ཀྲུང་གོ་བོད་ཀྱི་དྲ་བ།

སྙད་འདོགས་གཡོ་ལེན་གྱི་གནས་ཚུལ་ཐོན་ཚེ་ཅི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྙད་འདོགས་གཡོ་ལེན(碰瓷)ཞེས་བ་ནི་མ་རུང་བསམ་སྦྱོར་ངན་པས་བསྙད་འདོགས་རྒྱུ་འཕྲོག་གི་བྱ་སྤྱོད་ལ་ཟེར་ཞིང་། སྔོན་ཆད་གནའ་རྫས་རྫ་ཆས་སོགས་འཚོང་སྐབས། དུས་རྒྱུན་དུ་མ་རུང་ཁོག་བཅུག་གིས་གས་ཆག་ཤོར་སླ་བའི་རྫ་ཆས་ལམ་འགྲམ་དུ་བཞག་ནས་ལམ་འགྲོ་བས་སེམས་ཆུང་མ་བྱས་པར་བཅག་པར་ཁ་གཡར་ནས་རྒྱུ་དངོས་གཡོ་ལེན་བྱེད་པར་ཟེར། དེང་སང་རླངས་འཁོར་སོགས་ཀྱི་མདུན་དུ་མ་རྨས་རྨས་བདོག་གིས་རྒྱུ་དངོས་གཡོ་ལེན་བྱེད་པའི་རིགས་ལ་ཟེར། བྱ་སྤྱོད་འདི་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཅིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས། བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་གཏན་འབེབས་ལ་གཞིགས་ནས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《“སྙད་འདོགས་གཡོ་ལེན”གྱི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཡོད། 

ཁྱེད་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་སྙད་འདོགས་གཡོ་ལེན་གྱི་གནས་ཚུལ་ཐོན་ཚེ། གཤམ་གྱི་ཐག་གཅོད་བྱ་ཐབས་སྤྱོད་དགོས།

གལ་ཏེ་ཁྱེད་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་སྙད་འདོགས་གཡོ་ལེན་གྱི་གནས་ཚུལ་ཐོན་ཚེ། དུས་ཐོག་ཏུ་ཉེན་རྟོག་པར་ཁ་པར་གཏོང་དགོས་པ་ལས་རང་འདོད་ཀྱིས་ཐག་གཅོད་བྱ་མི་རུང་།

དུས་ཐོག་ཏུ་དངུལ་མི་སྤྲོད་པར་ཁྲིམས་འཛིན་མི་སྣ་ཡུལ་དངོས་སུ་འབྱོར་རྗེས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས།

དུས་ཐོག་ཏུ“བར་འདུམ་མི་སྣར”རློམ་མི་རུང་།

དུས་ཐོག་ཏུ་འཁོར་གཏོང་ཟིན་འགོད་ཡོ་ཆས་སྒྲིག་སྦྱོར་བྱེད་དགོས། དེ་རིན་གོང་མི་མཐོ་བ་དང་ཡུལ་དངོས་ཀྱི་དཔང་རྟགས་ལེན་ཐུབ།

ཁྲིམས་ལྟར་རླངས་འཁོར་སྐོར་དགོས་པ་དང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་ཤིང་། “སྙད་འདོགས་གཡོ་ལེན”མཁན་ལ་གཡོ་ལེན་བྱེད་པའི་གོ་སྐབས་སྤྲོད་མི་རུང་།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།