གནམ་གྲུ་འཕུར་ཚད་ཇི་ལྟར་མཐོ་ན་ལེ་ཏས་དེ་ལྟར་ཚོར་དོན་ཅི།

སྲོལ་རྒྱུན་གྱི་དམག་སྤྱོད་གནམ་གྲུ་དང་དམངས་སྤྱོད་འགྲུལ་སྡོད་གནམ་གྲུའི་རིགས་དེ་རྒྱུན་པར་འཕུར་ཚད་ཇི་ཙམ་མཐོ་ན་དེ་ཙམ་གྱིས་བཟང་བར་བཤད། དམག་སྤྱོད་དམག་འཐབ་གནམ་གྲུ་བར་སྣང་དུ་འཐབ་འཛིང་བྱེད་པའི་སྐབས་སུ། གལ་ཏེ་དགྲ་ཕྱོགས་ཀྱི་གནམ་གྲུ་ལས་འཕུར་ཚད་མཐོ་བ་ཡིན་ན། མཐོ་ས་ནས་དགྲ་ཕྱོགས་ཀྱི་གནམ་གྲུར་འཐབ་པར་བཟང་ཆ་ཡོད། འགད་གཏོར་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ་འཕུར་སྐྱོད་བྱེད་པའི་གོ་རིམ་ཁྲོད། འཕུར་ཚད་ཇི་ལྟར་མཐོ་ན་དེ་ཙམ་གྱིས་དགྲ་ཕྱོགས་ཀྱི་གནམ་གྲུའི་འགད་གཏོར་དང་ས་ངོས་མེ་སྒྱོགས་ཀྱི་བཀག་འགོག་ལས་ཐར་བར་ཕན་པ་ཡོད། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་སྐབས་མཁའ་དབུགས་ཀྱི་འགོག་ཤུགས་ཉུང་ཞིང་རླུང་རྒྱུན་ཅུང་བརྟན་འཇགས་ཡིན་ན་གནམ་གྲུ་ཡམ་ཡོམ་འབྱུང་ཚད་ཉུང་བས། དམངས་སྤྱོད་འགྲུལ་སྡོད་གནམ་གྲུ་ཡང་འཕུར་ཚད་མཐོ་བ་རེད།འོན་ཀྱང་། དེང་རབས་སྔོན་འགོག་ཚོད་འཛིན་ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་པའི་གནམ་གྲུ་དེ་ལེ་ཏས་ཚོར་ནས་དགྲ་ཕྱོགས་ཀྱི་འཇབ་རྒོལ་ཐེབས་སླ་བ་རེད། དམའ་ས་ན་འཕུར་བཞིན་པའི་དམག་སྤྱོད་གནམ་གྲུ་ལ་འགད་གཏོར་གནམ་གྲུས་འཇབ་རྒོལ་ཐེབས་པ་དང་། མྱུལ་ཞིབ་གནམ་གྲུ་དམའ་རིགས་དུས་ཐོག་ཏུ་ཐོན་ནས་འཐབ་རྒོལ་ཐེབས་སྲིད།

འོ་ན། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་པའི་གནམ་གྲུ་དེ་ལེ་ཏས་ཚོར་དོན་ཅི་ཡིན་ཞེ་ན། ལེ་ཏའི་གློག་རླབས་ལ་གཞི་རྩའི་ཁྱད་ཆོས་ཤིག་ཡོད་པ་ནི་དྲང་ཐོག་བརྒྱུད་སྒྲོག་བྱེད་པ་ལས་ཡར་མར་ལ་དཀྱོགས་མི་ཤེས་པས་རེད། སའི་གོ་ལའི་ཕྱི་ངོས་ནི་དབུགས་ལྒང་གི་དབྱིབས་སུ་གནས་ཡོད་སྟབས། དམའ་ས་རུ་འཕུར་སྐྱོད་བྱེད་བཞིན་པའི་གནམ་གྲུར་ཚད་ངེས་ཅན་གྱི་བར་ཐག་ལས་གཞན་ལེ་ཏས་འཚོལ་ཞིབ་བྱེད་དཀའ་བ་རེད། དེའི་རྐྱེན་གྱིས་གནམ་གྲུས་བདེ་བླག་ངང་དམིགས་འཛུགས་དམིག་འབེན་ལས་འགན་ལེགས་འགྲུབ་བྱེད་ཐུབ་པར་མ་ཟད། དགྲ་ཕྱོགས་ཀྱི་འཇབ་རྒོལ་ཐེབས་པར་གཡོལ་ཐུབ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།