ཇ་ཡི་ཚབ་ཀྱི་བཏུང་བྱ་གང་འདོད་དུ་འཐུང་མི་རུང་།

ཇའི་ཚབ་ཀྱི་བཏུང་བྱ་ནི་སྨན་གྱིས་ཇ་ཡི་ཚབ་བྱས་ནས་འཐུང་བ་དང་། སྨན་རྫས་གཅིག་གཉིས་རེ་དང་ཡང་ན་མང་པོ་གདུས་ནས་ཁུ་བ་བསྐོལ་བའམ་ཆུ་ཁོལ་གྱིས་སྦངས་ནས་འཐུང་ན། ཆུ་ཁ་གསབ་བྱེད་པའི་མཚུངས་སུ་སྨན་བཅོས་ཀྱི་བྱེད་ནུས་ཀྱང་ཐོན་ལ། དེར་མ་ཟད་ད་དུང་སྨན་རྫས་ཀྱི་ཚ་འཇམ་གྲང་གསུམ་ལ་བརྟེན་ནས་ལུས་པོའི་ཚ་གྲང་གསོ་བཅོས་བྱས་ན་བདེ་ཐང་ལ་ཕན་མོད། འོན་ཀྱང་ཇའི་ཚབ་ཀྱི་བཏུང་བྱ་ནི་གང་འདོད་དུ་འཐུང་མི་རུང་སྟེ།ཡང་དག་པར་བེད་སྤྱད་ན་ད་གཟོད་ཕན་ནུས་ལྡན།

ནད་རྟགས་དང་བསྟུན་ནས་བསྟེན་པ། “གྲང་བ་ཚ་སྤྱོད། ཚ་བ་གྲང་སྤྱོད”ཅེས་པ་ལྟར་གྲང་བའི་རྟགས་ལ་ཚ་ནད་ཀྱི་སྨན་སྤྱོད་པ་དང་ཚ་བའི་རྟགས་ལ་གྲང་ནད་ཀྱི་སྨན་སྤྱོད་པ་ཡིན།དཔེར་ན།མིད་པ་ན་བ་འདྲ་ཡང་མི་ལ་ལ་ནི་དངོས་ཡོད་ཚ་རྟགས་ལ་གཏོགས་ཤིང་།ལ་ལ་ནི་དངོས་མེད་ཚ་རྟགས་ལ་གཏོགས། དངོས་ཡོད་ཚ་རྟགས་ཅན་ཚོས་གྲང་ནད་སྨན་རྫས་ཀྱིས་ཇ་ཡི་ཚབ་བྱེད་ཆོག ཡིན་ཡང་དངོས་མེད་ཚ་རྟགས་ཅན་ཚོས་གྲང་ནད་ཀྱི་སྨན་རྫས་རྐྱང་རྐྱང་གིས་ཚ་བ་སེལ་ན་ཕོ་མཚེར་ལ་གྲང་ངད་ཕོག་སྲིད་པས། མཚེར་གསོ་གཤེར་འཇོམས་ཀྱི་སྨན་རྫས་སྡེབ་སྦྱོར་བྱེད་དགོས།གོང་དང་མཚུངས་པར།རྩ་འགག་པ་འདྲ་ཡང་མི་ལ་ལ་ནི་ཕོ་བའི་མེ་དྲོད་ཀྱིས་བསླངས་པ་དང་།ལ་ལ་ནི་གློ་བའི་མེ་དྲོད་ཀྱིས་བསླངས་པ་ཡིན་པས།ཇའི་ཚབ་ཀྱི་བཏུང་བྱ་ནི་ནད་རྟགས་དང་བསྟུན་ནས་བསྟེན་དགོས།

མིའི་བབ་དང་བསྟུན་པ། མི་ཚང་མ་ལ་ཇ་ཡི་ཚབ་ཏུ་བཏུང་བྱ་རིགས་གཅིག་སྤྱད་ན་འཚམ་པའི་ངེས་པ་མེད་དེ། དཔེར་ན་ལུས་པོར་ཚ་དྲོད་རྒྱས་ནས་མེ་དྲོད་སེལ་དགོས་མོད། འོན་ཀྱང་ཕོ་མཚེར་ལ་གྲང་ངད་ཕོག་པའི་མི་ལ་མཚོན་ན།ཕོ་མཚེར་གསོ་བའི་སྨན་རྫས་ནང་ཤིང་མངར་དང་ཙོལ་རིལ། སྒ་རློན། སྒ་སྐྱ་སོགས་བསྲེས་ཏེ།མེ་དྲོད་སེལ་བྱེད་ཀྱི་སྨན་རྫས་ཀྱིས་ཕོ་མཚེར་ལ་གནོད་པ་ཐེབས་པར་གཟབ་དགོས། དུས་མཚུངས་སུ། ནད་རྟགས་ཀྱི་ཚབས་ཆེ་ཆུང་ལ་གཞིགས་ནས་སྨན་གྱི་སྡེབ་ཁ་ལེགས་པོར་སྒྲིག་དགོས།དཔེར་ན། ལུས་པོར་གྲང་ངད་ཕོག་ཅིང་ཚ་ཡོད་པའི་མིས་ཚ་ནད་ཀྱི་སྨན་བསྟེན་ན་མེ་དྲོད་སློང་སྲིད་པས།གྲང་ནད་ཀྱི་སྨན་རྫས་ཀྱིས་དེ་ལ་ཞོར་འདེགས་བྱེད་དགོས།

