ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་གཅེས་ལང་སྟེག་པར་དགའ་བའི་རྒྱུ་མཚན་ཅི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕ་མས་བྱིས་པ་རྒྱ་ཡན་དུ་བཏང་དྲགས་པ། བྱིས་པ་འཇིག་རྟེན་འདིར་འོངས་པ་ནས་བཟུང་ཕ་མར་སྤོབས་སེམས་ཀྱིས་བརྟས་པ་དང་མཉམ་དུ་རང་ཉིད་ཀྱིས་བྱིས་པའི་བདེ་འཇགས་དང་བདེ་སྐྱིད་ལ་འགན་འཁུར་དགོས་པའི་འདུ་ཤེས་དྲག་པོ་ཞིག་ཀྱང་སྐྱེས་སྲིད། ཁོང་ཚོས་རང་ཉིད་ཀྱི་བདེ་སྐྱིད་དང་ཁེ་ཕན་ཡོད་ཚད་བྱིས་པའི་རེ་བའི་ཐད་ལ་བསྟུན་གྱིན་ཡོད། བུ་ཕྲུག་གཅིག་ལས་མེད་པའི་ཁྱིམ་ཚང་དུ་ཕ་མ་གཉིས་ཀྱི་བརྩེ་བ་དང་རེ་བ་ཆེན་པོ་བྱིས་པ་དེ་ཁོ་ནའི་སྟེང་དུ་འཛིན་གྱིན་ཡོད། དེ་ལྟར་ཕ་མས་བྱིས་པར་གཅེས་པ་ཚད་ལས་བརྒལ་བའི་རྐྱེན་གྱིས་བྱིས་པ་ལང་ཤོར་ལ་སོང་སྟེ་རང་ཉིད་ལ་དགོས་འདོད་ཅི་འབྱུང་ཞིག་ཡོང་ཐུབ་པར་སྙམ་ཡོད།

བྱིས་པར་བསམ་ཚུལ་བརྟན་འཇགས་མིན་པའི་རང་བཞིན་ལྡན་པས། རང་ཉིད་ཀྱི་བརྩེ་དུང་ཚོད་འཛིན་བྱེད་དཀའ་བ་རེད། ཞིབ་འཇུག་ལས་གསལ་བཤད་བྱས་པ་ལྟར་ན། བྱིས་པ་ལོ6ལ་མ་སོན་པའི་སྔོན་ལ། ཁོ་ཚོའི་བསམ་གཞིགས་དང་བྱ་སྤྱོད་ཚང་མ་ཚོད་འཛིན་བྱེད་དཀའ་བ་རེད། བྱིས་པའི་བསམ་ཚུལ་ལ་ད་དུང་ཕྱི་ཚུལ་གྱི་རང་བཞིན་ལྡན་པ་དང་། ཁོ་ཚོའི་དགའ་སྐྱོ་ཆགས་སྡང་ཚང་མ་གདོང་གི་རྣམ་འགྱུར་ལས་ཤེས་ཐུབ་སྟེ། དེར་ཚོད་འཛིན་དང་གཡོལ་འགེབས་སྤུ་ཙམ་ཡང་བྱེད་མི་ཐུབ། བྱིས་པའི་སེམས་ཁམས་ལ་གཡོ་འགུལ་ཆེན་པོ་ཐེབས་པའི་སྐབས་སུ། ཁོ་ཚོས་རང་ཉིད་ལ་ཚོད་འཛིན་རྩ་བ་ནས་བྱེད་མི་ཐུབ་པར་སྐད་ཅོར་ཆེན་པོ་བརྒྱབ་ནས་དུས་ཡུན་ཐུང་ངུའི་ནང་ལྷིང་འཇགས་ཡོང་དཀའ་བ་རེད། དེའི་སྐབས་སུ། གལ་ཏེ་ཁྱིམ་བདག་གིས་ཁོ་ཚོར་ངུ་འབོད་བྱེད་མི་རུང་བ་སོགས་ཀྱི་རེ་བ་འདོན་པ་ནི་གོ་ཅི་ཡང་མི་ཆོད་པའི་བྱ་སྤྱོད་ཅིག་གོ།

བྱིས་པས་རང་ཚུགས་ཐུབ་པར་བྲེལ་བ། རང་ཚུགས་ཐུབ་པ་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཕ་མ་དང་ཁ་བྲལ་ནས་རང་ཉིད་སྒེར་ཚུགས་ཅན་ཞིག་ཏུ་འགྱུར་བར་བསྟན་ཞིང་། ཕ་མ་མང་ཆེ་བ་ཞིག་གི་སེམས་སུ་བྱིས་པ་རིམ་བཞིན་ནར་སོན་ནས་འཚོ་བར་རང་མགོ་འཁྱོངས་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། རིམ་བཞིན་རང་རྐྱ་འཕེར་བའི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པར་རེ་བ་ཆེན་པོ་བཅངས་ཡོད། རང་ཚུགས་ཐུབ་པར་དུས་ཚོད་ངེས་ཅན་ཞིག་དགོས་པས་ཕ་མ་ཚོ་བྲེལ་བ་ལངས་མི་རུང་། བྱིས་པས་ཕ་མ་མཚན་གཅིག་རིང་འགྱུར་ལྡོག་བྱུང་བ་ཤེས་རྗེས། ཁོ་ཚོའི་སེམས་སུ་ཕ་མ་རང་ལ་མི་དགའ་བར་སྙམ་ནས་ཕ་མའི་བརྩེ་བ་ཤོར་བར་སྐྲག་སྟེ། གཅེས་ལང་སྟེག་པའི་བྱེད་ཐབས་ལ་བརྟེན་ནས་ཕ་མར་དོ་སྣང་བྱེད་དུ་འཇུག་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།