ཀྲུང་གོ་བོད་ཀྱི་དྲ་བ།

གློག་མ་གཟིམ་པར་གཉིད་ན་ལུས་པོར་ཚོ་འབུད་སླ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་གསོ་རིག་མཐུན་ཚོགས་ཁོང་ནད་གསོ་རིག་དུས་དེབ་སྟེང་སྤེལ་བའི་ཆེས་གསར་བའི་ཞིབ་འཇུག་ལས་མངོན་པ་ལྟར་ན། གློག་མི་གཟིམ་པའམ་ཡང་ན་བརྙན་འཕྲིན་གྱི་ཁ་མ་བརྒྱབ་པར་གཉིད་པའི་གོམས་སྲོལ་ཆགས་ཡོད་པའི་བུད་མེད་ཀྱི་ལུས་པོར་ཚོ་འབུད་ཚད17%ཡིས་མཐོ་བ་དང་། གློག་མ་གཟིམ་པར་གཉིད་ལོག་པའི་གོམས་སྲོལ་གྱིས་ལུས་པོར་ཐེབས་པའི་གནོད་པ་ནི་ཚོ་འབུད་པ་ཁོ་ན་ཙམ་མ་ཡིན་ནོ།

གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བ།

དགོང་མོ་གློག་མ་གཟིམ་པར་གཉིད་ན་ལུས་སྟེང་གི་ཟགས་ཐོན་འཁྲུགས་ཏེ། མི་ལ་ཟང་ཟིང་ལང་ལོང་དང་སེམས་ཁམས་མི་བདེ་བའི་སྣང་བ་འབྱུང་སླ་ཞིང་། ངལ་ཞིང་དུབ་པའི་ཚོར་སྣང་བྱུང་སྟེ། གཉིད་སྐྱིད་པོ་ཞིག་རོལ་དཀའ་བ་དང་གཉིད་ཀྱི་སྤུས་ཀ་ཇེ་ཞན་དུ་སོང་ནས། དབང་རྩ་ཉམས་པ་དང་གཉིད་ཡལ་བའི་གནས་ཚུལ་འབྱུང་སྲིད། འོད་ལམ་ལམ་དུ་འཚེར་བའི་བརྙན་འཕྲིན་དང་གློག་ཀླད་ཀྱི་བརྙན་ཡོལ་གྱིས་ཀླད་པར་ངར་ལངས་སུ་བཅུག་སྟེ། གཉིད་སྐྱིད་པོ་རོལ་བར་གནོད་འཚེ་ཐེབས་སྲིད།

མིག་ཤུགས་ལ་གནོད་པ།

དགོང་མོ་གློག་མ་གཟིམ་པར་གཉིད་ན་མིག་གི་རྒྱལ་མོ་ལྷོད་གཡེང་དང་ངལ་གསོ་ལེགས་པོ་བྱེད་མི་ཐུབ་པར། འོད་སྣང་གིས་མིག་ལ་ཕོག་ཐུག་བར་མེད་དུ་གཏོང་ངེས་པས། མིག་མཐའི་ཤ་གནད་དང་དབང་རྩ་དུས་ཡུན་རིང་བོར་དམ་པོར་གནས་ཡོད་པའི་དབང་གིས། རྒྱང་སྒྲིབ་ནད་ཕོག་པ་དང་མཐོང་བྱེད་དྲ་སྐྱི་ལ་གནོད་འཚེ་ཐེབས་པ་དང་། ཐ་ན་མིག་ནད་ལིང་ཏོག་འབྱུང་བའི་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་སྲིད།

འབྲས་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ།

ནག་འདོར་རྒྱུ་ཡིས་མི་ལུས་ལ་ཕན་ནུས་བླ་ན་མེད་པ་འདོན་གྱིན་ཡོད་དེ། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་སྙིང་གི་ལྡིང་ཚད་ལ་གནོད་པ་མ་ཟད། ང་ཚོའི་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་། འབྲས་ནད་ཕྲ་ཕུང་འཇོམས་པའི་ནུས་པའང་ལྡན། གལ་ཏེ་ནག་འདོར་རྒྱུ་ཟགས་ཐོན་བྱེད་པར་ཚད་བཀག་ཐེབས་ན། ལུས་སྟེང་གི་འབྲས་ནད་ཕྲ་ཕུང་དང་སྐྲན་ནད་ཕྲ་ཕུང་གས་འགྱུར་འཚར་སྐྱེ་འབྱུང་སྲིད་པས། འབྲས་ནད་འབྱུང་བའི་ཚད་ཇེ་མཐོར་འགྲོ་སྲིད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།