ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་ཀར་འཁྱགས་མི་རུང་བའི་གནས་ལ་གང་དག་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚམས་རེར་མཁའ་དབུགས་དྲོན་མོ་དལ་གྱིས་ལྡང་ཞིང་ལན་རེར་ཙག་དང་བསེར་བུས་ཀུན་ནས་གཙེས་པའི་དཔྱིད་མགོ་ཚེས་མ་ཐག་པའི་སྐབས་འདིར། རྒན་པ་རྣམས་ཀྱིས་རྒྱུན་དུ“དཔྱིད་ཀར་འཁྱགས་མི་རུང་། སྟོན་ཁར་དྲོ་མི་རུང་།”ཞེས་ཡང་ཡང་གདམས་པར་བྱེད་ལ། དེའི་ནང་དོན་ནི་དཔྱིད་མགོ་ཚེས་མ་ཐག་པའི་སྐབས་འདིར་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། སྔ་མོ་ནས་ལྭ་བ་ཇེ་སྲབ་ཏུ་གཏོང་མི་རུང་བར། ལྭ་བ་དྲོན་པོ་གྱོན་ཏེ་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་དགོས་ཞེས་པའི་དོན་རེད།

དེ་ན་དཔྱིད་ཀར་འཁྱགས་མི་རུང་བའི་གནས་ལ་གང་དག་ཡོད་དམ་ཞེ་ན།

གཅིག མགོ་བོ།  ་ཏེ། སྙིང་རྩ་འགག་པ་དང་གཟའ་ནད་སོགས་ཀྱི་ནད་རིགས་སྔོན་འགོག་བྱེད་བཞིན་ཡོད།

གཉིས། སྐེ། སྐེ་ལ་གྲང་ངར་གྱི་ཕོག་ཐུག་ཐེབས་ན། ཁྲག་རྩ་འཁུམ་སླ་བས། ཀླད་པར་ཁྲག་འདོན་སྤྲོད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། སྐེའི་འཕར་རྩ་སྲ་འགྱུར་གྱི་ནད་བྱུང་བའི་རྒན་པ་དང་དར་མ་རྣམས་ལ་གཟའ་ནད་འབྱུང་བའི་ཉེན་ཁ་དེ་བས་ཀྱང་ཆེ། དེའི་རྐྱེན་གྱིས་རྒན་པ་དང་དར་མ་རྣམས་ཕྱི་རོལ་དུ་འགྲོ་སྐབས་སྐེ་དཀྲིས་རྒྱག་རྒྱུ་བརྗེད་མི་རུང་།

གསུམ། སྐེད་པ། མིའི་ལུས་སྟེང་གི་ཕོ་རླུང་ནི་མཁལ་མ་ལས་བྱུང་ཞིང་། སྐེད་པ་ནི་མཁལ་མའི་ཚང་མལ་ལྟ་བུ་ཡིན། མཁལ་མའི་ཕོ་རླུང་ཉམས་ན་སྐེད་པ་ན་བ་དང་གྲང་ངར་ལ་སྐྲག་པ། གཅིན་ཟགས་པ། རིག་པ་ཉབ་ཉོབ་ཏུ་འགྱུར་བ། ལུས་པོར་ངལ་དུབ་འབྱུང་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་སྲིད། གློ་ཡུའི་ཡན་ལག་ནད་དང་དབུགས་འཚང་ནད་སོགས་བྱུང་བའི་རྒན་པ་རྣམས་ལ་གྲང་ངར་གྱིས་གཙེས་རྗེས་ནད་རྙིང་འཕར་སླ་བས། དཔྱིད་མགོ་ཚེས་ཏེ་དགུན་ལྭ་མཐུག་པོ་ཕུད་སྐབས་སྲིང་བལ་གྱི་ཕུ་ཐུང་དང་ཡང་ན་བལ་ལྭའི་ཕུ་ཐུང་ཞིག་གྱོན་ནས་སྐེད་པར་སྲུང་སྐྱོབ་བྱེད་དགོས།

བཞི། གསུས་པ། གསུས་པའི་སྟེང་དུ་ཁྲག་རྩ་མང་པོ་ཡོད་པས། ཧ་ཅང་འཁྱགས་སླ་བའི་གནས་ཤིག་རེད།གསུས་པ་འཁྱགས་རྗེས།གསུས་ཁོག་ན་བ་དང་ཁོག་པ་གཤལ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། དེའི་རྐྱེན་གྱིས་དཔྱིད་ཀར་གསུས་ཁོག་གི་དྲོད་སྲུང་བར་མཉམ་འཇོག་ལེགས་པོ་བྱེད་དགོས། དགོང་མོ་གཉིད་པའི་དུས་སུ་མལ་ཐུལ་ལེགས་པོར་འགེབ་དགོས་པ་དང་། ལྷག་པར་དུ་ལྟེ་བ་འཁྱགས་སུ་འཇུག་མི་རུང་།

