འཇིགས་སྐུལ་དང་དྲག་སྤྱོད་བྱ་འགུལ་ལ་རྡུང་རྡེག་ནན་མོ་བཏང་སྟེ། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་ཁག་ཐེག་བྱ་དགོས།

འཇིགས་སྐུལ་དང་དྲག་སྤྱོད་བྱ་འགུལ་ལ་རྡུང་རྡེག་ནན་མོ་བཏང་སྟེ། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་ཁག་ཐེག་བྱ་དགོས།

( རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིི་དམངས་ཀྱིས་འཇིགས་སྐུལ་འཇབ་རྒོལ་ལ་དོགས་ཟོན་བྱ་དགོས་པའི་དྲིལ་སྒྲོག་རི་མོ།)

 འཇིགས་སྐུལ་བར་ངོ་རྒོལ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་།  མི་དམངས་ཀྱི་ཁེ་ཕན།  ཁྱོན་ཡོངས་བཅོས་བསྒྱུར་དང་བརྟན་བརླིང་ཡོང་བར་འབྲེལ་བ་དམ་ཟབ་ཡོད་ལ།  ང་ཚོས་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བདེ་འཇགས།  དམངས་ཡོངས་བདེ་སྐྱིད་བསྐྲུན་ཆེད་ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་དྲག་རྡུང་དང་དྲག་གནོན་བྱས་ཏེ་འཇིགས་སྐུལ་བའི་ང་རྒྱལ་མ་མཐའ་གཅིག་ཏུ་གཞོམ་དགོས།  འཇིགས་སྐུལ་བར་ངོ་རྒོལ་བྱེད་པར་ཕྱོགས་གཅིག་ནས་མང་ཚོགས་ལ་བརྟེན་ནས་ཕྱོགས་བསྡུས་འགོག་བཅོས་བྱ་དགོས་པ་དང་ཕྱོགས་གཞན་ཞིག་ནས་རྒྱལ་གཅེས་ཆོས་ལུགས་མི་སྣའི་སྟོབས་ཤུགས་ལ་བརྟེན་ནས་དད་ལྡན་མང་ཚོགས་ལ་དྲང་ཕྱོགས་ཀྱི་སྣེ་ཁྲིད་དེ་ཆོས་ལུགས་ཐལ་སྤྱོད་ཀྱི་བསམ་བློ་སྤེལ་བར་སྔོན་འགོག་བཟང་པོ་བྱ་དགོས།  འཇིགས་སྐུལ་དྲག་སྤྱོད་བྱ་འགུལ་གྱིས་མི་ཆོས་དང་དྲང་བདེན་སོགས་རྩིས་མེད་དུ་བཏང་ནས་མིའི་རིགས་ཀྱི་དཔལ་ཡོན་ལ་འགྲན་སློང་གིན་ཡོད་པས་དེ་ནི་མི་རིགས་ཀྱི་གནད་དོན་མིན་ལ།  ཆོས་ལུགས་ཀྱི་གནད་དོན་ཡང་མིན་པར་རིགས་སོ་སོའི་མང་ཚོགས་ཀྱི་སྤྱི་དགྲ་ཡིན།  ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་བདེ་ལས་བྱེད་མི་སྣར་ཡིད་ཆེས་རྒྱབ་རྟེན་བྱས་ཏེ་ཁོ་ཚོ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱ་དགོས་པ་མ་ཟད།  གནས་བབ་གསར་བའི་འོག་གི་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་ཤུགས་བསྣོན་དགོས།  རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་ནས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་།  མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་གྱི་བསམ་བློ་ཇེ་བརྟན་དུ་བཏང་ནས་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་ཚད་མཐོར་གཏོང་དགོས།

གཅིག  དོགས་གཞི་ཅན་གྱི་མི་དང་འཕྲད་ན་ཇི་ལྟར་བྱ་དགོས་སམ།

ཀ   དངངས་འཚུབ་མི་སྐྱེ་བ་དང་ཕ་རོལ་བོ་ལ་ཤེས་ཚོར་བྱུང་དུ་མི་འཇུག་པ།

ཁ   མྱུར་ཏུ་སྤྱི་བདེ་ལས་ཁུངས་ལ་ཡར་ཞུ་བྱེད་པ།

ག   དོགས་གཞི་ཅན་གྱི་མིའི་གཟུགས་གཞིའི་ཁྱད་ཆོས་ཡིད་ལ་དམ་པོར་འཛིན་པ།

ང   རང་ལུས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ།

WechatIMG1297.jpeg

གཉིས།  ཁང་བ་བླ་མཁན་དེ་དོགས་ཡོད་མི་སྣ་ཡིན་མིན་ངོས་འཛིན་ཇི་ལྟར་བྱ་དགོས།

ཀ  ངལ་གསོ་བྱས་པ་རྒྱུན་ལྡན་མིན་པ།  ཉིན་མཚན་མེད་པར་སྒོར་འགྲོ་བ་དང་ངལ་གསོའི་དུས་ཚོད་གོ་ལྡོག་པ།

