ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པའི་འདོད་བློ་མ་ཚིམ་པར་ངུ་བའི་སྐབས་སུ་ཇི་ལྟར་བྱ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པའི་རེ་འདོད་ལུགས་མཐུན་འོས་འཚམ་ཡིན་ན་བྱིས་པ་མ་ངུས་པའི་སྔོན་ལ་རེ་འདོད་བསྐང་ཅི་ཐུབ་བྱས་ན་བཟང་། བྱིས་པའི་རེ་འདོད་དེ་ལུགས་དང་མི་མཐུན་ན་བྱིས་པ་ངུས་ཀྱང་རེ་འདོད་བསྐང་མི་རུང་། དམིགས་བསལ་གྱིས་གསལ་འདེབས་བྱ་རྒྱུ་ནི། རེ་འདོད་ལུགས་དང་མི་མཐུན་པའི་བྱིས་པ་ཚོ་ངུ་ཤུམ་ཆེན་པོ་བྱས་ཀྱང་སེམས་གསོ་དང་ཁ་ཡག་བཤད་པ་ལས་རེ་བ་སྐོང་མི་རུང་།

བློ་ཁ་བསྒྱུར་བ། བྱིས་པ་རྣམས་ནི་སེམས་པ་སྐྱིད་པའི་དོན་དང་འཕྲད་ཚེ་སེམས་ནང་གི་མི་སྐྱིད་པའི་དོན་དག་མྱུར་དུ་བརྗེད་འགྲོ་བ་ཞིག་ཡིན་པས། གླགས་དེ་དང་བསྟུན་ནས་མགྱོགས་མྱུར་གྱིས་བློ་ཁ་བསྒྱུར་རྒྱུ་ནི་ཚོད་ལྟའི་བྱེད་ཐབས་ལེགས་པོ་ཞིག་རེད།

བྱིས་པ་ཅུང་ཙམ་ངུ་རུ་བཅུག་རྗེས་ཐག་གཅོད་བྱེད་པ། སེམས་ལ་འཚུབ་ཆ་མི་ལངས་པར་རྒྱུན་ལྡན་ལྟར་དང་ལེན་བྱེད་དགོས། དུས་ཡུན་ཐུང་ངུའི་ནང་བྱིས་པ་ངུ་རུ་འཇུག་དགོས་ལ། བྱིས་པ་མང་ཆེ་བ་ངུ་བའི་སྐབས་སུ་ཁྱིམ་བདག་གིས་དོ་སྣང་བྱེད་ཀྱིན་མེད་པ་མཐོང་ཚེ་ངུ་མཚམས་འཇོག་པ་རེད། ང་ཚོས་སྐབས་དེ་དང་བསྟུན་ནས་བྱེད་ཐབས་སྤྱད་དེ་བྱིས་པར་ངུ་བའི་དོན་དེ་བརྗེད་དུ་འཇུག་དགོས། བྱིས་པ་ཁྲིད་ནས་སྲང་ལམ་དུ་འཆམ་འཆམ་ལ་འགྲོ་བ་དང་། ཁྱིམ་མཚེས་དང་ཤ་ཉེ་རིང་ཚང་ལ་འགྲོ་དུས་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱུན་ལྡན་ལྟར་དང་ལེན་བྱས་ཚེ་བྱིས་པའི་རང་གཤིས་ཀྱང་སྔར་བཞིན་བབ་ཆགས་ཡིན།

ངུ་མཚམས་མི་འཇོག་པའི་སྐབས་སུ་མི་བརྗེས་ནས་བྱིས་པར་བྱམས་སྐྱོང་བྱེད་པ། སེམས་པ་སྐྱིད་པོ་མ་བྱུང་བར་དུས་ཡུན་རིང་པོར་ངུ་མཚམས་འཇོག་དཀའ་བའི་བྱིས་པར་ཁྱིམ་བདག་གིས་ཀྱང་སྣང་འཇོག་མི་བྱེད་ས་མི་འགྲོ་བས། མི་བརྗེས་ནས་སེམས་གསོ་བྱས་ཏེ་བྱིས་པར་རྒྱབ་ཕྱོགས་ན་བྱམས་སྐྱོང་བྱེད་མཁན་མང་པོ་ཡོད་པ་ཤེས་སུ་བཅུག་ནའང་ངུ་མཚམས་འཇོག་པར་ཕན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།