་སྐྱེལ་ལེན་དུསN95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།

མི་ཚོགས་འདུ་ས་དང་རླུང་རྒྱུ་དཀའ་བའི་ཚོགས་རར་འགྲོ་འོང་བྱེད་དུསN95དང་ཡང་ནKN95ཁ་ཐུམ་རྒྱག་དགོས། དཔེར་ནKTVདང་ས་འོག་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་ར། ས་འོག་གི་ཤོ་ཁང་སོགས་ཡིན།

རྒྱུས་མེད་ཀྱི་མི་དང་ཐག་ཉེ་ས་ནས་འབྲེལ་འདྲིས་བྱེད་དགོས་བྱུང་བ་སྟེ། དཔེར་ན། ཞིག་གསོ་དང་ཡང་ན་སྒྲིག་བཟོ་མི་སྣ་ཁྱིམ་དུ་ཡོང་ནས་ཞབས་ཞུ་སྒྲུབ་པ་དང་། ཕྱིར་ཚོང་མི་སྣ་དང་འབྲེལ་འདྲིས་བྱེད་དུས N95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།

དེ་ལས་གཞན། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་སྨུག་ཕྱིའི་འོད་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད། ང་ཚོས་རྒྱུན་དུ་ཁ་ཐུམ་བརྒྱབ་ན་ཉི་འགོག་གི་ནུས་པ་ཡོད་དམ་ཞེ་ན།

ཆེད་མཁས་པས་འོད་ཤེལ་འཇལ་ཆས་ཀྱིས་ཁ་དོག་དཀར་པོ་དང་སྔོན་པོ། ནག་པོ་བཅས་རིགས་གསུམ་གྱི་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་ལ་སྨུག་ཕྱིའི་འོད་འགོག་ནུས་པ་ཡོད་མེད་ཚོད་ལྟ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན།

ཁ་ཐུམ་དཀར་པོ་ཡིས73%གྱི་སྨུག་ཕྱིའི་འོད་ཀྱི་ལྡོག་འཕྲོ་འགོག་ཐུབ།

ཁ་ཐུམ་སྔོན་པོ་ཡིས93%གྱི་སྨུག་ཕྱིའི་འོད་ཀྱི་ལྡོག་འཕྲོ་འགོག་ཐུབ།

ཁ་ཐུམ་ནག་པོ་ཡིས99%ཡི་སྨུག་ཕྱིའི་འོད་ཀྱི་ལྡོག་འཕྲོ་འགོག་ཐུབ།

དེ་ལས་ཁ་ཐུམ་གྱི་ཁ་དོག་ཇི་ལྟར་ཆེ་ན་ཉི་འགོག་གི་ནུས་པ་དེ་ལྟར་བཟང་བ་ཤེས་ཐུབ།

ཡིན་ཡང་ཁ་ཐུམ་གྱི་ཁེབས་ཚད་ལ་ཤིན་ཏུ་ཚད་བཀག་ཡོད་པས། གདོང་ཡོངས་ལ་ཉི་འགོག་བྱུགས་རྫས་འབྱུག་རྒྱུ་ཡིད་ལ་འཛིན་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།