ཁ  ཁང་བའི་ནང་རྒྱུན་ལྡན་མིན་པ།  ཁང་བའི་ནང་དུ་རྒྱུན་ལྡན་མིན་པའི་སྒྲ་གྲགས་པ་དང་དྲི་མ་ཡོད་པ།

ག  གད་སྙིགས་རྒྱུན་ལྡན་མིན་པ།  འཚོ་བའི་གད་སྙིགས་མ་ཡིན་པའི་གད་སྙིགས་མང་བ།

ང  འགྲོ་འོངས་རྒྱུན་ལྡན་མིན་པ།  འགྲོ་འོངས་བྱེད་པའི་མི་སྣ་རྒྱུན་ལྡན་མིན་པ།

ཅ  དངོས་ཟོག་རྒྱུན་ལྡན་མིན་པ།  ཁང་བའི་ཉེ་འགྲམ་དུ་རྒྱུན་ལྡན་མིན་པའི་དངོས་ཟོག་སྤུང་ཡོད་པ།

WechatIMG1298.jpeg

 

གསུམ།  འགད་རྫས་སོགས་ཉེན་ཁ་ཅན་གྱི་དངོས་པོར་མ་རེག་པའི་སྔོན་ལ་ཇི་ལྟར་བྱ་དགོས་སམ།

ཀ  བལྟ་བ།  ཕྱི་ནས་ནང་དང་།  རྒྱང་ནས་འགྲམ།  གོང་ནས་འོག་བཅས་ལ་གསལ་བོར་ལྟ་ཞིབ་བྱས་ནས་དོགས་དངོས་དང་འགད་རྫས་སོགས་ཡོད་མེད་ལ་བལྟ་དགོས།

ཁ  ཉན་པ།  ལྷིང་འཇགས་ཀྱི་ཁོར་ཡུག་ནས་རྒྱུན་ལྡན་མིན་པའི་སྒྲ་གོ་མིན་ལ་གསན་བ།

ག  སྣོམ་པ།  མེ་རྫས་སོགས་ཀྱི་དྲི་མ་ཡོད་མེད་སྣོམ་པ།

WechatIMG1299.jpeg

 བཞི།  གྲི་དང་སྟ་རེ་སོགས་ཀྱིས་གསོད་རྩིས་བྱེད་པའི་འཇིགས་སྐུལ་འཇབ་རྒོལ་དང་འཕྲད་ན་ཇི་ལྟར་བྱ་དགོས་སམ།

ཀ  མྱུར་དུ་བྲོས་བྱོལ་བྱེད་པ།

ཁ  མྱུར་དུ་སྦས་སྐུང་བྱེད་པ།

ག  རང་སྲུང་དང་ཕྱིར་རྒོལ་བྱེད་པ།

ང  མྱུར་དུ་ཉེན་རྟོག་པར་ཞུ་གཏུགས་བྱེད་པ།

ཅ  སྲོག་སྐྱོབ་སྨན་བཅོས་བྱེད་པ།

ཆ  ཉེན་རྟོག་ཕྱོགས་ཀྱི་གྱོད་དོན་ཞིབ་བཤེར་ལ་རོགས་འདེགས་བྱེད་པ།

WechatIMG1300.jpeg

ལྔ།  རླངས་འཁོར་སྐོར་ཏེ་ཕུག་ལམ་བརྒྱུད་སྐབས་མེ་གཏོང་འཇིགས་སྐུལ་འཇབ་རྒོལ་དང་འཕྲད་ན་ཇི་ལྟར་བྱ་དགོས་སམ།

