ཀྲུང་གོ་བོད་ཀྱི་དྲ་བ།

༄༅།། ཐོབ་ཐང་ལག་ཁྱེར་ཨང་གྲངས་ནང་གི“X”ཡིས་ཅི་ཞིག་མཚོན།

ཡོང་ཁུངས། : ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན།     སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནི་རྒྱལ་ཁབ་ཀྱི་ཚད་གཞི་གཞིར་བཟུང་བསྒྲིགས་པ་ཞིག་ཡིན་ཞིང་།  གྲངས་གནས18ལས་གྲུབ་ཡོད། མདུན་གྱི་གྲངས་གནས་དྲུག་ནི་སྲིད་འཛིན་ཁུལ་གྱི་དབྱེ་བའི་ཚབ་ཨང་དང་།  གྲངས་གནས་བདུན་པ་ནས་བཅུ་བཞི་བར་ནི་སྐྱེས་ལོ་ཟླ་ཚེས་ཀྱི་ཚབ་ཨང་། གྲངས་བཅོ་ལྔ་པ་ནས་བཅུ་བདུན་བར་ནི་གོ་རིམ་གྱི་ཚབ་ཨང་། གྲངས་གནས་བཅོ་བརྒྱད་པ་ནི་ཞིབ་བསྡུར་ཚབ་ཨང་བཅས་ཡིན། 

    གྲངས་གནས་མཇུག་ཤོས་ཡིན་པའི་ཞིབ་བསྡུར་ཚབ་ཨང་ནི་ཚབ་ཨང་སྒྲིག་བཟོ་ཚན་པས་གཅིག་གྱུར་གྱི་སྤྱི་འགྲོས་གཞིར་བཟུང་རྩིས་བརྒྱབ་པ་ཞིག་རེད།  གལ་ཏེ་མི་ག་གེ་མོ་ཞིག་གི་མཇུག་གི་ཚབ་ཨང་ཀླད་ཀོར་ནས་དགུ་བར་ཡིན་ཚེ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནང“X”ཞེས་པ་ཐོན་མི་སྲིད། གལ་ཏེ་མཇུག་གི་ཚབ་ཨང10ཡིན་ཚེ“X”ཡིས་ཚབ་བྱས་ནས་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་བཟོ་གི་ཡོད་པ་རེད། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།