ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ཉེར་གཅིག )

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཉེར་གཅིག  2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། ད་ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་དེ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་གང་དག་ཡོད་དམ།

 རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སུ་སླེབས་སྐབས་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་རེད།

ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས6བྱས་ཤིང་། མི་འབོར་གྱི་རྨང་གཞིའི་གཞི་གྲངས་འབོར་ཆེན་ཐོབ་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་ཆེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།

དེང་སྐབས། རང་རྒྱལ་ནི་“བརྒྱ་ལོ་གཉིས་”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ་གནས་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་རྒྱལ་ཕམ་ཐག་གཅོད་ཀྱི་དུས་རིམ་དུ་སླེབས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འཛུགས་གྲབས་ཡོད། དམིགས་བསལ་གྱི་དུས་སྐབས་གལ་ཆེན་འདི་འདྲར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་སྤེལ་བར། མི་འབོར་ཡོངས་ཁྱབ་ཞིབ་བཤེར་རིམ་བྱུང་དང་བསྡུར་ཚེ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ལོ་ལྔ་ཚན་བཅུ་བཞི་པ་ཇུས་འགོད་བྱེད་པར་ཆ་འཕྲིན་གྱི་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱས་པ་བརྒྱུད་རང་རྒྱལ་གྱི་མི་འབོར་གྱི་གྲངས་འབོར་དང་། གྲུབ་ཚུལ། ཁྱབ་ཚུལ་བཅས་ཕྱོགས་ཡོངས་ནས་རྩད་གཅོད་གསལ་པོ་བྱས་ཏེ། མི་འབོར་འགྱུར་ལྡོག་རང་བཞིན་གྱི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་མི་འབོར་ཆ་འཕྲིན་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆ་འཕྲིན་གྱི་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར འཕར་སྣོན་སྒུལ་ཤུགས་བསྒྱུར་བ་བཅས་ཀྱི་འགག་སྒྲོལ་དུས་སྐབས་སུ་གནས་ཡོད་པས། མི་འབོར་གྱི་བསྡོམས་གྲངས་དང་། གྲུབ་ཚུལ། ཁྱབ་ཚུལ་བཅས་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དུས་ཐོག་ཏུ་རྩད་གཅོད་གསལ་པོ་བྱས་ནས། མི་ཤུགས་ཐོན་ཁུངས་གྲུབ་ཚུལ་གྱི་ཆ་འཕྲིན་གསལ་རྟོགས་བྱས་ན། ད་གཟོད་སྔར་ལས་ལྷག་པའི་སྒོ་ནས་དགོས་མཁོའི་གྲུབ་ཚུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ། ས་ཁོངས་ཀྱི་གྲུབ་ཚུལ། ཐོན་ལས་གྲུབ་ཚུལ་སོགས་པའི་གནས་ཚུལ་ཡང་དག་པར་ཁོང་དུ་ཆུད་ཐུབ་རྐྱེན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།

མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་ཆ་འཕྲིན་གྱི་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས། 2010ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་བྱས་ཚུན། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་འགྲོ་བའི་ནང་གནས་སྒུལ་ཤུགས་དང་ཕྱིའི་ཆ་རྐྱེན་ལ་འགྱུར་ལྡོག་མངོན་གསལ་བྱུང་ནས་ཁ་ཕྱོགས་འགྱུར་མཚམས་ཀྱི་འགྱུར་ལྡོག་གལ་ཆེན་བྱུང་ཡོད། སྤྱིའི་འཆར་འགོད་ཀྱི་མི་འབོར་འཕར་ཚད་ཀྱི་གོམས་པའི་རང་བཞིན་ཞན་དུ་སོང་བ་དང་། ངལ་རྩོལ་ལོ་ཚད་ལོན་པའི་མི་འབོར་མར་ཆག་པ། ལོ་ན་རྒན་པ་རྒས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་ཡོད། མི་འབོར་ཡོངས་བཤེར་བྱས་ནས་མི་འབོར་འཕར་བ་དང་། ངལ་རྩོལ་ནུས་ཤུགས་མཁོ་སྤྲོད། ཕྱོགས་འགྲུལ་མི་འབོར་འགྱུར་ལྡོག་འགྲོ་ཚུལ་བཅས་ཤེས་རྟོགས་བྱེད་དགོས། ལོ་ན་ན་རྒན་པའི་མི་འབོར་གྱི་གཞི་ཁྱོན་གསལ་རྟོགས་བྱས་ཚེ་འབྱུང་འགྱུར་རང་རྒྱལ་གྱི་མི་འབོར་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་རྒྱུར་ཕན་ཐོགས་ཡོད་པས། མི་འབོར་གྱི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། མི་འབོར་གྱི་གྲུབ་ཆ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།