ཀ   དངངས་འཚུབ་མི་སྐྱེ་བར་ཉེན་གཡོལ་བྱེད་ས་བཙལ་བ།

ཁ   རླངས་འཁོར་ནང་ཏུ་ཉེན་གཡོལ་བྱེད་མི་རུང་།

ག   སྒོ་དམ་པོར་རྒྱབ་སྟེ་མེ་དང་དུ་བ་ཁྱབ་ཏུ་མི་འཇུག་པ།

WechatIMG1301.jpeg

དྲུག  སློབ་གྲྭའི་ནང་དུ་མེ་གཏོང་འཇིགས་སྐུལ་འཇབ་རྒོལ་ཐེབས་ཚེ་ཇི་ལྟར་བྱ་དགོས་སམ།

ཀ  དངངས་སྐྲག་སྐྱེས་ཏེ་གང་བྱུང་དུ་འདུར་རྒྱུགས་མི་བྱེད་པ།

ཁ  འབྲོ་ལམ་བཟང་པོ་འདེམ་པ།

ག  གོ་རིམ་ལྡན་པའི་ངང་མྱུར་དུ་ཕྱིར་འཐེན་བྱེད་པ།

ང  སྲུང་སྐྱོང་དང་ཉེན་བྱོལ་བྱེད་པ།

ཅ  གཏན་འཇགས་དངོས་པོར་འཇུས་ནས་དོན་རྐྱེན་འབྱུང་ས་དང་ཁ་འབྲལ་བ།  

WechatIMG1302.jpeg

བདུན།  སྤྱི་བའི་རོལ་རྩེད་ར་བར་མེ་གཏོང་འཇིགས་སྐུལ་འཇབ་རྒོལ་ཐེབས་ཚེ་ཇི་ལྟར་བྱ་དགོས་སམ།

ཀ  བདེ་འཇགས་འབུད་སྒོའི་ཁ་ཕྱོགས་གསལ་བོར་ཤེས་སུ་འཇུག་པ།

ཁ  འགྲོ་ལམ་གསལ་བོར་ཤེས་སུ་འཇུག་པ།

ག  མེ་དུད་ཆུང་བའི་སར་རོགས་སྐྱོར་བྱེད་པར་སྒུག་པ།

ང  དུ་དུག་ཕོག་པར་མཉམ་འཇོག་བྱེད་པ།

WechatIMG1303.jpeg

བརྒྱད།   སྤྱི་སྤྱོད་རླངས་འཁོར་སྟེང་དུ་འཇིགས་སྐུལ་འཇབ་རྒོལ་ཐེབས་ཚེ་ཇི་ལྟར་བྱ་དགོས་སམ།

ཀ  མེ་གསོད་པར་འབོད་སྐུལ་གཏོང་བ།

ཁ  མྱུར་དུ་རླངས་འཁོར་ལས་འབབ་པ།

ག  ཡང་དག་པའི་བྱེད་ཐབས་སྤྱད་དེ་མེ་གསོད་པ།

ང  ཉེན་རྟོག་པའི་རྩད་གཅོད་བྱ་བར་རོགས་འདེགས་བྱེད་པ།

WechatIMG1304.jpeg

དགུ  མི་ཚོགས་འདུ་སར་འཇིགས་སྐུལ་བའི་འཇབ་རྒོལ་ཐེབས་ཚེ་ཇི་ལྟར་བྱ་དགོས་སམ།

ཀ   ཁང་བའི་ཀ་བ་དང་རྡོ་རིང་།  རླངས་འཁོར་ཕྱོགས་སུ་སྦས་སྐོང་བྱེད་པ།

ཁ   མྱུར་ཏུ་སྤྱི་བདེ་ལས་ཁུངས་ལ་ཡར་ཞུ་བྱེད་པ།

ག   རང་སྲུང་དང་གཞན་སྐྱོབ་བྱེད་རྒྱུ།

ང  ཉེན་རྟོག་པའི་རྩད་གཅོད་བྱ་བར་རོགས་འདེགས་བྱེད་པ།

WechatIMG1305.jpeg

བཅུ།  མེ་འཁོར་ནང་ཏུ་མེ་གཏོང་འཇིགས་སྐུལ་འཇབ་རྒོལ་ཐེབས་ཚེ་ཇི་ལྟར་བྱ་དགོས་སམ།

ཀ   འཚུབ་ཆ་མི་ལངས་བར་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་གཏོང་བ།

ཁ   མེ་འཁོར་སྟེང་གི་ལས་བཟོ་བའི་བཀོད་འདོམས་ལ་ཉན་པ།

ག   བཀོད་འདོམས་ལ་ཉན་ནས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པ།

ང   རང་སྲུང་དང་གཞན་སྐྱོབ་བྱེད་པ།

WechatIMG1306.jpeg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།