ཀྲུང་གོ་བོད་ཀྱི་དྲ་བ།

མཆིན་པ་ཚིལ་འགྱུར་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆང་བཅད་ནས་མཆིན་པར་སྲུང་བཅོས་བྱེད་པ། དུས་ཡུན་རིང་པོར་ཆང་འཐུང་བའམ་ར་རོ་བཟི་བ་ལས། ཚིལ་སྐྱུར་མཆིན་པར་ཕུང་གསོག་བྱས་ཏེ་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་འབྱུང་བ་ཡིན། དེ་ནི་ཆང་བཅུད་ཀྱི95%མཆིན་པས་དུག་སེལ་བྱས་ཏེ་རྙིང་ཚབ་གསར་བརྗེ་བྱེད་པ་ཡིན་ལ། མཆིན་པའི་རྩོལ་བཅག་དྲགས་པ་ལས་མཆིན་པའི་ཕྲ་ཕུང་ཤི་འདྲུལ་བྱུང་བ་རེད།

ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བ། ལུས་པོ་ཚོ་དྲགས་པ་དང་འབྲེལ་བའི་མཆིན་པ་ཚིལ་འགྱུར་ཡིན་ན་གཙོ་བོ་ཚོ་བྱང་དགོས་ལ། ཚོ་བྱང་ན་ལུས་པོ་ཚོ་བར་འབྲེལ་བའི་གཅིན་སྙི་ཟ་ཁུ་དང་ཚིལ་མང་ཁྲག་ནད་ཇེ་བཟང་དུ་འགྲོ་བ་དང་། མཆིན་པ་ཚིལ་འགྱུར་ཞི་འགྲོ་བ་རེད། སྤྱིར་བཏང་ལུས་པོའི་ལྗིད་ཚད་ཀྱི10%ཇེ་ཡང་དུ་སོང་བ་ཡིན་ན། མཆིན་པ་ཚིལ་འགྱུར་གྱིས་བསྐྱེད་པའི་ཨེམ་སྐྱུར་རྩབས་མཐོ་བ་རྒྱུན་ལྡན་དུ་འགྲོ་ཐུབ།

གདོད་འབྱུང་ནད་གསོ་བཅོས་བྱེད་པ། གཅིན་སྙི་ཟ་ཁུའི་ནད་པར་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་ཚད་ནི་གཅིན་སྙི་ཟ་ཁུའི་ནད་བྱུང་མེད་པའི་ནད་པ་ལས་ལྡབ3གྱིས་མཐོ། དེའི་རྒྱུ་རྐྱེན་གཙོ་བོ་ནི་གཅིན་སྙི་ཟ་ཁུའི་ནད་པར་གཤེར་མའི་ཕུང་རྩིའི་ཟགས་ཐོན་བལྟོས་བཅས་ཀྱིས་མི་འདང་བ་དང་། ཁྲག་གི་ནང་དུ་འདུས་པའི་མངར་ཆའི་ཚད་ཇེ་མང་དུ་འགྲོ་བ་དང་། མངར་ཆ་དང་ཚིལ། སྤྲི་དཀར་གསུམ་གྱི་རྙིང་ཚབ་གསར་བརྗེ་རྒྱུན་ལྡན་མིན་པ། ལུས་ཀྱི་མངར་ཆ་རྙིང་ཚབ་གསར་བརྗེ་བྱེད་པར་གེགས་ཐེབས་ནས་ཚིལ་གྱི་ངོ་བོ་འགྱུར་བ་དང་། སྤྲི་དཀར་གྱི་རྙིང་ཚབ་གསར་བརྗེ་དོ་མཉམ་མ་ཡོང་བ་བཅས་ལས་མཆིན་པའི་ནང་དུ་ཚིལ་མང་པོ་བསགས་པ་རེད།

ཚོ་བྱང་དུ་འཇུག་ཐབས་ནི་སྨན་པའི་མཛུབ་སྟོན་ལྟར་ལག་བསྟར་བྱེད་དགོས། ལྷག་པར་དུ་གཅིན་སྙི་ཟ་ཁུ་དང་མཁལ་སྙིང་གི་ནད་ཡོད་པའི་ནད་པ། དེ་མིན་མཆིན་པའི་ནུས་པ་ཉམས་པ་མངོན་གསལ་ཡིན་པའི་ནད་པའི་རིགས་ཀྱིས་སྨན་པའི་ངག་བཞིན་བསྟེན་དགོས།

དུས་བཅད་ལྟར་ལུས་ཕུང་བརྟག་བཤེར་བྱེད་པ། མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་ཉེན་ཆེ་བ་དག་གིས་རང་ཉིད་ཀྱི་ལུས་ཁམས་བདེ་སྲུང་བྱེད་ཤེས་དགོས་ཏེ། རབ་ཡིན་ན་དུས་བཅད་ལྟར(ལོ་གཅིག་གི་ནང་ཐེངས1-2)ལ་མཆིན་པའིBའཕྲོ་སོགས་གཟུགས་བརྙན་རིག་པས་བརྟག་དཔྱད་བྱས་ཏེ། སྔ་མོ་ནས་མཆིན་པ་ཚིལ་འགྱུར་གྱི་ནད་ངོས་འཛིན་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།