བྱིས་པར་ཟས་རིགས་འདི་དག་ལོངས་སྤྱོད་བྱེད་དུ་འཇུག་མི་རུང་།

 3.15དགོང་ཚོགས་ལས་དམར་འདོན་བྱས་པའི་གད་སྙིགས་ཀྱི་ཟས་རིགས་རིགས3ཡོད་ཅིང་། དེ་དག་ཅི་འདྲ་ཞིམ་ནའང་ཟ་ཚད་འཛིན་དགོས་པ་དང་།ལྷག་པར་བྱིས་པ་ཚོར་ཟས་རིགས་འདི་དག་ལོངས་སྤྱོད་བྱེད་དུ་འཇུག་མི་རུང་། 

སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན།  སྒོ་རྩིས་ཚོང་ཁང་མང་པོ་རུ་བལྟས་ན་མིག་ལ་མཛེས་ཤིང་། ཟས་ན་ཁ་ལ་ཞིམ་པའི་ཞོར་ཟས་ཡར་ངོས་ཟླ་ལྟར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་མི་ཚད་མི་རྣམས་ཀྱི་རང་ཉིད་ཀྱི་བྲོ་བ་དང་བསྟུན་ནས་ཞོར་ཟས་འདེམས་པ་དང་། ནང་སྒོས་སུ་བྱིས་པ་དག་གི་ཁྱིམ་བདག་ཚོས་བྱིས་པ་ངུ་བའི་སྐབས་ཞོར་ཟས་ཉོས་ནས་མགོ་གཡོགས་པས། དུས་ཡུན་ཐུང་ངུ་ནང་བྱིས་པ་གཉོར་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་རེད། ཡིན་ན་ཡང་ཚང་མས་ཞོར་ཟས་ཉོ་སྐབས་ཞོར་ཟས་ཀྱི་ཕྱི་ཐུམ་དང་ཐོན་སྐྱེད་བཟོ་གྲྭ། རྒྱུ་ཆ་དང་ཚོང་རྟགས་སོགས་གནད་དོན་གང་དག་ལ་མཉམ་འཇོག་དང་། ཞོར་ཟས་ཀྱི་བདེ་འཇགས་ལ་རྒྱུས་ལོན་ཟབ་མོ་བྱེད་མཁན་ནི་ཉུང་ཉུང་ཡིན། 
      1.ཞོག་ཁོག་དམར་པོའི་ཕྱེ་ཐུག
       དྲ་རྒྱའི་གཞི་གྲངས་ཆེན་མོའི་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ད་སྐབས་དྲ་གྲོགས་ཚོས་ཆེས་དགའ་བསུ་བྱེད་པའི་ཟས་རིགས་ནི་སྐམ་ཕྱེའི་རིགས་ཡིན་པ་ཤེས་རྟོགས་བྱུང་བ་དང་། དཔེར་ན་ཞོག་ཁོག་དམར་པོའི་ཕྱེ་ཐུག་ལ་མཚོན་ན་བུ་མོ་ཚོས་ཁ་ཚ་ཐུག་པ་འཐུང་བ་དང་དེ་བཞིན་རྒྱ་ཁོག་ཟ་སྐབས་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན། ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་མ་རྩ་དམའ་བའི་འགྱིག་བཀོལ་ནས་ཁེ་སྤོགས་ཇེ་མཐོར་གཏོང་བའི་དུས་མཚུངས་སུ། ཞོག་ཁོག་ཕྱེ་ཐུག་ཕྱི་དབྱིབས་ལ་བལྟས་ན་འགྱིག་བཀོལ་ཚེ་སྔར་ལས་ལྷག་པར་མིག་ལ་མཛེས། ཞིབ་འཇུག་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད། བཟོ་ཁང་ཆུང་གྲས་མང་ཆེ་བས་བདེ་འཇགས་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པ་དང་། ཞོག་ཁོག་ཕྱེ་ཐུག་གི་སྤུས་ཚད་བདེ་འཇགས་ལ་འགན་ལེན་མི་ཐུབ་པ། ལས་སྣོན་བཟོ་བའི་བརྒྱུད་རིམ་ནང་དུག་སེལ་གྱི་ཡོ་བྱད་ཅི་ཡང་གྲ་སྒྲིག་མི་བྱེད་པ། འབུ་ཕྲ་དང་ནད་དུག་ཡོད་པ། ཧམ་སྤུ་སྐྱེས་པའི་འབྲུ་རིགས་འདེམས་པར་མཉམ་འཇོག་མི་བྱེད་པས། ཟས་རིགས་འདི་དག་ལོངས་སྤྱོད་གཏན་ནས་བྱེད་མི་རུང་། 