ལྔ། ལག་ངར། སྙིང་གི་གདོད་གསང་ནི་ལག་ངར་གྱི་སྟེང་དུ་ཡོད་པ་དང་། སྙིང་གིས་ལུས་ཡོངས་ཀྱི་ཁྲག་རྩར་དོ་དམ་བྱས་ཏེ། ཁྲག་རྒྱུན་སྐྱེལ་འདྲེན་བྱས་པ་ལ་བརྟེན་ནས་ལུས་པོ་ཡོངས་ལ་དྲོད་ཁོལ་སྦྱིན་བཞིན་ཡོད། གདོད་གསང་གིས་དོན་སྣོད་ཡོངས་ཀྱི་ཟུངས་ལ་དོ་དམ་བྱེད་ཀྱིན་ཡོད་པས། དོན་སྣོད་ཀྱི་བྱེད་ནུས་ཇེ་དྲག་ཏུ་གཏོང་ཐུབ། དེའི་རྐྱེན་གྱིས་དཔྱིད་ཀར་ལག་ངར་དྲོན་པོ་བྱེད་དགོས།

དྲུག པུས་མོ། པུས་མོ་འཁྱགས་ན་པུས་ཚིགས་མཐའ་འཁོར་གྱི་ཤ་གནད་དང་ཁྲག་རྩ་འཁུམས་ཏེ། པུས་ཚིགས་ན་བ་རེད། ཚིགས་འདྲེད་སྐྱི་མོའི་ཚ་ནད་དང་རུས་གཤིས་ཚིགས་ནད་བྱུང་ཡོད་པའི་རྒན་པ་རྣམས་ལ་ལྷག་ཏུ་ནད་སྙིང་བསླངས་ཏེ་ནད་རིགས་ཇེ་ལྗིད་དུ་འགྲོ་བའི་ཉེན་ཁ་ཆེ།དེ་བས་རྒན་པ་རྣམས་ཀྱིས་པུས་ཚིགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

བདུན། རྐང་ངར། གྲང་ངར་ཆེ་བའི་སྐབས་སུ་མི་ཁ་ཤས་ཤིག་ལ་མགོ་བོའི་གཞོགས་གཅིག་ན་བ་དང་གསུས་ཆུང་ན་བ།ཡང་ན་སྐྱུགས་མེར་ལངས་པ་དང་མིག་ན་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་ཞིང་།དེ་ནི་གཙོ་བོ་མཆིན་རླུང་ཉམས་པ་ལས་བྱུང་བ་རེད།དཔྱིད་ཀའི་དུས་སུ།མི་རྣམས་ཀྱིས་རྐང་ངར་དྲོན་པོ་བྱས་ཏེ་རླུང་སེལ་གཟེར་འཇོམས་བྱེད་པར་འབད་དགོས།

བརྒྱད། རྐང་པ། རྐང་མཐིལ་དུ་ཚིལ་སྣ་མང་བས།ཧ་ཅང་འཁྱགས་སླ་བའི་གནས་ཤིག་ཡིན་པར་མ་ཟད།སྙིང་དང་བར་ཐག་རིང་བས།གལ་ཏེ་དུས་ཡུན་རིང་པོར་གྲང་ངར་གྱིས་གཙེས་ན།ཁྲག་གི་འཁོར་རྒྱུག་ལ་གནོད་པ་ཐེབས་པ་དང་།ནད་འགོག་ནུས་ཤུགས་ཇེ་ཞན་དུ་སོང་སྟེ།མི་ལ་ཆམ་པ་ཕོག་སླ་བ་དང་ནང་སྒོས་སུ་དབུགས་འཚང་ནད་དང་དལ་གཤིས་ཕོ་རྒྱུའི་ནད།གྲིམ་བུའི་ནད་སོགས་བྱུང་བའི་མི་ལ་ནད་རྙིང་བསླང་བའི་ཉེན་ཁ་ཧ་ཅང་ཆེ།དེ་བས་དཔྱིད་ཀར་རྐང་བ་དྲོན་པོ་བྱེད་རྒྱུ་དེའང་ཧ་ཅང་གལ་ཆེན་ཞིག་རེད།

ནན་གྱིས་བརྗོད་དགོས་པ་ཞིག་ནི། དཔྱིད་ཀར་དྲོན་པོ་བྱེད་པ་ལའང་ཚད་ཅིག་ཡོད་དེ། ཚད་ལས་བརྒལ་ན་ལུས་པོ་དེ་དུས་ཚིགས་ཀྱི་འགྱུར་ལྡོག་ལ་ལོབས་པའི་སྦྱོང་བརྡར་གྱི་གོ་སྐབས་འཕྲོག་འགྲོ་བ་རེད།དེ་བས་དཔྱིད་ཀར་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གྱོན་ཆས་སྣོན་འཕྲི་བྱེད་ཤེས་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།