མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(བཅུ།)

བཅུ། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་དུས་ཚོད་ཇི་ལྟར་བཀོད་སྒྲིག་བྱས་ཡོད་དམ།

ཐེངས་འདིའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་དུས་ཚོད་ནི2020ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཡིན། གཏན་འབེབས་འདི་གཞིར་བཟུང་ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ་དུས་མཚམས་གསུམ་ལ་དབྱེ་ཡོད།

གཅིག་ནི་གྲ་སྒྲིག་གི་དུས་རིམ་(2019ལོའི་ཟླ10པ་ནས2020ལོའི་ཟླ10པའི་བར)ཡིན། དུས་རིམ་འདིའི་ལས་དོན་གཙོ་བོ་ནི་རིམ་པ་ཁག་གི་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་སྒྲིག་འཛུགས་དང་། ཡོངས་ཁྱབ་ཞིབ་བཤེར་ཇུས་གཞི་དང་བྱ་བའི་འཆར་གཞི་བཟོས་ཏེ་ཡོངས་བཤེར་ཚོད་ལྟ་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་གྱི་འགྲོ་གྲོན་དང་དངོས་ཟོག་དོན་འཁྱོལ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་དྲིལ་སྒྲོག་བྱེད་པ། གསོ་སྦྱོང་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིད་སྟོན་པ་དང་ཡོངས་ཁྱབ་ཞིབ་བཤེར་མཁན་འདེམས་པ། ཡོངས་ཁྱབ་ཞིབ་བཤེར་ས་ཁོངས་དབྱེ་འབྱེད་དང་དཔེ་རིས་བཟོ་བ། ཁྱིམ་ཐོ་དག་ཐེར་དང་མཐིལ་རྟོགས་སོགས་བྱེད་པ། ལས་དོན་འདི་དག2020ལོའི་ཟླ10པའི་ཚེས31ཉིན་གྱི་སྔོན་ལ་ལེགས་འགྲུབ་འབྱུང་བཅུག་ནས་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་དུས་བཀག་ལྟར་སྤེལ་ཐུབ་པར་འགན་ལེན་དགོས།

གཉིས་ནི་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དུས་རིམ(2020ལོའི་ཟླ11པ་ནས་ཟླ12པའི་བར)ཡིན། དུས་མཚམས་འདིའི་ལས་དོན་གཙོ་བོ་ནི་དུད་ཚང་དུ་ཕྱིནས་ནས་ཐོ་འགོད་བྱེད་པ་དང་། བསྐྱར་ཞིབ་བྱས་ནས་གཞི་གྲངས་སྤུས་ཚད་འཐེན་བཤེར་བྱེད་དགོས། འདི་ནི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཧྲིལ་པོའི་ནང་གི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ལ་བྱ་བའི་འབོར་ཚད་ཆེ་ཤོས་དང་སྐུལ་སློང་བྱེད་ཤུགས་ཆེ་ཤོས། ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་སྤུས་ཚད་ཐད་ཀར་ཐག་གཅོད་པ་བཅས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན།

གསུམ་ནི་གཞི་གྲངས་ཕྱོགས་བསྡུས་དང་ཁྱབ་བསྒྲགས་བྱེད་པའི་དུས་རིམ། (2020ལོའི་ཟླ12པ་ནས2022ལོའི་ཟླ12པའི་བར་ཡིན། ) དུས་རིམ་འདིའི་བྱ་བ་གཙོ་བོ་ནི་གཞི་གྲངས་སྒྲིག་གཅོད་དང་དཔྱད་དཔོག སྤྱི་བསྡོམས། གཞི་གྲངས་གཙོ་བོའི་སྤྱི་བསྒྲགས་ཁྱབ་བསྒྲགས་དང་། ཡོངས་ཁྱབ་ཞིབ་བཤེར་དཔྱད་གཞི་གསར་སྤེལ་བེད་སྤྱོད་བྱེད་པ་སོགས་ཡིན། །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།