འཐུང་སྟངས་ལ་ཁྱད་པར་ཡོད་པ། ཀྲུང་ལུགས་སྨན་རྫས་ཁྲོད་འཐུང་བྱའི་སྨན་ཆེ་དྲགས་པའམ་མཁྲེགས་མོ་ཡིན་ན་བརྡུངས་ནས་འཐུང་དགོས། དཔེར་ན་ཤིང་ཏོག་དང་། ལུའོ་ཧན་ཀུའོ།ཨ་བི་ཁ་སོགས་ཡིན། གལ་ཏེ་འཐུང་བྱའི་སྨན་རགས་མོ་ཡིན་ཚེ།རབ་ཡིན་ན་འཁེལ་ཐག་མེད་པའི་རས་ཁུག་ནང་དུ་བླུགས་ནས་ཇ་སྦང་བ་ལྟར་འཐུང་ན་སྟབས་བདེ་བ་རེད།ཀྲུང་ལུགས་ཀྱི་མེ་ཏོག་རིགས་ཀྱི་འཐུང་སྨན་ལ་ལ་སོབ་སོབ་ཡིན་པས། རབ་ཡིན་ན་ཐུམ་བྱས་ནས་ཇ་སྦང་བ་ལྟར་འཐུང་ན་གློ་མིད་ནང་མི་འཚང་བར་ཕན་པ་ཡོད། 

ཇའི་ཚབ་ཀྱི་བཏུང་བྱ་ནི་སྨན་གྱིས་ཇ་ཡི་ཚབ་བྱས་ནས་འཐུང་བ་དང་། སྨན་རྫས་གཅིག་གཉིས་རེ་དང་ཡང་ན་མང་པོ་གདུས་ནས་ཁུ་བ་བསྐོལ་བའམ་ཆུ་ཁོལ་གྱིས་སྦངས་ནས་འཐུང་ན། ཆུ་ཁ་གསབ་བྱེད་པའི་མཚུངས་སུ་སྨན་བཅོས་ཀྱི་བྱེད་ནུས་ཀྱང་ཐོན་ལ། དེར་མ་ཟད་ད་དུང་སྨན་རྫས་ཀྱི་ཚ་འཇམ་གྲང་གསུམ་ལ་བརྟེན་ནས་ལུས་པོའི་ཚ་གྲང་གསོ་བཅོས་བྱས་ན་བདེ་ཐང་ལ་ཕན་མོད། འོན་ཀྱང་ཇའི་ཚབ་ཀྱི་བཏུང་བྱ་ནི་གང་འདོད་དུ་འཐུང་མི་རུང་སྟེ།ཡང་དག་པར་བེད་སྤྱད་ན་ད་གཟོད་ཕན་ནུས་ལྡན།

ཡང་དག་པའི་བཀོལ་སྤྱོད་བྱེད་སྟངས། ཇའི་ཚབ་ཀྱི་བཏུང་བྱའི་ཀྲུང་ལུགས་སྨན་རྫས་དེ་ཆུ་ཁོལ་ནང་མ་སྦངས་གོང་ལ་ཆུ་བཤལ་རྒྱག་དགོས། ཇ་ཕོར་ནང་དུས་ཚོད་སྐར་མ10ནས30བར་སྦངས་ནས་བསྟེན་དགོས།

