ཀྲུང་གོ་བོད་ཀྱི་དྲ་བ།

མཁའ་སྐྱོད་ལྭ་བར་བྱེད་ནུས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇིག་རྟེན་འཕུར་སྐྱོད་མཁན་གྱི་མཁའ་སྐྱོད་ལྭ་བར་རྒྱུས་ལོན་ཡོད་དམ། ང་ཚོས་ལྭ་བ་དེར་དེ་འདྲའི་ནུས་པ་མེད་པར་འདོད་མི་རུང་། དེ་ལ་ཚན་རིག་ལག་རྩལ་མང་པོ་འདུས་ཡོད་པར་མ་ཟད་ད་དུང་རིན་གོང་ཧ་ཅང་མཐོ་བས། འཁྲུལ་མེད་ཀྱི་ཚན་རྩལ་མཐོ་བའི་ཐོན་རྫས་ཤིག་རེད། བྱེད་ནུས་ཀྱི་ཆ་ནས་བཤད་ན། འཇིག་རྟེན་འཕུར་སྐྱོད་པ་དག་གི་ལྭ་བ་ནི་འཇིག་རྟེན་འཕུར་གྲུའི་སྡོད་ཁང་ལྟ་བུ་ཞིག་ཡིན་ལ། ཕྱི་ངོས་སུ་རྐྱོང་སྐུམ་གྱི་རང་བཞིན་ལྡན་པ་དང་ཕྱི་ནང་བརྩེགས་རིམ10ནས20བར་ཡོད། ལྗིད་ཚད་ལ་སྟོང་ཁེ50ཡོད་པ་དང་། བརྩེགས་རིམ་རེ་རེའི་བར་ལ་ཚ་འགོག་ཤེལ་གྱི་ཚི་སྣའི་རས་ཀྱིས་བརྒྱན་ཡོད། བར་སྣང་དུ་འགྱུར་རྡོ་མང་པོ་ཡོད་པས་གལ་ཏེ་མཐུག་པོ་མིན་ན་དྲས་རལ་སླ་བ་ཞིག་རེད། ལྭ་བ་མཐུག་པོ་ཡིན་ན་ད་གཟོད་འཇིག་རྟེན་ཁམས་ཀྱི་འཕྲོ་ཐིག་འགྱེད་འཕྲོ་དང་ཚ་མཐོ་འགོག་ཐུབ།

འཇིག་རྟེན་འཕུར་སྐྱོད་པའི་ལྭ་བའི་ནང་དུ་ཟ་མ་དང་གཅིན་སྐྱག་བཏང་ཆོག་པའི་ནུས་པ་དང་། ལག་པ་དང་པུས་མོ་སོགས་ཚིགས་རུས་ཀྱི་གནས་རྐྱོང་སྐུམ་བྱེད་དགོས་པས་འཇིག་རྟེན་འཕུར་སྐྱོད་ལྭ་བའི་ནང་དུ་སྦུ་གུ་དང་སྐུད་པ་སྣོལ་མར་གྲུབ་ཡོད། སྦུ་གུ་དེ་དག་ལ་མཁའ་དབུགས་དང་ཆུ་སྐྱེལ་འདྲེན་བྱེད་པའི་ནུས་པ་ལྡན་པ་དང་། འཇིག་རྟེན་འཕུར་སྐྱོད་པ་བར་སྣང་དུ་སྡོད་སྐབས་ལུས་སྟེང་དུ་གནོན་ཤུགས་མེད་ན་ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། འཇིག་རྟེན་འཕུར་སྐྱོད་པའི་ལྭ་བའི་སྟེང་དུ་གནོན་ཤུགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་ལས་གཞན་ད་དུང་འཕུར་སྐྱོད་པའི་ལྭ་བའི་སྟེང་དུ་ཕྱི་གསལ་ནང་གསལ་ཅན་གྱི་སྒོར་དབྱིབས་རྨོག་ཞྭ་ཡོད་ལ། དེར་དམར་ཕྱིའི་འོད་ཐིག་འགོག་པའི་ནུས་པ་ལྡན།

འཇིག་རྟེན་འཕུར་སྐྱོད་པའི་ལྭ་བའི་སྟེང་དུ་ད་དུང་རྒྱབ་ཁུག་ཆེན་པོ་ཞིག་ཡོད་པ་དེར་ཁ་མིག་མང་པོ་ཡོད། ཁ་མིག་དེ་དག་ལས་ཁ་ཕྱོགས་མི་འདྲ་བའི་རླུང་འབུད་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ནུས་པ་བེད་སྤྱད་ནས། འཕུར་སྐྱོད་པ་སྟེང་འོག་དང་། གཡས་ཡོན་ལ་རང་དབང་གིས་འགུལ་སྐྱོད་བྱེད་ཐུབ་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།