ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་ཀྱི་གཉིད་སྟངས་དེ་ག་འདྲ་ཞིག་ཡིན་པ་དང་། གཉིད་སྟངས་དེ་ཚན་རིག་དང་མཐུན་པ་ཞིག་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཉིད་པ་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ངལ་གསོ་སྟངས་གཙོ་བོ་ཞིག་ཡིན་ལ། ངལ་གསོ་ལེགས་པོ་ཞིག་བྱེད་འདོད་ན་ཉལ་སྟངས་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། ང་ཚོར་ཉལ་སྟངས་མི་འདྲ་བ་གང་མང་ཡོད་མོད། ཁྱོད་ཀྱིས་ཉལ་སྟངས་གང་ཞིག་ནི་ཚན་རིག་དང་མཐུན་མིན་ལ་བསམ་བློ་བཏང་མྱོང་ངམ།

བྱིས་པ་མང་ཆེ་བ་ཞིག་ཁ་སྦུབ་ཏུ་ཉལ་བ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་བྱས་ན་ཁ་སྦུབ་ཏུ་ལོག་པའི་ཉལ་སྟངས་དེ་ནི་དེ་འདྲའི་ལེགས་པོ་ཞིག་མ་རེད། ཁ་སྦུབ་ཏུ་ལོག་ནས་ཉལ་ན་བྲང་དང་གློ་སྙིང་སོགས་ལ་བཙིར་གནོན་ཐེབས་ནས་སྙིང་དང་དབུགས་འབྱིན་རྔུབ་ཀྱི་ནུས་པར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཁ་སྦུབ་ཏུ་ཉལ་ན་ད་དུང་སྣ་ཁུང་འགེབ་པ་དང་། མཇིང་པ་དང་ཕྲག་པའི་རྒྱབ་ངོས། རྐང་པའི་ཤ་གནད་སོགས་ངལ་གསོ་བཟང་པོ་བྱེད་ཐུབ་ཀྱིན་མེད་པས་བྱིས་པ་འཚར་ལོངས་འབྱུང་བར་ཕན་པ་མེད། གཞན་མི་ལ་ལ་ཞིག་གན་རྐྱལ་དུ་ཉལ་བཞིན་ཡོད། དེ་ལྟ་ན་ལུས་པོ་དང་རྐང་པའི་ཤ་གནད་སོགས་ངལ་གསོ་ཐུབ་ཀྱིན་མེད་པར་མ་ཟད། ད་དུང་ལག་པ་བྲང་ཁར་བཞག་ནས་ཉལ་ན་རྨི་ལམ་འཁྲུགས་པ་དང་། སྔུར་བ་འཐེན་པའི་སྒྲ་སོགས་ཐོན་ཀྱིན་ཡོད།

ཉལ་སྟངས་སྣ་མང་ཡོད་ཀྱང་། གཞོགས་སུ་འཁོར་ནས་ཉལ་བ་ནི་ཉལ་སྟངས་བཟང་པོ་དང་། ལུས་པོའི་སྐྱེ་ཁམས་ཀྱི་ནུས་པ་དང་མཐུན་པའི་ཉལ་སྟངས་བཟང་པོ་ཞིག་རེད། དེའི་ཁྲོད་གཡས་ཕྱོགས་སུ་འཁོར་ནས་ཉལ་ན་སྙིང་ཁམས་ལ་བཙིར་གནོན་བྱེད་ཀྱིན་མེད་པས། ལུས་ཡོངས་ཀྱི་ཤ་གནད་ཇེ་ལྷོད་དང་ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་ཕན་པར་མ་ཟད། ད་དུང་གཉིད་མགྱོགས་པ་དང་ངལ་དུབ་སེལ་ཚད་ཆེས་མགྱོགས་པའི་ཉལ་སྟངས་ཤིག་རེད།

ལུས་པོ་དང་རྐང་ལག་ལས་གཞན་མགོ་ཡི་འདུག་སྟངས་ཀྱང་ཤིན་ཏུ་གལ་ཆེ། གཉིད་པའི་སྐབས་སུ་མགོ་བོ་ལྷོ་དང་བྱང་ཕྱོགས་སུ་འཁོར་ནས་ཉལ་ན་བདེ་ཐང་ལ་ཤིན་ཏུ་ཕན་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།