ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་གི་རྒྱུན་སྤྱོད་སྨན་རྫས་ཀྱི་ཕྱོགས་སུ་མཉམ་འཇོག་བྱེད་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་རྒྱུན་ཁྱིམ་ཚང་དུ་རྒྱུན་སྤྱོད་སྨན་ཉར་སྐབས། རབ་ཡིན་ན་སྨན་པའི་མཛུབ་སྟོན་འོག་བདེ་འཇགས་ཡིན་པའི་སྨན་བདམས་ན་བཟང་། དུས་རྒྱུན་གལ་ཏེ་སྨན་གང་བྱུང་དུ་སྤྱད་ན། ལུས་ཕུང་བདེ་ཐང་ལ་གནོད་པ་མང་པོ་སྐྱེལ་ཡང་སྲིད། དེ་བས་དུས་རྒྱུན་སྨན་སྤྱོད་སྐབས། གཤམ་གྱི་སྨན་མིང6ལ་མཉམ་འཇོག་དང་། གཟབ་གཟབ་བྱས་ཏེ་འཐུང་དགོས།

མ(麻)ཡི་རིགས་ཁྲག་ཤེད་མཐོ་བ་ཚོས་འཐུང་མི་རུང་།

མ་ཡི་རིགས་ཀྱི་ནང་དུ་ཝེ་མ་ཧོང་ཅན་འདུས་པ་དང་། དེས་ཁྲག་རྩ་ཇེ་ཕྲར་བཏང་སྟེ་ཁྲག་ཤེད་དང་ཁྲག་མངར། མིག་འབྲས་ཀྱི་གནོན་ཤུགས་བཅས་ཇེ་མཐོར་གཏོང་སྲིད་པས། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད། མིག་འབྲས་ཀྱི་གནོན་ཤུགས་མཐོ་བའི་ནད་པས་དེ་སྤྱོད་པར་གཟབ་དགོས།

རྨིན(敏)གྱི་རིགས་ཁ་ལོ་པས་སྤྱོད་མི་རུང་།

སྨན་མིང་གི་ནང་དུ“ཕུའུ”དང“རྨིན”“པུན”ཡོད་པའི་སྨན་འཐུང་རྗེས་གཉིད་ཡོང་བ་དང་ཉབ་ཉོབ་དུ་འགྱུར་སྲིད་པས། སྨན་འཐུང་རྗེས་རླངས་འཁོར་དང་གྲུ་གཟིངས་ལ་ཁ་ལོ་བསྒྱུར་བ་དང་། མཐོ་ས་ནས་ལས་ཀ་ལས་པ། འཕྲུལ་ཆས་ཀྱི་ལས་ཀ་ལས་པ། དེ་མིན་ཞིབ་ཐོན་འཕྲུལ་ཆས་སྤྱོད་པ་བཅས་བྱེད་མི་རུང་།

ཧྥུན(酚)གྱི་རིགས་ནི་རྒྱུ་མ་སྨུག་པོའི་ནད་པས་གཟབ་གཟབ་བྱས་ཏེ་སྤྱོད་དགོས།

དེར་ཚ་འཇོམས་ཟུག་སེལ་གྱི་ནུས་པ་ལྡན་པས། ཕོ་བའི་རྩི་པགས་ལ་ཟུག་གཟེར་སློང་སྲིད། པའེ་ཅ་ཧེ(白加黑)དང་། ཞིན་ཁང་ཐའེ་ཁོ(新康泰克)དང་། ཀན་ཁང(感康)། ཁའེ་ཁོ(快克)བཅས་ཆམ་སྨན་གྱི་ནང་དུ་རྫས་དེ་དག་འདུས་པས། སྨན་དེ་དག་དུས་མཉམ་དུ་མ་འཐུང་ན་བཟང་།

མེ(美)ཡི་རིགས་གློ་ཡུའི་ཡན་ལག་གཉན་ཚད་བྱུང་བའི་ནད་པས་གཟབ་གཟབ་བྱས་ཏེ་སྤྱོད་དགོས།

“ཡིའུ་མེ་ཧྲ་ཧྥུན”གྱི་ནང་དུ། རྫས་འདི་འདུས་པའི་ཆམ་སྨན་གྱི་རྒྱུན་མིང་གི་ནང་དུ་རྒྱུན་པར“མེ”(美)བྲིས་ཡོད། དེར་གཙོ་ནུས་གློ་ལུ་འཇགས་པའི་ནུས་པ་ལྡན་པས། ལུད་པ་ཁེགས་ཏེ་དབུགས་རྒྱུ་དཀའ་བ་དང་། ཚབས་ཆེ་དུས་གློ་འཚངས་དྲན་བརྒྱལ་སློང་སྲིད།

ཚ་སེལ་གྱི་རིགས་གྲང་བསིལ་ཆམ་ནད་བྱུང་པ་ཚོས་སྤྱོད་མི་རུང་།

ཚ་སེལ་རིགས་ཀྱི་སྨན་ནི་ཚ་དྲོད་ཆམ་ནད་བྱུང་བར་ཕན་པ་ལས། གྲང་བསིལ་ཆམ་ནད་བྱུང་བར་མི་ཕན།

དུག་སེལ་གྱི་རིགས་ཡུན་རིང་ལ་སྤྱོད་མི་རུང་།

གི་ཝང་དུག་སེལ་རིལ་བུ་སོགས་ཀྲུང་ལུགས་བཟོས་སྨན་རིགས་ཀྱི་དུག་སེལ་རིལ་བུའི་ནང་སྤྱིར་བཏང་ཚ་སེལ་གྱི་རྒྱུ་འདུས་པ་རེད། ཧྲོང་ཧོང་ལེན་འཐུང་དུས་ཁམས་གསོ་རང་བཞིན་གྱི་རྒྱ་ལུགས་བཟོས་སྨན་འཐུང་མི་རུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།