ཀྲུང་གོ་བོད་ཀྱི་དྲ་བ།

དགུན་གསུམ་པར་ལུས་ཟུངས་གསོ་བའི་ཕན་ནུས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཤད་རྒྱུན་དུ།“དགུ་བརྩི་གྲང་ངར་ཆེ་བའི་དུས། ། དགུ་གསུམ་དུས་ནི་ཧ་ཅང་གྲང་། །”ཞེས་པ་ལྟར། དགུ་གསུམ་པ་ནི་ལོ་གཅིག་གི་དུས་ཡུན་ནང་ཆེས་གྲང་བའི་དུས་ཡིན་པས། ལོ་ན་མཐོ་ཞིང་ལུས་སྟོབས་ཞན་པ་རྣམས་ལ་ནད་ཕོག་སླ་བའི་དུས་ཚིགས་ཤིག་ཀྱང་ཡིན། ཀྲུང་ལུགས་གསོ་བ་རིག་པའི་སྨན་པ་ཝང་ཞང་ཧྲང་གིས་བཤད་པ་ལྟར་ན། དགུ་གསུམ་པ་ནི་མིའི་ལུས་སྟེང་གི་གདགས་རླུང་ཆེས་ཞན་པའི་དུས་ཡིན་ལ། ལོ་གཅིག་གི་དུས་བཞིའི་ཁྲོད་གདགས་རླུང་གསོ་སྐྱོང་དང་གསོག་འཇོག་བྱེད་པའི་གོ་སྐབས་ལེགས་ཤོས་ཀྱང་ཡིན། སྐབས་དེར་ཀྲུང་ལུགས་གསོ་བ་རིག་པའི་གཞུང་གི་ནད་བབ་དང་བསྟུན་ནས་སྨན་བཅོས་བྱས་ན། ལུས་སྟེང་གི་གདགས་རླུང་སྐུལ་སླ་བར་མ་ཟད། དགེ་སྤེལ་ངན་འཇོམས་ཀྱི་ནུས་པ་ཐོན་ནས་ལུས་སྟེང་གི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ། ལོ་ན་མཐོ་བ་དང་ལུས་སྟོབས་ཞན་པ། དལ་གཤིས་ནད་ཡོད་པའི་ནད་པ། གྲང་ངར་ལ་སྐྲག་པའི་བུད་མེད་བཅས་ཀྱིས་དགུ་གསུམ་པའི་སྙོམ་སྒྲིག་གི་གོ་སྐབས་ལེགས་ཤོས་དམ་འཛིན་བྱས་ཏེ། ཀྲུང་ལུགས་གསོ་བ་རིག་པའི་བྱེད་ཐབས་སྤྱད་ནས་ལུས་སྟོབས་ཞན་པ་སྙོམ་སྒྲིག་བྱས་ན་ལས་ཆུང་ཕན་ཆེའི་སྒོ་ནས་རིམས་ནད་སྔོན་འགོག་གི་ཕན་འབྲས་ཆེན་པོ་འདོན་ཐུབ་པ་རེད།

དགུན་དུས་ལུས་ཕུང་གསོ་ན་བཅུད་འདུས་སྦྱར་སྨན་གདམ་དགོས།

དགུན་དུས་ལུས་ཕུང་གསོ་ན་བཅུད་འདུས་སྦྱར་སྨན་གདམ་དགོས། བཅུད་འདུས་སྦྱར་སྨན་ནི་ལུས་ཕུང་གསོ་བ་དང་འགོག་བཅོས་གསོ་བཅོས་ཀྱི་ཕྱོགས་བསྡུས་ནུས་པ་ལྡན་པའི་སྨན་རྫས་ཤིག་ཡིན་ལ། དེར་ལུས་ཕུང་གི་ཟུངས་བཅུད་སྙོམ་སྒྲིག་དང་ནད་གཞི་གསོ་བཅོས་བྱེད་པའི་ནུས་པ་ཡོད། དགུ་གསུམ་པའི་སྐབས་སུ་ཀྲུང་ལུགས་གསོ་བ་རིག་པའི་བཅུད་འདུས་སྦྱར་སྨན་སྤྱད་ནས་ལུས་ཟུང་སྙོམ་སྒྲིག་བྱས་ན། ལུས་ཁམས་ཀྱི་གདགས་རླུང་དུས་ཐོག་ཏུ་ཁ་གསབ་བྱེད་ཐུབ་པ་དང་། གྲང་རླུང་གི་འཇབ་རྒོལ་འགོག་སྲུང་བྱེད་ཐུབ་པར་མ་ཟད། ད་དུང་ཁྲག་དྭངས་པ་དང་ལུས་སྟོབས་རྒྱས་པར་ཕན་པ་ཡོད། དེ་མིན་རིམས་ནད་འབྱུང་བར་སྔོན་འགོག་གི་ནུས་པ་ཡོད་པས་ལུས་ཕུང་བདེ་ཐང་མིན་པའི་མི་རྣམས་ལ་ཆེས་དགོས་མཁོ་ཆེ་བའི་སྨན་ཞིག་ཡིན།

དུས་བཞིའི་འགྲོས་དངབསྟུན་ཞིང་དགུན་དུས་ལུས་ཁམས་གསོ་བ་ཞེས་པ་ནི་དགུན་དུས་སུ་བཅུད་འདུས་སྦྱར་སྨན་ལ་བསྟེན་ནས་ལུས་ཁམས་བདེ་སྲུང་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཀྲུང་ལུགས་གསོ་བ་རིག་པའི་བཅུད་འདུས་སྦྱར་སྨན་མི་ཚང་མར་འཕྲོད་པའི་ངེས་པ་མེད་པས་སྨན་པའི་ངག་བཞིན་བསྟེན་དགོས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།