       2.ཝང་ཀྲུང་ཝང་ཕག་ཉྭ་བསྙལ་མ།
        བརྙན་འཕྲིན་འཕྲུལ་ཆས་འགྲམ་གྱི་གྲོགས་པོ་ཚོ། ཆུང་དུས་སུ་ཝང་ཀྲུང་ཝང་ཕག་ཉྭ་བསྙལ་མ་བཟས་མྱོང་ངམ། སྟབས་བདེ་ཐུག་པ་དང་ལྷན་དུ་ཟ་བ། ཡང་ན་བག་ལེབ་དང་ལྷན་དུ་ལོངས་སྤྱོད་བྱེད་པ་སོགས་བྲོ་བ་ཧ་ཅང་ཞིམ། ཆུང་དུས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་དང་།  ཕག་ཉྭ་བསྙལ་མ་ནི་མི་རྣམས་ཀྱི་དགའ་བསུ་ཐོབ་པའི་ཞོར་ཟས་ཡིན།  བརྟག་དཔྱད་ཞིབ་འཇུག་ལས་མངོན་པར་གཞིགས་ན། ཝང་ཀྲུང་ཝང་ཕག་ཉྭ་བསྙལ་མའི་ཐོན་སྐྱེད་འཁོར་ཁང་དུ་ལས་མིའི་གྱོན་ཆས་དྲི་ངན་བྲོ་བ་དང་། ཕག་ཤ་རྐང་འོག་ཏུ་འཇོག་པ། བདེ་འཇགས་འཕྲོད་བསྟེན་གྱི་ཚད་གཞི་མི་ལོན་པ་བཅས་ཀྱིས་ཝང་ཀྲུང་ཝང་ཕག་ཉྭ་བསྙལ་མ་སྤུས་དག་མིན་པར་ད་ལྟ་གཞི་ནས་རྒྱུས་ལོན་བྱུང་ཡོད་པས། ཁྱིམ་བདག་དང་གྲོགས་པོ་ཚོས་དོགས་ཟོན་ཆེན་པོ་བྱས་ནས་བྱིས་པར་ཟས་རིགས་འདི་ལོངས་སྤྱོད་བྱེད་དུ་འཇུག་མི་རུང་།
     3.ལའོ་ཐན་སྐྱུར་ཚལ་ཐུག་པ།
     ལའོ་ཐན་སྐྱུར་ཚལ་ཐུག་པ་ནི་ཉེ་ལམ་དམར་འདོན་བྱས་པའི་ཐོན་རྫས་ཤིག་ཡིན་པ་དང་། ཚང་མ་དེ་ལ་རྒྱུས་ལོན་གསལ་བོ་ཡོད་པ་རེད། དྲ་རྒྱའི་སྟེང་གི་བརྙན་ཐུང་ནང་ལའོ་ཐན་སྐྱུར་ཚལ་ཐོན་ལས་ཀྱི་ལས་དོན་མི་སྣའི་རྐང་རྗེན་ལ་སྐྱུར་ཚལ་གྱི་ཞིང་ནང་དུ་ལངས་ཡོད་པ་མ་ཟད། ཐ་ན་ཐ་མག་གི་རོ་ཏོ་སྐྱུར་ཚལ་དུ་འཕངས་པས་ཁོར་ཡུག་ནི་སྐྱུག་བྲོ་བ་ཞིག་རེད། བརྙན་ཐུང་མདུན་གྱི་མི་སུ་དང་སུ་ཡིན་རུང་ཁ་ལ་ཞིམ་ཞིང་སྟབས་བདེར་ལོངས་སྤྱོད་ཆོག་པའི་ཐུག་པ་འདིར་ཧ་ཅང་དགའ་མོད། ཡིན་ན་ཡང་ཟས་རིགས་འདི་དག་ཡུན་རིང་བོར་ཟས་ན་ལུས་སྟོབས་ཟད་ནས་ཁམས་མི་བདེ་བར་འགྱུར་ངེས།  
  བདེ་ཐང་གི་རྒྱུན་ཤེས་ནི་འདི་ལྟ་སྟེ།   ཇི་ལྟར་བདེ་འཇགས་དང་སྤུས་ཚད་དེ་ལས་ལེགས་པའི་ཟས་རིགས་གདམས་དགོས།
     སྤུས་ཚད་ཞན་པའི་ཟས་རིགས་དང་གད་སྙིགས་ཟས་རིགས་གང་ཡིན་རུང་མིའི་ལུས་པོར་ཤུགས་རྐྱེན་ངན་པ་བཟོ་སྲིད། སྤྱི་ཚོགས་ཡོངས་ནས་དམར་འདོན་བྱས་པ་དང་བསྟུན། སྔོན་ཆད་ལོངས་སྤྱོད་བྱས་ཟིན་པའི་ཟས་རིགས་ཁྲོད་ལུས་ལ་གནོད་པ་ཡོད་པའི་དངོས་པོ་མང་པོ་ལྡན་པ་དང་། ཟས་རིགས་ཐོན་སྐྱེད་བྱེད་པའི་ཁོར་ཡུག་ཧ་ཅང་ཞན་པ་དང་སྐྱུག་བྲོ་བ་ཞིག་ཡིན། དེས་ན་ཚོང་ར་ནང་གི་ཟས་རིགས་གང་དག་འདེམས་ན་ད་གཟོད་བདེ་ཐང་ཡིན་ནམ། 
