ཀྲུང་གོ་བོད་ཀྱི་དྲ་བ།

འབྲས་སྐྲན་དང་སྐྲན་ནད་གཉིས་ལ་གོ་བ་ཇི་ལྟར་ལེན་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འབྲས་སྐྲན་ཟེར་བ་ནི་ཡང་སྙིང་ཅི་ཞིག་རེད་དམ་ཞེ་ན། དེ་ནི་དམངས་ཁྲོད་ཀྱི་དར་ཁྱབ་ཆེ་བའི་བཤད་རྒྱུན་ཞིག་ཡིན་ལ། དོན་དངོས་སུ་ཚབས་ཆེན་རང་བཞིན་གྱི་སྐྲན་ནད་ཅིག་ཡིན། འོ་ན། སྐྲན་ནད་ཟེར་བ་དེར་གོ་བ་ཇི་ལྟར་ལེན་དགོས་སམ་ཞེ་ན། སྐྲན་ནད་ཅེས་པ་ནི་མིའི་ལུས་སྟེང་གི་འབྲས་སྐྲན་འབྱུང་རྐྱེན་གྱི་བྱེད་ནུས་འོག་གསར་དུ་བྱུང་བའི་དངོས་པོ་ཞིག་སྟེ། ཤ་རྡོག་དང་སྐྲང་རྡོག་ལ་གོ་བར་བྱའོ། ། གོ་བདེ་བར་བརྗོད་ན་མིའི་ལུས་སྟེང་དུ་སྐྱེས་པའི་རྒྱུན་ལྡན་མིན་པའི་དངོས་པོ་དེ་ཁོར་ཡུག་ངན་པའི་འོག་ངོ་བོ་འགྱུར་བའི་རིགས་ལ་གོ།

ངོ་བོ་ལྟར་དབྱེ་ན་སྐྲན་ནད་ལ་བཅོ་སླ་བའི་སྐྲན་ནད་དང་བཅོ་དཀའ་བའི་སྐྲན་ནད་རིགས་གཉིས་ཡོད།

བཅོ་སླ་བའི་སྐྲན་ནད་ནི་ཡིག་ཐོག་དང་ངག་ཐོག་ནས་བཤད་ན་བཅོ་སླ་བའི་རིམས་ནད་ལ་གོ། གཤག་བཅོས་བྱས་ནས་ལེན་ཐུབ་པར་མ་ཟད། ནད་མཆེད་མི་ཐུབ་པ་དང་གནོད་པ་ཐེབས་ཚད་ཉུང་ལ། མཇུག་འབྲས་ཚབས་ཆེན་མི་འབྱུང་བ་ཞིག་ཡིན། འོན་ཀྱང་ང་ཚོས་མཉམ་འཇོག་བྱེད་དགོས་པ་ཞིག་ནི་བཅོ་སླ་བའི་སྐྲན་ནད་དེ་སྤོ་བསྒྱུར་བྱེད་མི་ཐུབ་པ་ཞིག་ཡིན་རུང་། གལ་ཏེ་ནད་གཞི་ཇེ་སྡུག་ཏུ་སོང་ན་ཉེན་ཁ་སྔར་བཞིན་ཡོད་པས། སྣང་ཆུང་བྱེད་མི་རུང་།

བཅོ་དཀའ་བའི་སྐྲན་ནད་ནི་འབྲས་སྐྲན་ལ་གོ་བར་བྱ་སྟེ། ཤ་རྡོག་དང་སྐྲང་རྡོག་སྐྱེས་ཚད་མགྱོགས་པས་ཕྱོགས་བཞིར་ཁྱབ་པ་དང་། ཉེ་འཁོར་དུ་མཆེད་ནས་གཏོར་བཤིག་རང་བཞིན་དང་གསོད་རྨས་རང་བཞིན་ཇེ་ཆེར་འགྲོ་བ་རེད། ཤ་རྡོག་གམ་སྐྲང་རྡོག་གཤག་བཅོས་བྱས་ནས་བླངས་རུང་ནད་གཞི་སླར་འབྱུང་སླ་བས། གལ་ཏེ་ནུས་ལྡན་སྒོས་ཚོད་འཛིན་མ་བྱས་ན་ཤི་རྨས་འབྱུང་བའི་ཉེན་ཁ་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།