ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(སོ་གསུམ། སོ་བཞི།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སོ་གསུམ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁོངས་སུ་ཞུགས་པའི་ད་ཡོད་དམག་མིའམ་ཡང་ན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཇི་ལྟར་ཐོ་འགོད་བྱེད་དགོས་སམ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁོངས་སུ་ཞུགས་པའི་དངོས་ཡོད་དམག་མི་དང་དྲག་ཆས་ཉེན་རྟོག་དམག་དཔུང་མི་སྣ། དེ་བཞིན་དམག་དཔུང་གིས་དོ་དམ་བྱེད་པའི་ལས་བྲལ་ལས་འཁྱུར་མི་སྣ་བཅས་ལ་དམག་ཨུ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་རིགས་སྡེ་ཁག་གིས་གཅིག་གྱུར་ཐོག་ཡོངས་བཤེར་དང་ཕྱོགས་བསྡུས་བྱེད་དགོས།

དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་ལས་ཁུངས་སོ་སོའི་ནང་གི་ཞབས་ཞུའི་ལས་བཟོ་པ་དང་། ཡིག་རིགས་ལས་འགན་འཁུར་མཁན། དངོས་མིན་གཞུང་ཞབས་པ་དང་། དེ་བཞིན་ཁྱིམ་མི་དང་བུ་རྫི་སོགས། དམག་དཔུང་དང་དྲག་ཆས་ཉེན་རྟོག་སྒར་ནང་གནས་སྡོད་བྱེད་པའི་རིགས། ས་གནས་དེ་གའི་ཡོངས་བཤེར་ལས་ཁུངས་ཀྱིས་མཐུན་སྦྱོར་བྱེད་པའི་འགན་འཁུར་བ་དང་། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཡོངས་བཤེར་བྱེད་པར་འགན་འཁུར་དགོས། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་སྒར་ནང་དུ་གནས་སྡོད་བྱས་མེད་རིགས་ལ་ས་གནས་ཡོངས་བཤེར་ལས་ཁུངས་ཀྱིས་ཡོངས་བཤེར་བྱེད་འགན་འཁུར་དགོས། །

སོ་བཞི། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞི་ཇི་ལྟར་ཁྱབ་བསྒྲགས་དང་དོ་དམ་བྱེད་དགོས་སམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཕྱོགས་བསྡུས་དཔྱད་ཡིག་ཁྲིམས་ལྟར་གསང་སྲུང་བྱེད་དགོས་པ་ཕུད་གཞན་ཡོངས་བསྒྲགས་བྱེད་དགོས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་གཅིག་བསྡུས་དང་གཅིག་གྱུར་གྱིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཀྱི་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱ་ཆེད། རྒྱལ་ཡོངས་དང་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག  ཐད་གཏོགས་གྲོང་ཁྱེར་ཁག་བཅས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་གཙོ་བོ་དག་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་སྤྱི་བསྒྲགས་ཀྱི་རྣམ་པའི་ཐོག་ནས་སྤྱི་བསྒྲགས་བྱེད་དགོས། ཡོངས་བཤེར་ལས་དོན་གྱི་འཕེལ་རིམ་བླང་བྱ་གཞིར་བཟུང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མི་འབོར་ཡོངས་བཤེར་གཞུང་ལས་ཁང་གིས2021ལོའི་ཟླ4པར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་བཤེར་ཐེངས་བདུན་པའི་གཞི་གྲངས་གཙོ་བོའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱེད་དགོས། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག ཐད་གཏོགས་གྲོང་ཁྱེར་ཁག་བཅས་ཀྱི་གཞི་གྲངས་གཙོ་བོ་རྒྱལ་ཁབ་སྤྱི་བསྒྲགས་འགྲེམས་སྤེལ་བྱས་རྗེས་ཁྱབ་བསྒྲགས་བྱེད་དགོས། ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་མི་འབོར་གཙོ་བོ་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་གཞི་གྲངས་སྤྱི་བསྒྲགས་བྱེད་སྐབས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་གིས2021ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཆ་ཚང་ཕྱོགས་བསྡུས་ལས་དོན་ལེགས་སྒྲུབ་བྱེད་པ་དང་། མཇུག་མཐར་གཞི་གྲངས་དང་དཔྱད་ཡིག་པར་སྐྲུན་བྱེད་དགོས། དུས་མཚུངས་སུ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གཞུང་ཕྱོགས་དྲ་ཚིགས་སྟེང་ཡོངས་བསྒྲགས་བྱས་ནས་སྤྱི་དམངས་ཀྱིས་སྤྱོད་རྒྱུར་མཁོ་འདོན་བྱེད་དགོས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཞིབ་ཕྲའི་གཞི་གྲངས་དེ་གཞི་གྲངས་མཛོད་དུ་མིང་བཀབ་ནས་ཐག་གཅོད་བྱས་རྗེས་སྒོ་དབྱེ་བེད་སྤྱོད་བྱེད་ཆོག་པར་གཏོང་བ་དང་། ཀྲུང་དབྱང་པུའུ་ཨུ་དང་། ཚན་ཞིབ་སྒྲིག་གཞི། མཐོ་རིམ་སློབ་གྲྭ་སོགས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བེད་སྤྱོད་གཏོང་བའི་རེ་ཞུ་བྱས་ཆོག །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།