ཀྲུང་གོ་བོད་ཀྱི་དྲ་བ།

སྐྲན་ནད་ཕོག་པའི་དུས་མགོར་ཕལ་ཆེར་ནད་རྟགས་ཅི་ཡང་མེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ4བའི་ཚེས15ཉིན་གྱི་སྔ་དྲོར། 2021ལོའི་ཀྲུང་གོའི་སྐྲན་ནད་རིག་པའི་ཚོགས་འདུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཀྲིན་ཀྲོའུ་ནས་འཚོགས།

ཚོགས་ཐོག་ཏུ་ཆེད་མཁས་པས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། སྐྲན་ནད་ཕོག་མཁན་ནད་པ4ཡི་ནང་ཀྲུང་གོ་བ1རེ་ཡོད་པ་དང་། སྐྲན་ནད་ནི་མིའི་རིགས་ཀྱི་བདེ་ཐང་འཕྲོག་པའི་ལག་དམར་དང་པོ་དེར་གྱུར་ཡོད་ཅེས་བཤད། སྨན་པས་བཤད་ན། སྐྲན་ནད་ཕོག་པའི་དུས་མགོར་ཕལ་ཆེར་ནད་རྟགས་ཅི་ཡང་མེད་པས། སྐྲན་ནད་འགོག་པར་ངེས་བར་དུ་རྒྱུན་གཏན་དུ་ལུས་ཕུང་བརྟག་བཤེར་བྱེད་དགོས། ནད་རྟགས་ཐོན་པ་དང་སྨན་བཅོས་བྱེད་དུས་ཕལ་ཆེར་སྐྲན་ནད་ཀྱི་དུས་དཀྱིལ་དང་དུས་མཇུག་ཏུ་སླེབས་ཡོད་སྲིད། བཟའ་བཏུང་སྒྲིག་གཞི་འགྱུར་ལྡོག་ཆེ་བ་དང་བྱ་བའི་གནོན་ཤུགས་ལྕི་བ། དུང་འཁྱིལ་འབུ་སྲིན་འགོས་པ་སོགས་ཀྱི་རྐྱེན་པས་ཕོ་བའི་སྐྲན་ནད་དེ་ན་གཞོན་པའི་སྡེ་ལ་ཕོག་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། དུས་མགོའི་ཕོ་བའི་སྐྲན་ནད་ཀྱི་ལོ་ལྔའི་གསོན་ཐུབ་ཚད90%ཡན་ཡིན་ཡང་། དུས་མཇུག་དུ་སླེབས་པའི་ནད་པའི་གསོན་ཚད10%ཡང་མེད། དེ་བས་འཚོ་བའི་གོམས་གཤིས་མི་ཡག་པ་དང་ཁྱིམ་རྒྱུད་ཀྱི་ནད་རྒྱུན་ཡོད་པའི་མིས་ངེས་པར་དུ་སྐྲན་ནད་ཕོག་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།