ཀྲུང་གོ་བོད་ཀྱི་དྲ་བ།

གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་ནས་མིག་ནད་འདི་དག་ལ་དོགས་ཟོན་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གནམ་གཤིས་འགྱུར་ལྡོག་གིས་མིག་གི་བྱེད་ནུས་དང་མིག་ནད་ཁ་ཤས་ལ་ངན་ཤུགས་ཐེབས་པ་རེད། ཞིབ་འཇུག་ལས་མངོན་པ་ལྟར་ན། མིག་གི་བྱེད་ནུས་ནི་རླུང་གནོན་དམའ་བ་དང་དབྱང་དབུགས་དཀོན་པ་ལ་ཚོར་བ་ཧ་ཅང་སྐྱེན་པོ་ཡོད་པ་སྟེ། མི་གང་ཞིག་ས་དམའ་ས་ནས་མཐོ་སྒང་དུ་ཡོང་ན། མདོག་ཚོར་དང་དཀྱིལ་དབུས་མཐོང་གཟུགས། མཐའ་འཁོར་གྱི་མཐོང་གཟུགས། མུན་པར་འཕྲོད་ཤུགས་དང་མིག་ཤེད་སོགས་ལ་འགྱུར་ལྡོག་ངེས་ཅན་ཞིག་འབྱུང་བ་སྟེ། མཐོང་ཚོར་འགུལ་སྐྱོད་ཀྱི་འགྱུར་འབྱུང་མྱུར་དུ་ཇེ་དལ་དུ་འགྲོ་བ་དང་མཐོང་རྒྱ་ཇེ་དོག་ཏུ་འགྲོ་བ་རེད།

དེ་ལས་གཞན་ད་རུང་མིག་ནད་ཁ་ཤས་ཤིག་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཆེན་པོ་ཡོད།

དཔྱིད་དུས་ཀྱི་མིག་སྐྱིའི་གཉན་ཚད། མིག་ནད་འདི་རིགས་ནི་སྤྱིར་བཏང་དཔྱིད་ཀར་གནམ་གཤིས་ཇེ་དྲོར་སོང་ནས་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་པའི་སྐབས་སུ་འབྱུང་ཞིང་།སྐབས་དེའི་གནམ་གཤིས་ཇེ་དྲོར་སོང་བ་དང་འབྲེལ་བ་དམ་པོ་ཡོད།

མིག་ནད་ནང་གྲིབ། གནམ་གཤིས་དྲོན་པོ་ནས་ཇེ་འཁྱགས་སུ་འགྲོ་བའི་སྐབས་སུ།ཁྲག་ཤེད་དང་མིག་ཤེད་ཇེ་མཐོར་སོང་སྟེ།མིག་ནད་ནང་གྲིབ་དང་ཁྲག་རྡོལ་འབྱུང་སླ་བ་རེད།མིག་ནད་ནང་གྲུབ་ནི་སྤྱིར་བཏང་དགུན་ཁའི་ཆེས་འཁྱགས་པའི་དུས་སུ་འབྱུང་ཞིང་།མཁའ་རླུང་གྲང་མོ་བརྒྱུད་པ་དང་གྲང་བའི་མཐོ་གནོན་ཚོད་འཛིན་བྱས་ཡོད་པའི་གནམ་གཤིས་ཆ་རྐྱེན་འོག་འབྱུང་བ་ལས།དབྱར་ཁར་ནད་འདིའི་རིགས་ཧ་ཅང་ཉུང་།

མིག་ནད་ལིང་ཏོག མཁའ་རླུང་གྲང་དྲོད་གཉིས་ཀ་འབྲེལ་བའི་མཚམས་དང་ཡང་ན་དྲོད་རླངས་འཕྱུར་བའི་སྐབས་སུ།ཁྲག་རྩ་ཕྲ་མོ་རྒྱས་ཏེ་མིག་ནད་ལིང་ཏོག་ཇེ་སྡུག་ཏུ་འགྲོ་བ་རེད།སྐབས་རེར་ད་རུང་གཤག་བཅོས་བྱས་ཟིན་པའི་མིག་ནད་ལིང་ཏོག་གི་ཁྲག་རིལ་ཆུང་བ་འཐོར་བའི་ཉེན་ཁ་ཡོད།

འོད་ཚོར་མིག་ནད། གཙོ་བོ་མིག་ལྕིབས་དང་མིག་སྐྱི་སོགས་ལ་སྨུག་ཕྱིའི་ཐིག་དང་དམར་ཕྱིའི་ཐིག་གི་ཚོར་ལྷག་ལོག་པ་ཡིན་མོད།འོན་ཀྱང་མདོག་རྒྱུ་ཅུང་མང་བའི་མིའི་རིགས་ལ་ནད་འདི་མི་འབྱུང་བ་རེད།

མིག་དམར། ནད་འདི་ནི་དབྱར་སྟོན་དུས་ཚིགས་ཀྱི་ཚ་གདུག་ཆེས་ཆེ་བའི་སྐབས་སུ་འབྱུང་བ་ལས།དགུན་ཁར་ཧ་ཅང་ཉུང་།

གངས་ལོང་། ཁ་བ་བབས་རྗེས་ཀྱི་འོད་མདངས་དྲག་པོ་དེ་ལས་བྱུང་བའི་གནས་སྐབས་རང་བཞིན་གྱི་མིག་ཤུགས་ཉམས་པ།

དམིགས་བསལ་རང་བཞིན་གྱི་མིག་སྐྱིའི་འགྱུར་ལྡོག དེའི་ནང་གི་མང་ཆེ་ཤས་ནི་རྒྱུན་དུ་ཕྱི་རོལ་ནས་ལས་ཀ་ལས་ནས་མིག་སྐྱི་ལ་བྱེ་རླུང་གིས་གནོད་འཚེ་ཐེབས་པ་ལས་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།