ཀྲུང་གོ་བོད་ཀྱི་དྲ་བ།

འགྲུལ་པ་མང་དུས་ཕ་མས་བྱིས་པར་ཇི་ལྟར་དོ་དམ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕ་མས་དུས་རྒྱུན་དུ་བྱིས་པར་འདུག་རོགས་བྱས་ནས་གཅེས་སྐྱོང་བྱེད་དགོས། བྱིས་དུས་ཀྱི་ལོ་ཟླ་ནི་སྐད་ཅིག་ཉིད་དུ་ཡལ་འགྲོ་བས། ཕ་མ་གཉིས་ཀྱིས་གཅེས་སྐྱོང་ཡག་པོ་གནང་སྟེ། ཐོབ་དཀའ་བའི་དུས་ཚོད་འདི་ལོངས་སྤྱོད་ཡག་པོ་བྱེད་དགོས།

དུས་རྒྱུན་དུ་བྱིས་པར་གུ་ཡངས་དང་རང་དབང་གི་འཚར་ལོངས་འབྱུང་སའི་ཁོར་ཡུག་ཅིག་འདོན་སྤྲོད་གང་ཐུབ་བྱེད་པ་ལས། ཕྲུ་གུར་བཀག་རྒྱ་མང་དུ་བཟོ་མི་རུང་ཞིང་། བྱིས་པའི་བདེ་ཐང་དང་བདེ་འཇགས་ལ་གནོད་འཚེ་མི་ཐེབས་པའི་གནས་ཚུལ་འོག་བྱིས་པར་ཚད་ལས་བརྒལ་ཏེ་གཅུན་འདོམས་བྱེད་མི་རུང་།

འགྲུལ་པ་མ་ཐོན་པའི་སྔོན་ལ། བྱིས་པར་དེ་རིང་འགྲུལ་པ་སུ་ཡིན་པ་དང་། དུས་ནམ་ཞིག་ཏུ་བསླེབ་ཡོང་བ་སོགས་ཀྱི་གནས་ཚུལ་ཤེས་སུ་བཅུག་རྗེས། བྱིས་པར་འགྲུལ་པ་སྣེ་ལེན་བྱེད་པའི་བྱ་བ་མཚམས་སྦྱོར་བྱེད་པའམ་ཡང་ན་དངོས་པོ་དང་ལེན་དང་འགྲུལ་པ་སྣེ་ལེན་བྱེད་པའི་སྐབས་ཀྱི་གུས་ཞབས་སྐོར་ནས་གསལ་འགྲེལ་བྱས་ཏེ། བྱིས་པར་འགྲུལ་པ་སྣེ་ལེན་བྱེད་པའི་ཐད་ནས་བསམ་བློ་བརྗེ་རེས་བྱེད་དགོས། དཔེར་ན། བྱིས་པར་ཁྱོད་ནི་མི་ཡ་རབས་གུས་ལུགས་ཅན་ཞིག་ཡིན་པས་ཨ་ཕ་དང་ཨ་མ་གཉིས་ཀྱིས་ཁྱོད་ཀྱིས་འགྲུལ་པ་སྣེ་ལེན་བཟང་པོ་བྱེད་པར་ཡིད་ཆེས་ཡོད་ཅེས་བཤད་དགོས།

འགྲུལ་པ་ཐོན་རྗེས། བྱིས་པར་འགྲུལ་པར་འདྲུད་ལྷམ་སྟེར་དུ་འཇུག་པའམ་ལག་ནས་དངོས་པོ་ལེན་པ། སིལ་ཏོག་ཁྱེར་ཡོང་བ་སོགས་ཀྱི་ལས་ཀ་ལས་སུ་བཅུག་ནས། བྱིས་པའི་སེམས་སུ་རང་ཉིད་ནི་ཁྱིམ་ཚང་གི་ཁྱིམ་མི་དང་། ཕ་མར་ལས་རོགས་བྱེད་ཐུབ་པའི་གཅེས་ཕྲུག་ཅིག་ཡིན་པ་ཤེས་སུ་འཇུག་དགོས། གལ་ཏེ་བྱིས་པ་ནི་མི་དགའ་སྤྲོ་ཅན་ཞིག་ཡིན་ཚེ་འགྲུལ་པ་ཐོན་དུས་རྩེད་མོ་རྩེ་བ་དང་གླུ་དབྱངས་ལེན་དུ་བཅུག་ནས་བྱིས་པའི་འཇོན་ནུས་སྐྱེད་སྲིང་བྱེད་དགོས།

ཕ་མས་མཉམ་འཇོག་བྱེད་དགོས་པ་ཞིག་ནི། འགྲུལ་པའི་སྔུན་དུ་བྱིས་པའི་བྱ་བྱེད་ལ་དེ་འདྲའི་དོ་སྣང་བྱེད་མི་རུང་སྟེ། དཔེར་ན་འགྲུལ་པ་ཡོད་དུས་བྱིས་པས་ཕ་མའི་ཁར་མི་ཉན་པ་ལྟ་བུའི་སྣང་ཚུལ་བྱུང་ན་མ་མཐོང་མ་རིག་ཁུལ་བྱེད་པ་ལས་དེར་ཚད་ལས་བརྒལ་ཏེ་ཐེ་གཏོགས་བྱེད་མི་རུང་། དུས་མཚུངས་སུ་འགྲུལ་པར་བྱིས་པའི་བྱ་སྤྱོད་མི་ལེགས་པ་མ་མཐོང་ཁུལ་བྱེད་དུ་བཅུག་ན་བྱིས་པས་ཀྱང་བསྟུད་མར་བྱ་སྤྱོད་མི་ལེགས་པ་སྟོན་མི་སྲིད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།