ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ། (བཅུ་བདུན། བཅོ་བརྒྱད།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཅུ་བདུན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་རིགས་དུ་ཡོད་དམ།

ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་མི་འདྲ་བར་གཞིགས་ནས། ཞིབ་ཕྲའི་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་རིགས་བཞི་རུ་དབྱེ་ཡོད། དེ་དག་སོ་སོ་ནི་ 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་རེའུ་མིག་》 (གཤམ་དུ་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ཐུང་ངུ་ཞེས་བསྡུ་རྒྱུ། ) 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་རེའུ་མིག་རིང་པོ།》(གཤམ་དུ་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་རིང་པོ་ཞེས་བསྡུ་རྒྱུ། ) 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཀང་ཨའོ་ཐའེ་ཡི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣ་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་》(གཤམ་དུ་ཀང་ཨའོ་ཐའེ་ཡི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣ་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ཅེས་བསྡུ་རྒྱུ།) 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་འདས་པོའི་མི་གྲངས་ཞིབ་བཤེར་རེའུ་མིག》(གཤམ་དུ་འདས་པོའི་མི་གྲངས་ཞིབ་བཤེར་རེའུ་མིག་ཅེས་བསྡུ་རྒྱུ་)བཅས་ཡིན།

དེའི་ནང་ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་ཐུང་ངུ་ནི་དུད་ཚང་(ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣ་ནང་དུ་ཚུད་མེད)ཡོངས་ཀྱིས་རེའུ་མིག་འགོད་དགོས་པ་དང་། ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་རིང་པོའི་ནང་དུད་ཚང་ཡོངས་(ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣ་ནང་དུ་ཚུད་མེད་)ལས་དུད་ཚང10%བདམས་ཏེ་རེའུ་མིག་འགོད་དགོས་ལ། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣ་མི་སྣའི་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ནི་མངའ་ཁོངས་སུ་སྡོད་པའི་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣས་རེའུ་མིག་འགོད་དགོས། འདས་པོའི་མི་འབོར་ཞིབ་བཤེར་རེའུ་མིག་ནི2019ལོའི་ཟླ11པའི་ཚེས1ཉིན་ནས2020ལོའི་ཟླ10པའི་ཚེས31ཉིན་བར་འདས་པའི་མི་འབོར་ཡོད་པའི་དུད་ཚང་གིས་རེའུ་མིག་འགོད་དགོས་པ་རེད། །

བཅོ་བརྒྱད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ཐེངས་བདུན་པའི་ནང་དོན་གཙོ་བོ་ཅི་ཡིན།

རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐོ་འགོད་ཐེངས་བདུན་པའི་ནང་དོན་གཙོ་བོའི་ནང་རུས་མིང་དང་སྤྱི་དམངས་ཐོབ་ཐང་ལག་ཁྱེར་ཨང་གྲངས། ཕོ་མོ། ན་ཚོད། མི་རིགས། སློབ་གསོའི་བྱང་ཚད། ལས་རིགས། ལས་གནས། གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། འདས་པོ། སྡོད་ཁང་གི་གནས་ཚུལ་སོགས་ཚུད་ཡོད།

རིགས་མི་འདྲ་བའི་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ལ་ཡོངས་ཁྱབ་ཞིབ་བཤེར་གྱི་རྣམ་གྲངས་མི་འདྲ་བ་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་ལ་ཁྱོན་རྣམ་གྲངས19ཡོད་ཅིང་། དུད་ཚང་ལྟར་རེའུ་མིག་འགོད་པའི་རྣམ་གྲངས7ཡོད་པ་དང་། མི་ལྟར་རེའུ་མིག་འགོད་པའི་རྣམ་གྲངས12ཡོད་ལ། དེའི་ནང་དུད་ཚང་དང་སྡོད་དམངས་མི་འབོར་གྱི་གཞི་རྩའི་གནས་ཚུལ་ཚུད་ཡོད། ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་རིང་པོ་ལ་ཁྱོན་རྣམ་གྲངས48ཡོད་པ་དང་། དུད་ཚང་ལྟར་རེའུ་མིག་འགོད་པའི་རྣམ་གྲངས19དང་། མི་ལྟར་རེའུ་མིག་འགོད་པའི་རྣམ་གྲངས29ཡོད། ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ཐུང་ངུའི་རྣམ་གྲངས་དང་མི་འབོར་གྱི་དཔལ་འབྱོར་བྱེད་སྒོ། གཉེན་སྒྲིག་བུ་བཙའ་དང་སྡོད་ཁང་སོགས་ཀྱི་གནས་ཚུལ་ཡོད་པའི་རྣམ་གྲངས་ཚང་མ་ནང་དུ་ཚུད་ཡོད། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་ཕྱི་རྒྱལ་གྱི་མི་སྣའི་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ལ་ཁྱོན་རྣམ་གྲངས16ཡོད་ལ། དུད་ཚང་ལྟར་རེའུ་མིག་འགོད་པའི་རྣམ་གྲངས4ཡོད་པ་དང་། མི་ལྟར་རེའུ་མིག་འགོད་པའི་རྣམ་གྲངས12ཡོད། དེའི་ནང་མི་འབོར་གྱི་གཞི་རྩའི་གནས་ཚུལ་མཚོན་པའི་རྣམ་གྲངས་དང་དེ་བཞིན་ནང་ལོག་ཏུ་(སྐམ་ས་ཆེན་པོ)ཡོང་བའམ་ཡང་ན་ཀྲུང་གོར་ཡོང་བའི་དམིགས་ཡུལ་དང་། གཞི་སྡོད་ཀྱི་དུས་ཚོད། ཐོབ་ཐང་ངམ་རྒྱལ་ཁོངས། ལས་ཞུགས་གནས་ཚུལ་སོགས་ཀྱི་རྣམ་གྲངས་ཚུད་ཡོད། འདས་པོའི་མི་འབོར་ཞིབ་བཤེར་རེའུ་མིག་ལ་ཁྱོན་རྣམ་གྲངས8ཡོད་པ་དང་། དེའི་ནང་འདས་པོའི་མི་འབོར་གྱི་གཞི་རྩའི་ཆ་འཕྲིན་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།