    1.ཚོང་རྟགས་གྲགས་ཅན་གྱི་ཚོང་ཟོག་ཉོ་གང་ཐུབ་བྱེད་པའམ་ཡང་ན་ཁེ་ལས་ཆེ་གྲས་སོ་སོས་ཐོན་སྐྱེད་བྱས་པའི་ཟས་རིགས་ཉོ་སྒྲུབ་བྱས་ཐོག  ཡང་བསྐྱར་གཙང་སེལ་བྱེད་དགོས། གཞན་ཡང་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་ཚང་མས་སྤུས་ཀར་ཞིབ་དཔྱད་བྱེད་པ་བརྒྱུད། བདེ་འཇགས་ལ་འགན་སྲུང་བྱས་ཏེ་ཡིད་རྟོན་བྱས་ཆོག   ཚོང་རྟགས་གྲགས་ཅན་གྱི་ཚོང་ཟོག་ལ་ཟས་རིགས་སྣ་ཚོགས་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་འཐུས་སྒོ་ཚང་བའི་ལག་རྩལ་ལྡན་པ་དང་། སྡེ་ཁག་སོ་སོས་རང་སོ་སོའི་ཆེད་ལས་ལ་དོ་སྣང་བྱས་ཏེ།  ཟས་རིགས་བདེ་འཇགས་ཀྱི་གནད་དོན་ཡོད་ཚེ་དུས་ཐོག་ཏུ་དུག་སེལ་དང་འགན་སྲུང་བྱས་ཡོད་པས། སེམས་བདེ་མོས་ངང་ཟས་རིགས་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱས་ཡོད།  
    2.ཤ་ཚའི་དྲན་སྐུལ། སྒོ་རྩིས་ཚོང་ཁང་ཆུང་གྲས་དང་ཡང་ན་སྒོ་རྩིས་ཚོང་ཁང་ཆེ་གྲས་གང་རུང་དུ་སྔོ་ཚལ་དང་ཤིང་འབྲས་གང་ཞིག་ཉོ་དུས། དངོས་ཟོག་རྩིས་ལེན་བྱེད་མཁན་གྱི་ལག་ནས་ཉོ་སྒྲུབ་སྤ་སེ་ལེན་པ་དང་།ཟས་རིགས་ཀྱི་སྤུས་ཚད་ལ་གནད་དོན་ཡོད་ཚེ་ཚོང་པ་དང་གྲོས་བྱས་ཏེ་རང་ཉིད་ཀྱི་ཁེ་ཕན་དོན་གཉེར་བྱེད་ཆོག་ལ། འཛད་སྤྱོད་པའི་ཁེ་དབང་ལ་བཙན་གནོན་བྱེད་མི་ཆོག
    3 དུས་ཐོག་ཏུ་ཟས་རིགས་བདེ་འཇགས་ཀྱི་ཤེས་བྱར་སློབ་སྦྱོང་དང་རྒྱུས་ལོན་བྱས་ཏེ།  ཟས་རིགས་ཀྱི་ཚོང་རྟགས་དབྱེ་འབྱེད་ཁོང་དུ་ཆུད་དགོས་ལ། དངོས་ཟོག་ཉོ་སྐབས་ཟས་རིགས་ཀྱི་ཚོང་རྟགས་དང་ཐོན་སྐྱེད་དུས་ཚོད། ཁས་ལེན་ཡི་གེ   གྲུབ་ཆའི་རིས་མིག ཐོན་སྐྱེད་བཟོ་གྲྭ  སྤུས་ཚད་འགན་ལེན་དུས་ཡུན་སོགས་ལ་ཞིབ་དཔྱད་བྱས་པ་བརྒྱུད། སྦྱོར་རྟ་ཉུང་ཞིང་ཐོན་སྐྱེད་དུས་ཡུན་ཐུང་བའི་ཟས་རིགས་འདེམས་དགོས། 
    4.མུ་འབྲེལ་ཚོང་ཁང་ངམ་ཡང་ན་སྒོ་རྩིས་ཚོང་ར་ཆེ་གྲས་ཀྱིས་སིལ་ཏོག་དང་སྔོ་ཚལ་ཉོ་སྒྲུབ་དང་ཚོང་ཟོག་ནང་འདྲེན་བྱེད་པའི་ཐབས་ལམ་ཚད་ལྡན་ཡིན་ན། ཚད་ངེས་ཅན་ཞིག་གི་ཐོག་ནས་ཟས་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་ཐུབ་པ་དང་། བདེ་འཇགས་ཀྱི་སྟོན་གྲངས་མཐོ་རུ་གཏོང་ཐུབ་པས། སེམས་བདེ་བའི་ངང་ལོངས་སྤྱོད་བྱས་ཆོག  གལ་ཆེ་བ་ཞིག་ནི་གལ་ཏེ་ཚོང་ཟོག་དེ་དག་ལ་གནད་དོན་ཐོན་ཚེ། ང་ཚོས་ཚོང་པ་བཙལ་ནས་གྲོས་བྱེད་ཆོག་སྟེ། དེ་ཚོར་དངོས་ཟོག་བཙོངས་རྗེས་ཀྱི་ཞབས་ཞུའི་སྟེགས་བུ་ཚད་ལྡན་དང་འགན་སྲུང་ཡོད་པས་ཡིན།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།