མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(སོ་ལྔ།)

སོ་ལྔ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཞིབ་ཕྲའི་བྱེད་ཐབས་གང་དག་སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་བདེན་པ་དང་གནད་ལ་འཁེལ་བར་འགན་ལེན་བྱེད་དགོས་སམ།

གཅིག་ནི་འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚན་ཆུང་བཙུགས་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་རྩ་འཛུགས་དང་ལག་བསྟར་བྱེད་སྐབས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཇུས་ཐག་གཅོད་པའི་འགན་འཁུར་དགོས། ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དུ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་འཛུགས་རྒྱུ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་པའི་ཞིབ་ཕྲའི་འགན་འཁྲི་འཁུར་བ། རིམ་པ་ཁག་གི་ས་གནས་མི་དམངས་སྲིད་གཞུང་གིས་བབ་བསྟུན་གྱིས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་དང་གཞུང་ལས་ཁང་བཙུགས་ནས་ས་ཁུལ་དེ་གའི་ཡོངས་ཁྱབ་ཞིབ་བཤེར་གྱི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། སྲང་ལམ་དོན་གཅོད་ཁང་དང་། ཤང་དང་གྲོང་རྡལ་སྲིད་གཞུང་། སྡོད་དམངས་ཨུ་ཡོན་ལྷན་ཁང་། གྲོང་མིའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་ཞུགས་པ་དང་དེར་གཞོགས་འདེགས་ནན་ཏན་བྱེད་པར་རྒྱ་ཁྱབ་ཏུ་ཁྲིད་སྟོན་དང་སྐུལ་སློང་། རྩ་འཛུགས་བཅས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་བྱ་བ་ལེགས་པོར་སྒྲུབ་དགོས།

གཉིས་ནི་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་གིས་ཆེད་དམིགས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་བཙུགས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བདག་སྤྲོད་བྱེད་པའི་འགན་འཁུར་རྒྱུ་དང་། ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ལ་ཁྲིམས་ལྟར་ཐད་ཀར་བརྟག་དཔྱད་བྱེད་དགོས་པ་མ་ཟད། བསྡོམས་རྩིས་ལས་ཁུངས་རིམ་པ་ཁག་གིས་ཁྲིམས་ལྟར་ཁྲིམས་བསྟར་ཞིབ་བཤེར་བྱེད་པར་ལྟ་སྐུལ་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་སྤུས་ཚད་ཁུངས་འདེད་དང་འགན་འཁྲི་རྩད་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་བྱ་བའི་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྩད་ཞིབ་དང་ཐག་གཅོད་ཀྱིས་བརྡ་ཁྱབ་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་བར་འགོག་རྐྱེན་བཟོ་བའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》དང་འགལ་བར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པའམ་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའི་བསྡོམས་རྩིས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་འགན་འཁྲི་འཁུར་མཁན་ལ་བསྡོམས་རྩིས་ལས་ཁུངས་ཀྱིས་གཏན་འབེབས་ལྟར་ཆད་པ་གཅོད་པའི་གྲོས་གཞི་བཏོན་ནས་དུས་ཐོག་ཏུ་བསྐོ་འཐེན་ལས་ཁུངས་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་སམ་ཡང་ན་རྩ་འཛུགས་(མི་དོན་)སྡེ་ཚན་ལ་སྤྲོད་དགོས།

གསུམ་ནི་སྤུས་ཚད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཡོངས་ཁྱབ་ཞིབ་བཤེར་གྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཚན་རིག་དང་མཐུན་པའི་ཡོངས་ཁྱབ་ཞིབ་བཤེར་ཇུས་གཞི་བཟོ་བ་དང་། ཡོངས་ཁྱབ་ཞིབ་བཤེར་མི་སྣས་ནན་ཏན་གྱིས་གསོ་སྦྱོང་། ནན་ཏན་གྱིས་ཡོངས་ཁྱབ་ཞིབ་བཤེར་ཇུས་གཞི་ལག་བསྟར། གློག་རྡུལ་ཅན་གྱི་གཞི་གྲངས་འཚོལ་བསྡུ་བྱེད་སྟངས་ཕྱོགས་ཡོངས་ནས་སྤྱོད་པ། སྡེ་ཁག་གི་སྲིད་འཛིན་ཟིན་ཐོ་དང་གཞི་གྲངས་ཆེན་མོ་བེད་སྤྱོད་གང་ལེགས་བྱེད་པ། སྤུས་ཚད་ལ་འཐེན་བཤེར་དང་བྱ་བའི་ཞིབ་བཤེར་ལ་ནན་ཏན་གྱིས་ཤུགས་སྣོན་པ་བཅས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་བྱ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་དང་ཤེས་རྟོགས་གཏིང་ཟབ་སྒོས་ཡོངས་ཁྱབ་ཞིབ་བཤེར་ལ་གཞོགས་འདེགས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གཞི་གྲངས་སྙན་ཞུའི་སྤུས་ཚད་ནན་ཏན་གྱིས་མཐོ་རུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།