ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(བཅུ་དགུ། ཉི་ཤུ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 བཅུ་དགུ། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ལ་“མི་ལ་ཞིབ་བཤེར་”བྱེད་དགོས་པ་ལས་ད་དུང་“ཁང་པར་ཞིབ་བཤེར་”བྱེད་དགོས་སམ།

སྡོད་ཁང་གི་“མི་ལ་ཞིབ་བཤེར་བྱེད་པ་”ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་མི་འབོར་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱེད་པའི་ཐབས་ཤེས་ཤིག་ཡིན། རྒྱུ་མཚན་ནི་མི་ཚང་མ་ཁང་པའི་ནང་བསྡད་ཡོད་པས་ཡིན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་“ཁང་པར་ཞིབ་བཤེར་”བྱེད་པའི་དམིགས་ཡུལ་ནི་མི་འབོར་ལ་ཞིབ་བཤེར་ཡང་དག་བྱེད་པའི་ཆེད་དུ་ཡིན་པ་མ་ཟད། དུས་མཚུངས་སུ་མི་འབོར་སྡོད་གནས་ཀྱི་གནས་ཚུལ་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱིས་མི་འབོར་སྤྱིའི་སྡོད་གནས་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། 2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་ནས་བཟུང་། ཞིབ་བཤེར་དྲི་ཤོག་ནང་སྡོད་གནས་ཀྱི་གནས་ཚུལ་དང་། འཚོ་བའི་སྒྲིག་བཀོད། ཁང་གླའི་ཆུ་ཚད་སོགས་མི་དམངས་ཀྱི་འཚོ་བ་དང་འབྲེལ་བའི་གནད་དོན་ཚུད་ཡོད། ཐེངས་འདིའི་འབྲེལ་ཡོད་དམིགས་ཚད་སྔར་བས་འཐུས་ཚང་དུ་བཏང་ནས་མིག་སྔའི་མི་འབོར་གྱི་སྡོད་གནས་གནས་ཚུལ་དེ་བས་ལེགས་པའི་སྒོ་ནས་མཚོན་པར་བྱེད་དགོས།

 ཉི་ཤུ།  ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་སྐྱེས་པའི་མི་འབོར་དང་འདས་པོའི་མི་འབོར་ཐོ་འགོད་ཇི་ལྟར་བྱེད་དགོས་སམ།

《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཇུས་གཞི་》ཡི་ནང་། 2019ལོའི་ཟླ11པའི་ཚེས1ཉིན་ནས2020ལོའི་ཟླ10པའི་ཚེས31ཉིན་བར་འདས་པའི་མི་འབོར་ཡོད་པའི་དུད་ཚང་གིས་ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་ཐུང་ངུ་ཐོ་འགོད་བྱེད་དགོས། ཕྲུ་གུ་བཙའ་དུས་ཚེ་སྲོག་གི་སྣང་ཚུལ་ཡོད་པའི་(དཔེར་ན་ཕྲུ་གུ་ཨ་མའི་མངལ་ལས་བཙའ་དུས་ཀྱི་དབུགས་ལེན་སྟངས་དང་སྙིང་ལྡིང་ཚད། ལྟེ་ཐག་འཕར་འགུལ་དང་གང་འདོད་ཤ་གྲིམ་འཁུམ་འདུ་སོགས་)མི་འགྱངས་པར་འཆི་བའི་ཕྲུ་གུ་དང་། སྐྱེས་པའི་ཉིན་གྲངས། འཆི་བའི་མི་གྲངས་སོགས་ཆད་ལྷག་མེད་པར་ཐོ་འགོད་བྱེད་དགོས།

《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཇུས་གཞི་》ཡི་ནང་། 2019ལོའི་ཟླ11པའི་ཚེས1ཉིན་ནས2020ལོའི་ཟླ10པའི་ཚེས31ཉིན་བར་འདས་པའི་མི་འབོར་ཡོད་པའི་དུད་ཚང་གིས་《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་འདས་པའི་མི་འབོར་ཞིབ་བཤེར་རེའུ་མིག》ཐོ་འགོད་བྱེད་དགོས། གལ་ཏེ་འདས་ཟིན་པའི་ལོ་གཅིག་ནང་ཞིབ་བཤེར་བྱ་ཡུལ་དུད་ཚང་དུ་ཚེ་ལས་འདས་པའི་མི་ཡོད་ཚེ། ཁོང་(མོ་)ཚེ་ལས་འདས་པའི་ས་གནས་གང་ཡིན་ཡང་ཁོང་(མོ་)ཁྱིམ་བདག་དང་གཉེན་ཉེའི་འབྲེལ་བ་ཡོད་མེད་ལ་མ་བལྟོས་པར་ཚེ་ལས་མ་འདས་སྔོན་གྱི་ཞིབ་བཤེར་བྱ་ཡུལ་གྱི་དུད་ཁྱིམ་གང་ཡིན་པ་སོགས་ཚང་མ་ཐོ་འགོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།