ཀྲུང་གོ་བོད་ཀྱི་དྲ་བ།

མི་ལ་དངངས་སྐྲག་སྐྱེས་པའི་དུས་སུ་རྔུལ་ཆུ་ཐོན་པའི་རྒྱུ་མཚན་ཅི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སེམས་སུ་གྲ་སྒྲིག་ཅི་ཡང་མེད་པའི་སྐབས་སུ་གློ་བུར་དུ་དངངས་སྐྲག་ཐེབས་ཚེ། རང་དབང་མེད་པར་ལུས་སྟེང་དུ་རྔུལ་ཆུ་ཐོན་གྱིན་ཡོད། དེ་ནི་མིའི་ལུས་སྟེང་གི་རྒྱུན་ལྡན་གྱི་འགྱུར་འབྱུང་ཞིག་ཡིན། ཡིན་ཡང་། ཁྱོད་ཀྱིས་དེའི་གནས་ལུགས་རྟོགས་སམ།

མིའི་དབང་རྩའི་མ་ལག་ནི་དབང་རྩ་ལྟེ་བའི་མ་ལག་དང་མཐའ་འཁོར་དབང་རྩའི་མ་ལག(ལུས་པོའི་དབང་རྩ་དང་སྐྱེ་དངོས་དབང་རྩ)གཉིས་ཀྱིས་གྲུབ་པ་རེད། སྐྱེ་དངོས་དབང་རྩའི་ཁྲོད་དུའང་ཚོར་བའི་དབང་རྩ་དང་ཚོར་བའི་དབང་རྩ་ཕལ་བ་གཉིས་སུ་དབྱེ་རྒྱུ་ཡོད། ཚོར་བའི་དབང་རྩར་ངར་ལངས་པའི་སྐབས་སུ་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་འཕར་རྩ་ཆུང་བ་སྐུམ་པར་བྱེད་པས། ཕྱི་ངོས་ཀྱི་ཁྲག་རྩའི་འགོག་ཤུགས་ཇེ་མཐོར་སོང་ནས་ཁྲག་གི་འཁོར་རྒྱུག་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཚོར་བའི་དབང་རྩར་ངར་ལངས་པའི་སྐབས་སུ་མཁལ་མའི་རྨེན་རྒྱུར་སྐུལ་འདེད་དང་མཁལ་མའི་རྨེན་རྒྱུ་ཟགས་ཐོན་བྱེད་ཚད་ཇེ་མང་དུ་སོང་ནས། སྐུལ་རྩིས་སྐྱི་པགས་དང་འབྱར་སྐྱིའི་གནས་ཀྱི་ཁྲག་རྩ་བསྐུམས་པའི་ནུས་པ་ཐོན་གྱིན་ཡོད། དུས་མཚུངས་སུ་ཚོར་བའི་དབང་རྩར་ངར་ལངས་པའི་སྐབས་སུ་རྔུལ་རྨེན་ཟགས་ཐོན་ཇེ་མང་དུ་འགྲོ་བ་རེད།

མི་ལ་དངངས་སྐྲག་སྐྱེས་པའི་སྐབས་སུ། ཚོར་བའི་དབང་རྩར་ངར་ལངས་པ་མང་ན་གློ་བུར་དུ་སྙིང་ལྡིང་ཚད་ཇེ་མགྱོགས་སུ་སོང་ནས། འབྱར་སྐྱི་དང་སྐྱི་པགས་ཐོག་གི་ཁྲག་རྩ་སྐུམ་པར་བྱེད་པས་ཁྲག་གི་འདོན་ཚད་ཇེ་ཉུང་དུ་འགྲོ་བ་དང་ངོ་མདོག་སྐྱ་བོར་འགྱུར་གྱིན་ཡོད། དེ་ལས་གཞན། རྔུལ་རྨེན་ཟགས་ཐོན་ཡང་ཇེ་མང་དུ་སོང་ནས་ལུས་ནས་རྔུལ་ཆུ་ཐོན་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།