དུས་ཐོག་ཏུ་སྤྱོད་ཚད་ལེགས་སྒྲིག་བྱེད་དགོས། སྨན་ལ་དུག་གི་ནུས་པའི་ལྡན་པས་ཇའི་ཚབ་ཀྱི་བཏུང་བྱའི་ཀྲུང་ལུགས་སྨན་རྫས་ཀྱང་དེ་ལས་མ་འདས། དཔེར་ན། སྨན་གྱི་ངོ་བོ་འཇམ་པའི་འདྲེ་ཚེར་མ་བསྟེན་རྒྱུ་མང་ན་ཚ་དྲོད་རྒྱས་ནས་མིག་སྐྱག་ཇེ་མང་ལ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་གིན་ཡོད། དེ་མིན། འདྲེ་ཚེར་མའི་ནང་དུ་མངར་ཆ་འདུས་ཚད་ཅུང་མང་བས། གཅིན་སྙི་སྲ་ཁུ་ནད་པའི་རིགས་ཀྱིས་སྔོན་ལ་སྨན་པའི་ངག་བཞིན་བསྟེན་དགོས། ཚ་དྲོད་རྒྱས་པའི་སྐབས་སུ་མི་མང་པོ་ཞིག་གིས་ལུག་མིག་མེ་ཏོག་གི་ཇ་བསྟེན་བཞིན་ཡོད་མོད། འཐུང་ཡུན་རིང་ན་ཕོ་བ་མི་བདེ་བའི་སྣང་བ་ཐོན་གྱིན་ཡོད། ལུག་མིག་མེ་ཏོག་གི་ཇ་ནི་ཅུང་བསིལ་བའི་རང་བཞིན་ཡིན་པས་ཕོ་བར་གནོད་པ་རེད།

གཤམ་ནས་ཚང་མར་ཇའི་ཚབ་ཀྱི་བཏུང་བྱ་སྣ་བརྒྱད་ངོ་སྤྲོད་བྱ་མོད།འོན་ཀྱང་སྨན་པའི་མཛུབ་སྟོན་འོག་འཐུང་དགོས།

ཁ་སྐམ་པ་དང་མིག་གི་ཟགས་ཐོན་ནམ་མིག་སྐྱག་མང་པའི་རྟགས་ཐོན་ན། ཅིན་དབྱིན་ཧྭ(金银花)དང་ལུག་མིག་མེ་ཏོག རི་སྐྱེས་ལུག་མིག་མེ་ཏོག པོ་ཧི་ཡེ(薄荷叶)བཅས་ཇའི་ཚབ་ཏུ་འཐུང་ཆོག

ཁ་ལྕེ་ལ་རྨ་བྱུང་བ་དང་རྒྱུན་པར་འཁྱགས་ཟས་ཟ་འདོད་པ་ནི་ཕོ་བའི་མེ་དྲོད་ཆེ་བའི་ཁོངས་སུ་གཏོགས་པས།ཅུ་གང་རྗེན་པ་དང་མྱང་རྩི་སྤྲས(黄连)སོགས་ཇའི་ཚབ་ཏུ་འཐུང་ཆོག

གཅིན་མདོག་དམར་སེར་དུ་གྱུར་པ་ཅན་གྱིས་འདམ་རྩ་དང་འཇག་སྐྱའི་རྩ་བ། ན་རམ། ཐོ་ལེ་ཀོར(滑石)ཇའི་ཚབ་ཏུ་འཐུང་ཆོག

རྩ་སྐམ་པ་དག་གིས་ཐལ་ཀ་རྡོ་རྗེ་དང་བྱི་བཟུང(牛蒡子)ཇའི་ཚབ་ཏུ་འཐུང་ཆོག

ཡི་ག་མི་བཟང་བ་དང་ཟས་འཇུ་མི་ཐུབ་པ་དག་གིས་ཟྭ་འདྲ་དང་སྣ་མ།སྐྱུ་རུ་ར།ཚ་ལུ་མའི་ཤུན་པགས་བཅས་ཇའི་ཚབ་བྱས་ནས་འཐུང་ཆོག

མཚན་མོར་གཉིད་མི་ཁུག་པ་དག་གིས་ལུག་མཉེའི་མེ་ཏོག་དང་ད་ཏྲིག་སོགས་ཇའི་ཚབ་ཏུ་འཐུང་ཆོག

ཁོང་ཁྲོ་ལངས་སླ་བ་དག་གིས་རྩྭ་དུག་དཀར་པོ་དང་རྒྱ་སེ་མེ་ཏོག དབང་ལག ཧོ་ཧོན་མེ་ཏོག(合欢花)སོགས་ཇའི་ཚབ་ཏུ་འཐུང་ཆོག

ཆམ་པ་ཕོག་པ་དང་།གློ་ལུ་བ།གྲེ་བ་གཟེར་བ་བཅས་ཀྱི་ནད་པས་དར་ཤིང་གི་ལོ་མ་དང་ལུག་མིག་མེ་ཏོག ཅིན་དབྱིན་ཧྭ(金银花) བྱི་བཟུང་(牛蒡子)། པོ་ཧི་ཡེ(薄荷叶)སོགས་ཇའི་ཚབ་ཏུ་འཐུང་ཆོག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།